རྒྱལ་ཁབ་ཀྱི་དོན་ཆེན་བློ་ལ་བཅངས་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་མུ་མཐུད་དུ་བསྐྲུན་དགོས།
2024.01.24 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 16

སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་རྒྱུ་ནི་མཚོ་སྔོན་གྱིས་སྐྱེ་ཁམས་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་དམིགས་འབེན་གལ་ཆེན་ཞིག་ཡིན། མཚོ་སྔོན་གྱི་སྐྱེ་ཁམས་གོ་གནས་དམིགས་བསལ་དང་གལ་ཆེ་བས། ངེས་པར་དུ་སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་དེ་འགན་འཁྲི་ཆེ་ཤོས་སུ་བརྩིས་ནས། ཐོག་མཐའ་བར་གསུམ་དུ་བློ་བརྟན་འགྱུར་མེད་དང་རང་རྟོགས་སྒོས་སྐྱེ་ཁམས་སྲུང་སྐྱོབ་སྔོན་ལ་འཇོག་པ་རྒྱུན་འཁྱོངས་བྱས་ཏེ།  སྐྱེ་ཁམས་ཐོན་སྐྱེད་དང་འཚོ་བ་ཇེ་ལེགས་སུ་གཏོང་བའི་འཁོར་རྒྱུག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་བ། མི་དང་རང་བྱུང་ཁམས་ཀྱི་ཚེ་སྲོག་གཅིག་མཐུན་ཚོགས་པ་ཧུར་ཐག་གིས་འཛུགས་པ་བཅས་བྱས་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་བྱེད་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ཏུ་ལེན་དགོས།

ཇི་ལྟར་བྱས་ནས་ཞིང་ཆེན་གྱི་གནས་ཚུལ་ལ་གཞི་ཚུགས་ཏེ།  མདོ་དབུས་མཐོ་སྒང་དེ་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་སར་བསྐྲུན་རྒྱུ་དེ་འཐུས་མི་དང་ཨུ་ཡོན་ཚོའི་གླེང་གཞི་གཙོ་བོར་གྱུར་ཡོད།

མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི།  ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་གི་ཏང་ཨུའི་ཧྲུའུ་ཅི་ཐན་ཧྲིན་གྱིས་བཤད་རྒྱུར། “ འགོ་ཁུངས་ཁྲོད་ཀྱི་འགོ་ཁུངས་དང་། མཐོ་སའི་ཁྲོད་ཀྱི་མཐོ་ས ”ཡིན་པའི་ཆ་ནས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་པར་ནུས་ཤུགས་འདོན་རྒྱུ་ནི།   ཆུ་དམར་ལེབ་རྫོང་གིས་སྐྱེ་ཁམས་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བ་ནི་འགན་འཁྲི་ཡིན་ལ།  “ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོབ་ཡག་པོ་བྱེད་པར་ངེས་པར་དུ་ཕྲག་ཏུ་ལེན་དགོས་པའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་ཀྱང་ཡིན།  ཏང་ཡོན་ལས་བྱེད་པས་སྐྱེ་ཁམས་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུར་ཁྲིད་སྟོན་བྱས་ཏེ། གོ་རྟོགས་སད་པའི་བསམ་བློའི་ཁྲོད་དུ་དྲིས་ལན་འདེབས་སྟངས་འཚོལ་ཞིབ་དང་། ཞིབ་ཕྲའི་ལག་ལེན་ཁྲོད་དུ་བསམ་བློར་ཞིབ་བསྡུར་བྱས་ནས་གནད་དོན་ལ་བསམ་གཞིག་དང་ལག་ལེན་གཏིང་ཟབ་ཏུ་གཏོང་དགོས་པ་དང་།  བརྒྱུད་རིམ་ལྡན་པའི་ངང་བཅོས་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱས་ཏེ།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་། བྱེ་མ། འཁྱགས་རོམ་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་ལས་གཞི་ཤུགས་ཆེན་པོས་ལག་བསྟར་བྱས་ནས། རང་བྱུང་སྐྱེ་ཁམས་མ་ལག་སྲུང་སྐྱོབ་དང་སླར་གསོ། ཉམས་གསོ་བཅས་བྱེད་པ་དང་།  ཕྱོགས་ཡོངས་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་གྱི་སྐྱེ་ཁམས་རྨང་གཞི་སྲ་བརྟན་དུ་གཏོང་དགོས་པ་མ་ཟད། ད་དུང་སྐྱེ་ཁམས་དམངས་ཕན་རྒྱུན་འཁྱོངས་བྱས་ནས་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཕྱོགས་བསྡུས་ཁ་གསབ་ལམ་ལུགས་འཐུས་ཚང་དང་དོན་འཁྱོལ་བྱེད་པ། སྤྱི་པའི་ཞབས་ཞུ་དང་སྡེ་ཁུལ་འཕེལ་རྒྱས་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པ་ཇེ་མགྱོགས་སུ་གཏོང་བ། ཞིང་ཆེན་དང་ཁུལ་རིམ་པའི་ཐད་ནས་རྒྱུན་མཐུད་ངང《རྩྭ་ཕྱུགས་དོ་སྙོམས་སྲོལ་ཡིག》དང《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲོལ་ཡིག》སོགས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁྲིམས་སྐྱོང་གཞི་འཛིན་ས་ཞིབ་འཇུག་གཏན་འཁེལ་བྱས་ནས།  སྐྱེ་ཁམས་ཁྲིམས་སྐྱོང་གི་རྣམ་པ་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་གཏོང་བ་དང་། རིག་གནས་གསར་སྐྲུན་དེ་མུ་མཐུད་དུ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ནང་གནས་ཀྱི་བླང་བྱར་བརྩིས་ནས། ལྗང་མདོག་ཐཱན་ཉུང་གི་སྤྱི་ཚོགས་བྱ་སྤྱོད་ཀྱི་དཔེ་སྟོན་གསར་འཛུགས་བྱེད་པ་དང་། ས་ཁོངས་ཡོངས་སུ་གད་སྙིགས་མེད་པ་དང་སྙིགས་རོ་ཉུང་གཏོང་དང་མེད་པར་བཟོ་བའི་ཆེད་དོན་བྱ་སྤྱོད་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས་ཟེར།

མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ།  རྫོང་དཔོན་ཀང་ཧྥུའུ་ཡིས་བཤད་རྒྱུར།  སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་ནི་ཐོན་སྐྱེད་ནུས་ཤུགས་ལ་སྲུང་སྐྱོབ་བྱེད་པ་ཡིན་ལ། སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་ནི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སུ་གཏོང་བ་དེ་ཡིན།  ཧི་ནན་རྫོང་གིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་པ་དང“རི་ཆུ་རྨ་ལྷོ”གཏོད་པའི་འཐབ་ཇུས་དམིགས་འབེན་གཞིར་བཟུང་སྟེ།  ཕྱོགས་ཡོངས་དང་། ས་ཁོངས་ཡོངས། བརྒྱུད་རིམ་ཧྲིལ་པོ་བཅས་ཀྱི་ཐོག་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་བཏང་ནས།   སྔ་རྗེས་སུ《སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྲོལ་ཡིག》དང《རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་བྱ་དགའི་དོ་དམ་བྱེད་ཐབས》སོགས་ལམ་ལུགས་དང་བྱེད་ཐབས10ལྷག་བཟོས་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ལམ་ལུགས་མ་ལག་གི་འདེགས་སྐྱོར་ནུས་ལྡན་བྱས་པ་དང་། དུས་ཡུན་རིང་པོར་གད་སྙིགས་དང་ཆུ་བོ་བཅོས་སྐྱོང་དང་གནོད་འགོག་བཅས་ཀྱི་བྱེད་ཐབས་སྣ་མང་མཉམ་སྤྱོད་ཀྱི་སྐྱེ་ཁམས་བཅོས་སྐྱོང་དཔེ་དབྱིབས་རྒྱུན་འཁྱོངས་བྱས་ནས། ལོ་རེའི་དགུན་དཔྱིད་གཉིས་ཀྱི་དུས་སུ་དུས་ཐོག་ཏུ་ཨ་བྲ་གསོད་པའི་བྱ་སྤྱོད་སྤེལ་ཏེ།  ནམ་མཁའ་སྔོ་ཞིང་ཆུ་མོ་དྭངས་བ། རྩྭ་ཐང་མཛེས་སྡུག་ལྡན་པ་བཅས་ཡོང་བར་འགན་ལེན་བྱས་ཤིང་། ཚན་ཞིབ་གཞན་སྒྱུར་ཐད་སྤྲིན་རྩིས་དང་། ཟོག་འབྲེལ་དྲ་རྒྱ། གཞི་གྲངས་ཆེན་མོ། མིས་བཟོས་རིག་ནུས་སོགས་ལག་རྩལ་གསར་པར་བརྟེན་ནས།  སྐྱེ་ཁམས་ཐོན་ཁུངས་ལུགས་མཐུན་ངང་སྲུང་སྐྱོབ་དང་བེད་སྤྱོད་བྱེད་པར་ཚན་རྩལ་གྱི་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་པ་དང་།  རྫོང་རིམ་པའི་ལས་བྱེད་པའི་རྩྭ་ཐང་གི་སྐྱེ་ཁམས་བཅོས་སྐྱོང་འགན་འཁྲིའི་ལམ་ལུགས་གསར་གཏོད་དང་། ཚན་རིག་དང་མཐུན་པར་བཅོས་སྐྱོང་བྱས་པ་བརྒྱུད། རྩྭ་ཐང་གི་སྐྱེ་ཁམས་ཞན་འགྱུར་བཀག་འགོག་ནུས་ལྡན་བྱུང་ཡོད།  སྐྱེ་ཁམས་དཔལ་ཡོན་སྐོར་གྱི་སློབ་གསོར་སྔར་ལས་ཤུགས་སྣོན་དང་། སྐྱེ་ཁམས་བྱ་བའི་འགན་འཁྲིའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། སྐྱེ་ཁམས་ཕྱོགས་བསྡུས་ཀྱིས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཐོན་ལས་འཕེལ་རྒྱས་གཏོང་སྟངས་ལེགས་འགྱུར་བྱེད་པ། དྲིལ་བསྒྲགས་དང་ཁྲིད་སྟོན་བྱེད་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ཏེ།  སྤྱི་ཚོགས་ཡོངས་ཀྱི་མི་ཚང་མ་ཟབ་ཞུགས་དང་བཅོས་སྐྱོང་། ཚང་མས་མཉམ་སྤྱོད་བཅས་བྱེད་པའི་རྣམ་པ་གསར་པར་སྐུལ་འདེད་གཏོང་དགོས་ཟེར།

ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན། དགུ་གསུམ་སློབ་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཀྲུའུ་ཁྲུང་ཡུན་གྱིས་བཤད་རྒྱུར། མིག་སྔར། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཁྲོད“རང་བྱུང་སྐྱེ་ཁམས་སྲུང་སྐྱོབ་གཙོ་བོར་འཛིན་པ་དང་། སྐྱེ་ཁམས་རིག་གནས་ཞིབ་འཇུག་ཕལ་བར་འཇོག་པ”དང་“ཆེད་ལས་ཚན་ཁག་གི་ཞིབ་ཚགས་ཅན་གྱི་གཞུང་ཕྱོགས་ཞིབ་འཇུག་གཙོ་བོར་འཛིན་པ་དང་། བསླབ་ཚན་བར་གྱི་འབྲེལ་མཐུད་རང་བཞིན་གྱི་འཕྲེད་ཕྱོགས་འཚོལ་ཞིབ་ཕལ་བར་འཛིན་པའི” ཞན་ཆ་ཆེན་པོ་གཉིས་ད་དུང་གནས་ཡོད་པས། སྐྱེ་ཁམས་ཉམས་གསོའི་བཟོ་སྐྲུན་ཐད་མ་དངུལ་གཏོང་བའི་མ་རྩ་མཐོ་བ་དང་ཕན་འབྲས་བརྟན་པོ་ཡོང་དཀའ་བས། སྲུང་སྐྱོབ་དང་འཕེལ་རྒྱས་གཅིག་གྱུར་ཡོང་དཀའ་བའི་དངོས་ཡོད་གནད་དོན་གནས་ཡོད་པ་རེད། དེ་བས། སྔོན་ལ་རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་བྱེ་མ་འཁྱག་རོམ་བཅས་ཀྱི་སྐྱེ་ཁམས་མ་ལག་གི་མཐུན་སྦྱོར་རང་བཞིན་དང་སྤྱི་ཡོངས་རང་བཞིན་གྱི་ཞིབ་འཇུག་ལ་ཤུགས་སྣོན་དགོས། གནམ་གཤིས་དང་། ཁོར་ཡུག་སྲུང་སྐྱོབ། ཆུ་དཔྱད། ས་གཤིས། ནགས་རྩྭ། ཞིང་ཕྱུགས་སོགས་ལས་རིགས་ཀྱི་ལྟ་ཞིབ་ཚད་ལེན་མ་ལག་སྡེབ་སྒྲིག་དང་། རིག་ནུས་ལྟ་ཞིབ་ཚད་ལེན་སྟེགས་བུ་ཇེ་མང་དུ་གཏོང་བ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་གཞི་གྲངས་ཆེན་པོའི་སྟེགས་བུ་གཅིག་གྱུར་སྒོས་འཛུགས་པ་བཅས་བྱས་ཏེ། བསླབ་ཚན་ཞིབ་འཇུག་ལས་བརྒལ་བ་དང་ཞིབ་འཇུག་ལ་མཐུན་སྦྱོར་བྱེད་པར་རྨང་གཞི་གཏོང་དགོས། དེ་དང་ཆབས་ཅིག མཉམ་འབྲེལ་འགག་སྒྲོལ་དང་། ཁ་གཏད་རོགས་སྐྱོར་སོགས་ཀྱི་རྐྱེན་སྲོལ་བརྒྱུད་དེ་མཐོ་རིམ་ཚན་རིག་ཞིབ་འཇུག་གི་སྟོབས་ཤུགས་སྐུལ་སློང་བྱས་ནས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་མ་ལག་སོ་སོའི་རང་སྟེང་གི་རྨང་གཞིའི་རང་བཞིན་གྱི་ཞིབ་འཇུག་དང་མ་ལག་བར་གྱི་སྤྱི་ཡོངས་རང་བཞིན་གྱི་ཞིབ་འཇུག་ལ་ཤུགས་སྣོན་དགོས། དེའི་འཕྲོར་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་རིག་གནས་རིག་པའི་ཞིབ་འཇུག་ལ་མཐོང་ཆེན་བྱེད་དགོས། མདོ་དབུས་མཐོ་སྒང་གི་འཇིག་རྟེན་པའི་བཅའ་ཁྲིམས་དང་། རང་བྱུང་འཛེམ་བྱ། ཁ་ཆད་གཏན་འཁེལ། དམིགས་བསལ་དུ་ཡོད་པའི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་ཁྲོད་ཀྱི་བབ་ཆགས་པའི་སྐྱེ་ཁམས་འཆམ་མཐུན་གྱི་རྒྱུ་རྐྱེན་སྔོག་འདོན་ཟབ་མོ་བྱས་ནས་སྲོལ་རྒྱུན་རིག་གནས་ཁྲོད་ཁྱབ་པའི་སྐྱེ་ཁམས་མི་ཆོས་དང་། རིན་ཐང་འཚོལ་སྙེག སྐྱེ་ཁམས་འཆམ་མཐུན་གྱི་འདུ་ཤེས་འཚོལ་ཞིབ་ཟབ་མོ་བྱེད་དགོས། མདོ་དབུས་མཐོ་སྒང་ལ་ཁྱད་དུ་ལྡན་པའི་སྐྱེ་ཁམས་རིག་གནས་དང་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་ལ་བརྟེན་ནས་སྐྱེ་ཁམས་དང་རིག་གནས་ལ་སྔར་ལས་ཤུགས་སྣོན་པ་དང་། རིག་གཞུང་དང་སྲིད་ཇུས་མཉམ་འགུལ་ལ་ཤུགས་སྣོན་པ། མཐུན་སྦྱོར་གསར་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ལམ་ལུགས་ཇུས་འགོད་ཀྱི་གནད་འཁེལ་རང་བཞིན་དང་ཚན་རིག་ཞིབ་འཇུག་གི་དམིགས་གཏད་རང་བཞིན་ཆེ་རུ་གཏོང་དགོས། མཇུག་མཐར། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་རིག་གནས་བསླབ་ཚན་མ་ལག་བསྐྲུན་དགོས། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་རིག་གནས་ཞིབ་འཇུག་ཁང་འཛུགས་པ་དང་། གཙོ་གནད་ཚན་རིག་ཞིབ་འཇུག་གི་འགག་སྒྲོལ་འཆར་གཞི་བཟོ་བ། བསླབ་ཚན་གཞུང་ལུགས་མ་ལག་དང་ཤེས་བྱའི་སྒྲོམ་གཞི་མ་ལག་བསྐྲུན་དགོས། མཚོ་སྔོན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་དུ་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་རིག་གནས་བསླབ་ཚན་བསྐྲུན་ནས་མཐོ་སྒང་གི་ཁྱད་ཆོས་དང་ས་གནས་རང་གི་ཁྱད་སྟོབས་ལྡན་པའི་བསླབ་ཚན་མ་ལག་ཞིག་བསྐྲུན་དགོས་ཟེར།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད། ཚེ་རིང་སྒྲོལ་མ།