ཉེ་བའི་ལོ་འགའི་རིང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ལྗང་མདོག་ཁྱད་སྟོབས་འབུར་དུ་ཐོན་པ་དང་ལོ་རྒྱུས་ཀྱི་ནང་དོན་གཏིང་ཟབ་མོ་ལྡན་པར་མ་ཟད། “གསར་བརྗེའི་ཐོན་ཁུངས”ཀྱང་ཕུན་སུམ་ཚོགས་པོ་ཡོད། དེ་ནི་གསར་བརྗེའི་མེ་ལྕེའི་ས་བོན་མཚོ་སྔོན་དུ་ཆེས་སྔ་མོར་སྟོར་བ་ཞིག་ཡིན་པ་དང་། དམར་པོའི་གསར་བརྗེའི་སྙིང་སྟོབས་དེ་ཡིས་མགོ་ལོག་གི་རིགས་སོ་སོའི་བུ་དང་བུ་མོ་ཚོས་མཁྲེགས་གཏོར་དཀའ་སེལ་དང་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་པར་སྐུལ་འདེད་གཏོང་བཞིན་ཡོད་ལ། དེ་ནི་ཁུལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་རྩ་ཆེའི་རྒྱུ་ནོར་དང་སྒུལ་ཤུགས་ཆེན་པོ་ཞིག་ཏུ་གྱུར་ཡོད།
སྤུས་རྟགས་ཅན་གསར་སྐྲུན་བྱས་པ་སྟེ། ཏང་འཛུགས་ལ་ཤུགས་སྣོན་དང་། སྟོབས་ཤུགས་གཅིག་ཏུ་བསྡུས་པ།
དུས་ཡུན་རིང་བོར་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱ་བ་དེ་རྨང་གཞིའི་རང་བཞིན་དང་། འཐབ་ཇུས་རང་བཞིན། སྣེ་ཁྲིད་རང་བཞིན་གྱི་བཟོ་སྐྲུན་ཞིག་ཏུ་རྒྱུན་འཁྱོངས་བྱས་ཏེ། ཏང་ཨུ་སྲིད་གཞུང་གི“འགོ་ཁྲིད་དང་པོའི”ཚན་གཙོ་ཟུང་གི་འགོ་ཁྲིད་ལམ་ལུགས་བཙུགས་པ་དང་། ཆེད་དོན་སྒྲིག་གཞི་དང་བྱ་བའི་ཆེད་མངགས་འཛིན་གྲྭ་འཛུགས་པ། ཆབ་སྲིད་ཀྱི་ཁྲིད་སྟོན་དང་། ཏང་འཛུགས་སྤྱི་འདོམས། ཏང་སྲིད་ཀྱི་འགན་འཁུར་མཉམ་འཁུར། སྤྱི་ཚོགས་ཀྱི་མཉམ་སྐྲུན། དམངས་ཡོངས་ཞུགས་པ། མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་གསར་སྐྲུན་ཆེན་མོའི་བྱ་བའི་རྣམ་པ་ཞིག་ནུས་ཤུགས་ཡོད་རྒུས་གྲུབ་པར་བྱས་ཡོད། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ་ཡིས“སྤྱི་འདོམས་གཅིག་དང་སྐུལ་འདེད་བཞིའི”སྤྱིའི་བསམ་ཕྱོགས་ལྟར། ཁུལ་ཡོངས་སུ“ཁུལ་རིམ་པའི་ལས་བྱེད་པས་ཡུལ་ཚོར་འབྲེལ་འདྲིས་དང་། རྫོང་རིམ་པའི་ལས་བྱེད་པས་སྡེ་བར་འབྲེལ་འདྲིས་བྱེད་པ། ལས་ཁུངས་ཀྱིས་གཞི་རིམ་ལ་འབྲེལ་འདྲིས་བྱེད་པ། ཏང་ཡོན་གྱིས་མང་ཚོགས་ལ་འབྲེལ་འདྲིས་བྱེད་པ། དུས་རབས་ཀྱིས་རྒྱུགས་ཤོག་འདོན་པ། ལས་བྱེད་པས་རྒྱུགས་སྤྲོད་པ། མི་དམངས་ཀྱིས་རྒྱུགས་ཤོག་ལ་ལྟ་བ”བཅས་ཀྱི་བྱ་བའི་རྐྱེན་སྲོལ་ཁྱབ་གདལ་དུ་བཏང་ནས“གསལ་བོ་གསུམ་དང་ཐད་ཀར་གསུམ་ཡུལ་དངོས་གསུམ”གྱི་སྤྱོད་ཚུལ་དགོས་མཁོ་ལྟར། ནན་ཏན་གྱིས“འགུལ་སྐྱོད་ཆེན་མོ་དགུ”ལག་བསྟར་དང་། “འགྱིག་སྐོར་གཅིག”གི་བསམ་བློ། “དྲ་བ་གཅིག”གི་བཀོད་སྒྲིག “གཞི་གཅིག་ཅན”གྱི་འགུལ་སྐྱོད་བཅས་ཀྱིས་གསར་འཛུགས་བྱ་བའི་དཀའ་ངལ་སེལ་བར་བྱས།
མང་ཚོགས་ཅན་དུ་གསར་འཛུགས་བྱེད་པ་སྟེ། ཁྲིད་སྟོན་ལ་ཤུགས་སྣོན་དང་། ཐུན་མོང་ངོས་ཟིན་ཇེ་དྲག་ཏུ་གཏོང་དགོས།
མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་མི་སེམས་གཅིག་བསྡུས་དང་མཐུན་སྒྲིལ་ཇེ་ཟབ་ཏུ་གཏོང་རྒྱུ་དེ་མི་རིགས་བྱ་བའི་འགན་འཁྲི་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ནས་ཞིང་ཆེན་ཡོངས་ཀྱི་སྔོན་ལ《ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་སྤྱི་ཆིངས》བཟོས་ནས“བསྐྱོད་པ་བཅུ་གཅིག”གི་གསར་འཛུགས་བྱེད་སྒོ་ཤུགས་ཆེན་པོས་སྤེལ་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་རྒྱུ་དེ་ལས་བྱེད་པར་སློབ་གསོ་གཏོང་བ་དང་། ཏང་ཡོན་ལ་སློབ་གསོ་གཏོང་བ། རྒྱལ་དམངས་སློབ་གསོའི་མ་ལག་ཁྲོད་བཞག་ཏེ། ཁུལ་ཡོངས་ཀྱི་དཔེ་སྟོན་སྣེ་ཁྲིད་ལ་ཤུགས་སྣོན་པ་དང་། པད་མའི་དམར་དམག་ལུང་བ་དང་། མགོ་ལོག་ཞི་བས་བཅིངས་འགྲོལ་བཏང་བའི་དྲན་གསོའི་རྡོ་རིང་། རྨ་སྟོད་ཀྱི་ཡོམ་འགོག་རྒུད་སྐྱོབ་སོགས་ལོ་རྒྱུས་རིག་གནས་ཐོན་ཁུངས་སྐྲུན་པ་དང་སྔོག་འདོན་ཟབ་མོ་བྱས་ནས་ཉེ་འགྲམ་གྱི་མི་དང་ཉེ་འགྲམ་གྱི་བྱ་བས་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་བརྗོད་པ་དང་། དྲ་ཐོག་དང་ཡུལ་དངོས་གཉིས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་བརྗོད་དོན་དྲིལ་སྒྲོག་སློབ་གསོ་དང་ལག་ལེན་བྱ་འགུལ་རྒྱ་ཆེར་སྤེལ།
ལྗང་མདོག་ཅན་དུ་གསར་འཛུགས་བྱེད་པ་སྟེ། སྐྱེ་ཁམས་ལ་ཤུགས་སྣོན་དང་། འགན་འཁྲི་མངོན་པར་བྱེད་དགོས།
སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བཟང་པོ་བྱེད་རྒྱུ་དེ་མགོ་ལོག་གི་འདོར་ཐབས་མེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཡིན་པར་མ་ཟད། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་ངེས་པར་བརྒྱུད་དགོས་པའི་ལམ་བུ་ཞིག་དེ་བས་ཀྱང་རེད། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་་ལག་བསྟར་བྱས་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་གྱི་དམིགས་འབེན་ལ་དམིགས་ཏེ། རྨ་འབྲི་རྫ་གསུམ་ཆུ་བོའི་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་ཆུ་འགོའི་གླིང་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ནས“མི་གནས་སྤོ་བ་དང་། ཕྱུགས་ཟོག་ཇེ་ཉུང་དུ་གཏོང་བ། ཡོང་སྒོ་འཕར་བའི”བཟོ་སྐྲུན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། མུ་མཐུད་དུ་ཕྱུགས་བསྐྱུར་རྩྭ་འདེབས་དང་ས་ནག་ཐང་བཅོས་སྐྱོང་སོགས་སྐྱེ་ཁམས་སྲུང་སྐྱོབ་མ་ལག་བཅོས་སྐྱོང་བྱེད་པའི་བཟོ་འགོད་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་། ཐོན་ཁུངས་རང་སྤུས་དང་ཐོན་ལས་ཀྱི་ཁྱད་ཆོས་ལ་བརྟེན་ནས་ཀྲུང་དབྱང་ཁེ་ལས་དང་ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་མ་དངུལ་དང་། ལག་རྩལ། དོ་དམ། ཚོང་ར་སོགས་ཀྱི་ཁྱད་སྟོབས་དང་སྦྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས“རླུང་འོད་ཆུ་གློག་ཕྱུགས་གསོག་འཇོག”སོགས་ནུས་མང་གསབ་རེས་ཀྱི་དག་གཙང་ནུས་ཁུངས་ལས་གཞིའི་བཟོ་སྐྲུན་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་། “ཀྲུང་ཧྭའི་ཆུ་མཛོད”དང་རྨ་ཆུའི་བདེ་འཇགས་ཁྲོད་དུ“འགོ་ཁུངས་འགན་འཁྲི”བརྟན་སྲུང་དང“བཞུར་རྒྱུན་གྱི་འགན་འཁྲི”མངོན་པར་བྱས་ཡོད།
དངོས་ཕུང་ཅན་གསར་འཛུགས་བྱེད་པ་སྟེ། ཐོན་ལས་དམ་འཛིན་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ།
མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ད་ལྟ་མཚོ་སྔོན་ཞིང་ཆེན་གྱི་བདེན་དཔང་ར་སྤྲོད་རྟེན་གཞིའི་རྒྱ་ཁྱོན་ཆེ་ཤོས་དང་། ཕྱུགས་ཟོག་གི་གྲངས་ཀ་ཆེས་མང་བ། ཐོན་རྫས་ཀྱི་རིགས་ཆེས་ཕུན་སུམ་ཚོགས་པའི་སྐྱེ་ལྡན་ཞིང་ཕྱུགས་ལས་རིགས་ཐོན་སྐྱེད་ས་ཁུལ་གྱི་གྲས་ཤིག་ཡིན་པ་དང་། ཕྱོགས་གཞན་ཞིག་ནས་སྐྱེ་ཁམས་རིག་གནས་ཡུལ་སྐོར་ཤུགས་ཆེན་པོས་འཕེལ་རྒྱས་བཏང་ནས་མཐོ་སྒང་གི་སྐྱེ་ཁམས་ལྗོངས་ཁུལ་སྐྲུན་པ་དང་། མ་ཡུམ་ཆུ་བོ་རྨ་ཆུའི་དྲིན་གཟོ་དང་བཀའ་དྲིན་ཚོར་བ། དམར་པོའི་གསར་བརྗེའི་རིག་གནས་ཤེས་རྟོགས་བྱེད་པ། གེ་སར་ལོ་རྒྱུས་སྙན་རྩོམ་རིང་མོའི་རིག་གནས་འཚོལ་ཞིབ་བྱེད་པ་སོགས་ཀྱི་ཡུལ་སྐོར་ལམ་ཐིག་བཟང་ཤོས་བདེ་བླག་ངང་སྐྲུན་ཏེ། རིག་གནས་ཡུལ་སྐོར་མཉམ་འདྲེས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་ཡོད།
མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་དེ་བྱ་བ་སོ་སོའི་གཙོ་ཐིག་ཏུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ“སྩོལ་བ་གསུམ་དང་ཕན་པ་གཅིག”དེ་དམངས་ཚིས་བྱ་བའི་ཁྲོད་དོན་འཁྱོལ་བྱས་ནས“མི་རིགས་མཐུན་སྒྲིལ་ཡར་ཐོན”དང་མཉམ་འདྲེས་འཕེལ་རྒྱས་ཀྱི་འགུལ་སྤྱོད་ལ་སྐུལ་འདེད་ཟབ་མོ་བཏང་བ་དེས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་དེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་། དམངས་ཚིས་བདེ་སྐྱིད་ཆེ་རུ་གཏོང་བ། རིག་གནས་ཡུལ་སྐོར་འཕེལ་རྒྱས་གཏོང་བ། གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བ་སོགས་དང་ཟུང་འབྲེལ་དམ་ཟབ་བྱེད་དགོས།
དམངས་ཕན་ཅན་དུ་གསར་འཛུགས་བྱེད་པ་སྟེ། དམངས་ཚིས་ལ་ཕན་པ་དང་། བདེ་སྐྱིད་ཇེ་མང་དུ་གཏོང་དགོས།
མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་བཙུགས་ནས་དམངས་ཚིས་འགན་ལེན་དང་ལེགས་བཅོས་བྱེད་རྒྱུ་དེ་བྱ་བ་མཐའ་དག་གི་འགོ་རྩོམ་ས་དང་རྐང་འཛུགས་སར་བརྩི་རྒྱུ་རྒྱུན་འཁྱོངས་ཀྱིས་ལོ་རེར་ནོར་སྲིད་འགྲོ་སྒོའི80%གཞི་རིམ་དུ་བཏང་བ་དང་དམངས་ཚིས་ཕྱོགས་ལ་བཏང་སྟེ། དམངས་ཚིས་བཟོ་སྐྲུན་དང་དམངས་སེམས་བཟོ་སྐྲུན་ལག་བསྟར་ཟབ་མོ་བྱས་ནས་ནུས་ཤུགས་ཡོད་རྒུ་དང་རྒྱུན་འཁྱོངས་ལྷོད་མེད་ཀྱིས་དམངས་ཚིས་བདེ་སྐྱིད་རིམ་སྤོར་ལ་སྐུལ་འདེད་བཏང་ཡོད། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས“དམངས་ཀྱི་ཆེད་དུ་གསར་འཛུགས་དང་གསར་འཛུགས་ནི་དམངས་ཀྱི་ཆེད་ཡིན་པའི”བྱ་བའི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ། མི་རིགས་ས་ཁུལ་གྱི་དཔལ་འབྱོར་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་རྒྱུ་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་ལས་འགན་ཨང་དང་པོར་བརྩིས་ནས་མང་ཚོགས་ཀྱི་རེ་སྒུག་ལ་དུས་ཐོག་ཏུ་ལན་བསྐྱོན་པ་རེད། ས་ཁོངས་དང་། རིག་གནས། མི་རིགས། ལས་རིགས་བཅས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པར་བྱས་ནས་གྲོང་རྡལ་གྱི་དྲོད་ཁང་ཁུལ་དང་རོང་འབྲོག་པའི་ཉེན་ཁང་བསྒྱུར་བཅོས་ཤུགས་ཚད་ཆེ་རུ་བཏང་ནས་ཡུལ་བབ་དང་བསྟུན་ནས་རྨ་འབྲི་རྫ་གསུམ་ཆུ་བོའི་འབྱུང་ཡུལ་གྱི་སྐྱེ་ཁམས་གྲོང་རྡལ་དང་། ཆེས་མཛེས་པའི་མགོ་ལོག་གི་རིག་གནས་གྲོང་རྡལ། མཚོ་སྔོན་དང་། ཀན་སུའུ། སི་ཁྲོན་གསུམ་གྱི་འགྲིམ་འགྲུལ་བརྒྱུད་ལམ་གྱི་རྣམ་པ་གསར་བའི་གྲོང་རྡལ། རྨ་ཆུའི་འགོ་ཁུངས་ཀྱི་རི་ཆུའི་གྲོང་རྡལ། མཚོ་སྔོན་ལྷོ་རྒྱུད་ཀྱི་སྐྱེ་ལྡན་ཕྱུགས་ལས་རྟེན་གཞིའི་ལྗང་མདོག་གྲོང་རྡལ་འཛུགས་སྐྲུན་བྱས་ཡོད།
ལམ་ལུགས་ཅན་གསར་འཛུགས་བྱེད་པ་སྟེ། ཁྲིམས་སྐྱོང་གཙོ་བོར་བཟུང་ནས་བརྟན་འཇགས་སྲུང་དགོས།
ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ཚོགས་པའི་ཚུན་ལ། ཁུལ་ཡོངས་ཀྱིས་བདེ་འཇགས་མགོ་ལོག་དང་། ཁྲིམས་སྐྱོང་མགོ་ལོག་འཛུགས་སྐྲུན་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་སྟེ། མུ་མཐུད་དུ་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གསར་སྐྲུན་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་ཀྱི“ཁེབས་ཚད”ཀྱིས་གཞི་རིམ་བཅོས་སྐྱོང་གི“སྟོང་ཆ”ཁ་གསབ་བྱས་ནས“རྨ་ཆེན་གྱི་འོས་འགན་ཉེན་རྟོག་པ”དང་“རིམ་པ་བཞི་བའི་ཁྱིམ་འབྲེལ་ལམ་ལུགས།” པད་མའི་ཉམས་མྱོང་། འབྲོག་དཔོན་ལམ་ལུགས། བཅུ་དཔོན་ལམ་ལུགས།“གནས་དྲུག་གཞི་གཅིག”གི་དྲ་མིག་ཅན་གྱི་དོ་དམ་ཞབས་ཞུ་འཚོལ་ཞིབ་བྱས་ནས་གྲུབ་ཡོད། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་ཟབ་མོར་སྤེལ་ནས་ཁྲིམས་ལྟར་མི་རིགས་ལས་དོན་བཅོས་སྐྱོང་བྱས་ནས་མི་རིགས་ལས་དོན་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་མུ་མཐུད་དུ་ཇེ་མཐོར་བཏང་སྟེ། མགོ་ལོག་གི་ཡུན་རིང་བདེ་འཇགས་ཀྱི་ཆེད་དུ་ཁྲིམས་སྐྱོང་འགན་སྲུང་འདོན་སྤྲོད་བྱས།
ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།