ཆི་ལེན་རྫོང་གིས་སྡེ་སྡོད་བྱ་བ་མང་ཚོགས་ཀྱི་སེམས་སུ་བཞག་ཡོད།
2024.02.02 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 9

བྱ་བར་ཞུགས་པ་ནས་བཟུང་། ངས་ད་རག་བར་དུ་ལས་ཁུངས་སུ་བྱ་བ་བསྒྲུབས་པ་ཡིན། སྡེ་བའི་བྱ་བ་ཇི་ལྟར་མགོ་རྩོམ་དགོས་པ་མི་ཤེས་ཞེས་སྐབས་དེའི་སྡེ་སྡོད་གནས་ཚུལ་གླེང་ཚེ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་བཙུན་མོ་གཞུང་གྲོང་རྡལ་གཤམ་རྩ་དམར་སྡེ་བའི་ཧྲུའུ་ཅི་དང་པོ་ཝང་ཕེང་གིས་དེ་ལྟར་བཤད་ཅིང་། ད་ལྟ་སྔོན་ཆད་དང་མི་འདྲ། སྣ་མང་ཆ་སྒྲིག་ལམ་ལུགས་དང་ཐེངས་མང་དམིགས་གཏད་གསོ་སྦྱོང་། ཐེངས་མང་པོར་སྐུལ་འདེད་དང་མཛུབ་སྟོན་བྱས་པ་བརྒྱུད། བྱ་བ་ཇི་ལྟར་བསྒྲུབ་དགོས་པ་ཤེས་ལ་ངར་ཤུགས་ཀྱང་ཇེ་ཆེར་སོང་ཡོད་ཟེར།

གྲོང་གསེབ་དར་སྤེལ་གྱི་གནད་འགག་ནི་མི་ལ་རག་ལས། ཆི་ལེན་རྫོང་གིས་སྡེ་སྡོད་ལས་བྱེད་པའི་གྲོང་གསེབ་དར་སྤེལ་གྱི་ལས་ཡུལ་དང་པོའི་གཙོ་ཤུགས་དམག་དཔུང་དམ་འཛིན་བྱེད་པ་དང་། དམིགས་པ་གསུམ་གྱིས་སྡེ་སྡོད་ལས་བྱེད་པའི་དཔུང་སྡེར་དོ་དམ་ལེགས་པོ་བྱས་ཏེ། རོང་འབྲོག་པས་ཐུན་མོང་ཕྱུག་བསྒྱུར་གྱི་གོམ་འགྲོས་གསར་པ་མཉམ་སྤོ་དང་གྲོང་གསེབ་དར་སྤེལ་གྱི་རི་མོ་གསར་པ་མཉམ་འབྲི་བྱེད་པར་ཤུགས་ཆེན་པོས་སྐུལ་འདེད་བྱས།

སྐོར་གསར་པའི་སྡེ་སྡོད་ལས་བྱེད་པ་མགྱོགས་མྱུར་སྒོས་བྱ་བར་གོམས་པར་རོགས་རམ་དང་བྱེད་སྒོའི་ནུས་པ་མཐོར་འདེགས་གཏོང་བ། ཁག་ཁུར་བྱེད་སྟངས་མངོན་པར་བྱེད་པ་བཅས་ཀྱི་ཆེད་དུ། ཆི་ལེན་རྫོང་གིས་རྫོང་གི་དངོས་ཡོད་གནས་ཚུལ་ལ་ཟུང་འབྲེལ་དང་། སྡེ་སྡོད་ལས་བྱེད་པའི་སློབ་ཁྲིད་དང་རོགས་རམ། སྐུལ་སྤེལ་བཅས་ཀྱི་ཞིབ་སྲོལ་དང་། བྱ་བ་སྒྲུབ་ཐབས་བརྒྱད་ཀྱི་སྡེ་སྡོད་བྱ་བའི་གཙོ་གནད་འགན་འཁྲིའི་ཞིབ་ཐོ་བཅས་སྒྲིག་བཟོ་གཏན་འབེབས་བྱས་ཤིང་།  དྲི་བ་བཞི་དང་བརྩི་བ་བཞི། ངེས་པར་དུ་བཅར་འདྲི་བྱེད་དགོས་པ་བཞི་ཡི་བྱ་བའི་ནང་རྐྱེན་བཙུགས་པ་དང་། བཅར་འདྲི་གཅིག་དང་ཞིབ་བཤེར་གསུམ།དངོས་འབྲས་སྤྱི་བསྒྲགས་ཀྱི་སྐུལ་ཁྲིད་ནང་རྐྱེན་ཁྱབ་གདལ་དུ་བཏང་བ་བརྒྱུད། ཆབ་སྲིད་བྱང་ཚད་དང་བྱེད་སྒོའི་རྩལ་ནུས། སྤྱོད་ཚུལ་ལེགས་པོ་ཡི་སློབ་གསོའི་གསོ་སྦྱོང་ཇེ་དྲག་ཏུ་གཏོང་བར་དམིགས་ནས།  སྣེ་ཁྲིད་བཅུ་དང་བསྒྲུབ་མི་ཆོག་པ་བཅུ་ཡི་བྱ་བའི་སྒྲིག་སྲོལ་བཙུགས་པ་དང་། སྡེ་སྡོད་ལས་བྱེད་པས་རོང་འབྲོག་ཁུལ་གྱི་ཁོངས་གཏོགས་འདུ་ཤེས་དང་འགན་འཁྲི་འདུ་ཤེས་ཇེ་ཆེར་བཏང་སྟེ།   གཞི་རིམ་ལ་འགྲོ་ཐུབ་པ་དང་འདྲེས་ཐུབ་པ། བྱ་བ་ལེགས་པོར་སྒྲུབ་པའི་ལས་ཀའི་རྣམ་འགྱུར་གྱིས་གསར་གཏོད་དང་གྲུབ་འབྲས་བརྩོན་ལེན་བྱས་ཏེ་འཕེལ་རྒྱས་ལ་རོགས་སྐུལ་བྱས།

ཨ་ལོང་སྦྲེལ་བ་ལྟ་བུའི་སྒྲིག་སྲོལ་ནང་རྐྱེན་གྱིས། དོ་དམ་མི་ལེགས་པ་དང་དཔུང་སྡེ་ཐོར་བ། མཛུབ་སྟོན་གྱིས་མི་འདང་བ། སྟོབས་ཤུགས་གཅིག་ཏུ་སྒྲིལ་མི་ཐུབ་པའི་གནད་དོན་བཅས་རྩ་བ་ནས་ཐག་གཅོད་བྱས་པ་དང་། ཁོ་ཚོས་རོང་འབྲོག་ཁུལ་གྱི་ལས་ཡུལ་དང་པོ་རུ་ལས་མགོ་རྩོམ་པ་དང་གདོང་མཆོང་བྱེད་པ། ལས་འགན་འཁུར་བ། བྱས་རྗེས་གསར་པ་འཇོག་པའི་ནང་གནས་སྒུལ་ཤུགས་སྐུལ་སྤེལ་བྱས་ཏེ། སྡེ་སྡོད་བྱ་བའི་མ་ལག་དེ་རིམ་བཞིན་ཁྱོན་ཡོངས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བར་བསྒྱུར་ཡོད་ཅེས་རྫོང་ཨུའི་རྩ་འཛུགས་པ་ཁྲེན་ཞའོ་མིང་གིས་བཤད་བྱུང་།

ང་ཚོ་སྡེ་བའི་བྱ་ཕོ་གསོ་སྤེལ་ལས་གཞི་ལ་གཞི་ནས་ཆོག་མཆན་ཐོབ་སོང་། ཉེ་སྔོན། རྫ་དམར་ཡུལ་ཚོ་ཆུ་སྲིབ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ལིའུ་ཡིང་ཧྲོའུ་ཡིས་སེམས་འགུལ་ཐེབས་པའི་སྒོ་ནས་དེ་ལྟར་བཤད། ཆི་ལེན་རྫོང་གི་སྐོར་གསར་པའི་སྡེ་སྡོད་ལས་བྱེད་པས་རང་རང་སོ་སོའི་ཆེད་ལས་ཁྱད་ཆོས་དང་ཉམས་མྱོང་ལེགས་པོ། སྡེ་ཁག་འགན་ནུས་མངགས་གཏོང་སོགས་ཀྱི་ཁྱད་ཆོས་བེད་སྤྱད་པ་དང་། ཕྱོགས་སོ་སོའི་སྟོབས་ཤུགས་མཐུན་སྦྱོར་བྱས་ཏེ་གྲོང་གསེབ་དར་སྤེལ་ལ་རོགས་རམ་བྱས།

སྐོར་གསར་པའི་སྡེ་སྡོད་ལས་བྱེད་པའི་བྱ་བ་སྒྲུབ་མི་འདོད་པ་དང་སྒྲུབ་མི་ཤེས་པ། སྒྲུབ་མི་ཐུབ་པ་ཡི་གནད་དོན་ལ་དམིགས་ཏེ། ཆི་ལེན་རྫོང་གིས་ཡུལ་ཚོ་དང་གྲོང་རྡལ་གྱི་སྡེ་འབྲེལ་མགོ་ཁྲིད་དང་སྡེ་སྡོད་ཧྲུའུ་ཅི་དང་པོ།  སྡེ་བའི་ཏང་རྩ་འཛུགས་ཧྲུའུ་ཅི་ཡི་མཉམ་འགུལ་གྲོས་བསྡུར་ལམ་ལུགས་གསར་སྐྲུན་དང་ཁྱབ་གདལ་དུ་བཏང་བ་དང་།  གཟའ་རེར་གྲོས་བསྡུར་རེ་ཡི་རྒྱུན་རྣམ་ཅན་གྱི་གྲོས་བསྡུར་ནང་རྐྱེན་བརྒྱུད། ལས་ཀའི་བཀོད་སྒྲིག་གཅིག་གྱུར་མིན་པ་དང་ཚད་གཞི་གཅིག་གྱུར་མིན་པའི་དཀའ་གནད་བསལ་བ་དང་། ཧྲུའུ་ཅི་དང་པོའི་རང་སྟེང་གི་ལེགས་ཆ་དང་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་། སྡེ་བའི་ཨུ་ལྷན་གཉིས་ཀྱི་ཁོངས་མི་དང་སྡེ་སྡོད་ལས་བྱེད་རུ་མི་སོགས་ཀྱིས་སྲིད་ཇུས་དྲིལ་སྒྲོག་དང་རྩ་འཛུགས་འཛུགས་སྐྲུན། ཐོན་ལས་འཕེལ་རྒྱས་གཏོང་བ་སོགས་ཀྱི་ཕྱོགས་ནས་དཔེ་སྟོན་དང་མཐོར་འདེགས་ལེགས་འཛིན་བྱེད་པར་སྣེ་ཁྲིད་དེ། སྡེ་བའི་དངོས་ཡོད་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུ་གསར་པར་བསྐྱོད།

མཉམ་འགུལ་གྲོས་བསྡུར་ལམ་ལུགས་ཀྱིས་ངའི་ཁེར་འཐབ་ཀྱི་གནས་བབ་ཚོགས་པའི་འཐབ་འཛིང་དུ་བསྒྱུར་བ་དང་། རང་ཉིད་ཀྱིས་སྡེ་བ་རིམ་པའི་ལས་དོན་ལ་དོ་དམ་དང་ཐོན་ལས་འཕེལ་རྒྱས་འཆར་འགོད་བྱེད་པ་སོགས་སྣ་སོ་སོའི་གཙོ་གནད་བྱ་བའི་འགན་འཁྲི་ཁྲོད་གོང་རིམ་ལ་མཐུད་སྦྲེལ་དང་གཞི་རིམ་དུ་རྒྱུན་བསྲིངས་པ་མངོན་འགྱུར་བྱུང་བར་མ་ཟད།  གྲོང་གསེབ་དར་སྤེལ་གྱི་རོགས་སྐྱོར་བྱ་བར་ཁྱོན་ཡོངས་ནས་རྣམ་པ་གསར་པ་བཏོད་པར་ཡིད་ཆེས་ཀྱིས་ཁེངས་ཡོད་ཅེས་མཁར་དམར་གྲོང་རྡལ་མཁར་དམར་སྡེ་བའི་ཧྲུའུ་ཅི་དང་པོ་ཝེ་ཅུན་གྱི་གདོང་ལ་འཛུམ་གྱིས་ཁེངས་ཏེ་མཚམས་སྦྱོར་བྱས་བྱུང་།

ཆི་ལེན་རྫོང་གིས་ཉམས་མྱོང་མཉམ་རོལ་དང་གནད་དོན་མཉམ་སེལ། རོགས་རེས་མཉམ་སྐྱོད་དམིགས་འབེན་དུ་བརྩི་བ་དང་། སྡེ་བ་རིམ་པའི་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་མངོན་གསལ་དུ་དོད་པ། རྩལ་ནུས་འགྲན་སྡུར་དང་ཡིག་ཚགས་རྒྱུ་ཆ་ཕན་ཚུན་གྱི་ལྟ་ཞིབ་དང་ཞིབ་བཤེར། དཔྱད་ཞིབ། སྐུལ་འདེད་བྱེད་པའི་བྱ་འགུལ་ནུས་ལྡན་སྒོས་མཐུད་སྦྲེལ་བྱེད་པ། རྫོང་རིམ་པའི་ཧྲུའུ་ཅི་འཐུས་མིས་བཤད་པ་དང་ཚོགས་ཞུགས་ཁོངས་མིས་ཉན་པ། ལས་རིགས་སྡེ་ཁག་གིས་དཔྱད་འཇོག་བྱེད་པ། ཞང་གྲོང་གིས་ཡུལ་དངོས་སློབ་ཁྲིད་དང་ཡུལ་དངོས་འཁྲབ་སྦྱོང་།  མཉམ་རོལ་བརྗེ་རེས།   དུས་བཀག་མཛུབ་སྟོན་བཅས་ཀྱི་མ་དཔེ་སྤྱད་དེ།  རྫོང་ཡོངས་ཀྱི་སྡེ་སྡོད་ལས་བྱེད་པའི་བརྗེ་རེས་དང་འགྲན་རྩོད་ཀྱི་སྟེགས་བུ་ཆེན་མོ་དང་དོ་དམ་དང་ལྟ་རྟོག་བྱེད་པའི་གར་སྟེགས་ཆེན་མོ་ཕན་ཚུན་ལ་སློབ་སྦྱོང་བྱེད་པའི་སློབ་ཁང་ཆེན་མོ་བཅས་གསར་སྐྲུན་བྱས། དེའི་སྐབས་སུ་མི་ཐེངས230ལྷག་རྩ་འཛུགས་བྱས་ཏེ་བསམ་བློའི་གདོང་ཐུག་དང་བློ་གྲོས་འགྲན་རྩོད་ཁྲོད་གྲུབ་འབྲས་མངོན་པ་དང་ཉམས་མྱོང་གླེང་བ། ཧེ་བག་འཚོལ་བ། ངར་ཤུགས་བསྒྲིམས་ཏེ། རོང་འབྲོག་ཁུལ་གྱི་ལས་ཡུལ་དང་པོའི་རྩེ་གྲ་བརྒྱ་དཔོན་དཔུང་སྡེའི་ཕྱོགས་ཡོངས་ཀྱི་ལས་འགན་འཁུར་བའི་ཆུ་ཚད་ནུས་ལྡན་སྒོས་ཇེ་མཐོར་བཏང་།

རྫོང་ཨུའི་རྩ་འཛུགས་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས་མཚམས་སྦྱོར་བྱས་པ་ལྟར་ན། རང་རང་སོ་སོར་ཁྱད་ཆོས་རེ་དང་དགེ་མཚན་རེ་ཡོད་པ། འཇོན་ཐང་མངོན་པའི་རྩལ་འགྲན་སྟེགས་བུ་ཡི་འགུལ་སྐྱོད་ཀྱིས། ཧྲུའུ་ཅི་དང་པོས་ལངས་ཕྱོགས་མཐོ་ཚད་དང་ཐབས་ལམ་ཡངས་ཚད། ཞབས་ཞུའི་ཟབ་ཚད། བྱས་རྗེས་འཇོག་ཚད་བཅས་འགྲན་པའི་ཁྲོད་ལས་སྒྲུབ་ལས་གཏོད་ཀྱི་ངར་སེམས་བསྐྱེད་པ་དང་། རྫོང་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་མིག་དཔེར་སློབ་སྦྱོང་དང་ཚད་གཞི་བྱེད་པའི་ཚ་རླབས་བསླངས་ཏེ། གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བར་རྩ་འཛུགས་བརྟན་པོའི་འགན་སྲུང་མཁོ་སྤྲོད་བྱས།

                                                                          རྩོམ་སྒྲིག་པ།   གཡང་འབུམ་རྒྱལ།