མཚོ་སྔོན་ཞིང་ཆེན་དགའ་བདེ་རྫོང་གིས་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཀྱི“གངས་ལུང་བྱེད་ཐབས”ལག་བསྟར་བྱས།
2024.03.15 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 6

“ཡོད་ཚད་སྐྱེ་ཁམས་ཀྱི་ཕྱོགས་ནས་བྱུང་བ་དང་། ཡོད་ཚད་སྐྱེ་ཁམས་ཀྱི་ཆེད་དུ་ཡིན།”འདི་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་གངས་ལུང་ཡུལ་ཚོ་གངས་ལུང་སྡེ་བས་སྐྲུན་པའི“གངས་ལུང་བྱེད་ཐབས”ཀྱི་ནང་སྙིང་ཡིན། རིགས་སྒྱུར་རིམ་སྤོར་གྱི་བྱེད་ཐབས་མང་པོ་འཚོལ་ཞིབ་བྱེད་པ་བརྒྱུད་དེ། མུ་མཐུད་གསར་སྐྲུན་འཕེལ་རྒྱས་སུ་བཏང་བ་དང་། “གངས་ལུང་བྱེད་ཐབས”སྤྱད་དེ། གངས་ལུང་ཡུལ་ཚོའི་ཕྱུགས་ལས་གོང་འཕེལ་བཏང་བའི་དུས་མཚུངས་སུ། ད་དུང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱས་ཏེ། ཁྱད་ཆོས་ལྡན་པའི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་གྱི་བགྲོད་ལམ་ཞིག་ཏུ་བསྐྱོད།

ཅི་ཞིག་ལ་གངས་ལུང་བྱེད་ཐབས་ཟེར། གངས་ལུང་ཡུལ་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་པན་ཀྲང་གིས་སྐད་ཆ་བཤད་མགོ་བརྩམས་སོང་། 2009ལོར། དགའ་བདེ་རྫོང་ནི་ཕྱུགས་ལས་རྐྱང་རྐྱང་གཉེར་བའི་རྫོང་ཁག་ཞིག་ཡིན་པའི་ཆ་ནས། དུས་ཡུན་རིང་བོར་རྩྭ་སའི་ཁོར་ཡུག་དང་སྐྱེ་ཁམས་དོ་མཉམ། མང་ཚོགས་ཀྱི་འཚོ་བའི་བར་གྱི་འགལ་བས་གངས་ལུང་སྡེ་བའི་སྤྱིའི་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་བཞིན་ཡོད། ཁ་ཐོར་གྱི་ངང་ནས་ཕྱུགས་འཚོ་བ་དང་ཚད་ལས་བརྒལ་ནས་ཕྱུགས་འཚོ་བའི་སྲོལ་རྒྱུན་གྱི་ཕྱུགས་ལས་རྣམ་པར་འགྱུར་ལྡོག་གཏོང་ཆེད། གངས་ལུང་སྡེ་བའི་ཏང་ཀྲུའུ་པུའུ་ཡིས་སྡེ་མིར་སྐུལ་སློང་བྱེད་པའི་ཚོགས་འདུ་ཞིག་བསྡུས་ནས་དབུལ་སྐྱོར་མ་དངུལ་སྒོར་མོ་འབུམ་གཅིག་དང་ཁྲི་ལྔ་ཡོད་པ་དེ་མགོ་རྩོམ་པའི་མ་དངུལ་བྱས་པ་དང་།  གངས་ལུང་སྡེ་བའི་དབུལ་སྐྱོར་རོགས་ལས་ཁང་བཙུགས་ནས་ནུས་པ་ཡོད་པའི་ཁྱིམ་ཚང་རོགས་ལས་ཁང་དུ་ཞུགས་སུ་བཅུག་པ་དང་། ཕྱུགས་གསོ་བའི་ཚབ་བྱེད་པའི་ལམ་ལུགས་མངོན་འགྱུར་བྱས། 

“2011ལོར། གངས་ལུང་སྡེ་བའི་དབུལ་སྐྱོར་རོགས་ལས་ཁང་གི་རྨང་གཞི་སྟེང་གངས་ལུང་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་བསྐྱར་འཛུགས་བྱས་པ་དང་། ཐོན་སྐྱེད་ལས་གཉེར་གྱི་རྣམ་པ་བསྒྱུར་ཏེ། རྩྭ་ས་དང་ཕྱུགས་ཟོག་མ་རྐང་དུ་འཇོག་པའི་རྣམ་པར་བརྟེན་ནས་རྩྭ་ས་རེས་སྐོར་བར་སྐུལ་འདེད་བཏང་བ་དང་། དེ་ལས་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་བཏང་ནས“གངས་ལུང་བྱེད་ཐབས”འཚོལ་ཞིབ་བྱས། གངས་ལུང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་པན་ཀྲང་གིས་མཚམས་སྦྱོར་བྱས་དོན།སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་བརྒྱུད་དེ། གངས་ལུང་སྡེ་བ་རུ་སྡེ་མི་ཡོངས་དང་། རྩྭ་ས། ཕྱུགས་ཟོག་མ་རྐང་དུ་འཇོག་པ་མངོན་འགྱུར་བྱུང་། དུས་མཚུངས་སུ། ཐོན་ལས་གཉིས་པ་དང་ཐོན་ལས་གསུམ་པ་མཉམ་འདྲེས་ཀྱིས་འཕེལ་རྒྱས་གཏོང་རྒྱུ་དེ་མགོ་འཛུགས་ས་བྱས་ནས་འབྲོག་པ་ཚོས་ད་དུང་བཟའ་བཏུང་ཞབས་ཞུ་དང་། རྡོ་བརྐོས་ལས་སྣོན། བོད་ཀྱི་གྱོན་ཆས་ལས་སྣོན་སོགས་ཀྱི་ཐོན་ལས་གཉེར་ཆོག་པ་དང་། འཕེལ་རྒྱས་ཀྱི་ལམ་ཁ་ཇེ་ཡངས་ནས་ཇེ་ཡངས་དང་ཡོང་སྒོ་ཡང་ཇེ་མང་དུ་སོང་། 

ད་ལྟའི་དུས་འདིར། “མཐོ་སྒང་གི་ཁྱད་ཆོས་ལྡན་པ་དང་དགའ་བདེའི་ཁྱད་ཆོས་ལྡན་པའི་དེང་རབས་ཀྱི་ལས་ཆོད་ཆེ་བའི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཀྱི་བགྲོད་ལམ་ཞིག་ཏུ་བསྐྱོད་ཐུབ་པ་བྱུང་།”“གངས་ལུང་བྱེད་ཐབས”ཡང་མུ་མཐུད་དུ་གསར་སྐྲུན་རིམ་སྤར་བྱས་པས་གསོན་ཤུགས་གསར་བ་རྒྱས། མཉམ་ལས་ཁང་གི“རིག་ལྡན་ཕྱུགས་ར”རུ། ནོར་གནག་རེ་རེ་ལ་རིག་ལྡན་སྒྲིག་ཆས་བཏགས་ཡོད་པས། འབྲོག་པ་ཁྱིམ་གྱི་སྒོར་འགྲོ་མི་དགོས་པར་ནོར་གནག་རེ་རེའི་གནས་ཚུལ་གསལ་བོར་རྒྱུས་ལོན་བྱེད་ཐུབ་པ་རེད། དེ་དང་ཆབས་ཅིག གཞི་གྲངས་ཆེན་མོའི་སྟེགས་བུས་ད་དུང་གློག་རྡུལ་ལྕགས་ར་བཙུགས་པ་དང་། གལ་ཏེ་ནོར་གནག་གཏན་འཁེལ་གྱི་ས་ཁོངས་དང་ཁ་བྲལ་ཚེ་སྟེགས་བུས་རང་འགུལ་གྱིས་ཉེན་བརྡ་གཏོང་སྲིད།   པན་ཀྲང་གིས་མཚམས་སྦྱོར་བྱེད་རྒྱུར། ལས་ཆོད་མཐོ་བའི་སྒོ་ནས་ནོར་གནག་གསོ་སྤེལ་བྱེད་ཆེད།  མཉམ་ལས་ཁང་གིས“ནོར་གནག་ལྡབ་འགྱུར་གྱིས་འཕར་བའི་འཆར་གཞི”གསར་སྐྲུན་འཕེལ་རྒྱས་བཏང་སྟེ། “ཁེ་ལས་གཙོ་བོ་དང་།    རྟེན་གཞི།    མཉམ་ལས་ཁང་།    འབྲོག་ཁྱིམ”སོགས་ཀྱི་རྣམ་པ་སྐྲུན་པ་དང་། ཚན་རྩལ་འཇོན་མི་ནང་འདྲེན་དང་མིས་ཐབས་ལ་བརྟེན་ནས་གསོ་སྤེལ་དུས་ཡུན་རིང་བ་དང་དུས་ཚིགས་རང་བཞིན་གྱི་གསོ་ཁ་ནས་འབུད་པའི་གནད་དོན་ཐག་གཅོད་བྱེད་པ་བརྒྱུད་དེ། ནོར་གནག་གི་ཤ་སྤུས་ལེགས་སྐོར་དང་སྐོར་བྱས་ནས་ཕྱིར་འཚོང་བྱས། 

“གངས་ལུང་བྱེད་ཐབས”ཀྱིས་འབྲོག་ཁུལ་གྱི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ལ་ཉམས་མྱོང་ཕུན་སུམ་ཚོགས་པ་མཁོ་འདོན་བྱས་ཡོད། བགྲོད་ལམ་དེ་ལ་བརྟེན་ནས་དགའ་བདེ་རྫོང་ཡང་ཞིང་ཆེན་ཡོངས་ཀྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་བཀོད་སྒྲིག་བྱེད་པའི་ཁྲོད་ཟབ་ཞུགས་བྱེད་ཐུབ་པ་བྱུང་བ་དང་།“ནོར་གནག་ལྡབ་འགྱུར་གྱིས་འཕར་བའི་འཆར་གཞི”དང་“ཁྱིམ་ཚང་ཕྱུགས་ར”སོགས་གསར་སྐྲུན་འཕེལ་རྒྱས་ཀྱི་ཐོན་སྐྱེད་ལས་གཉེར་བྱེད་སྟངས་སྤྱོད་པ་དང་།  ས་མུའུ་ཁྲི་བཞི་ཡི་རྩྭ་ས་དང་ཕྱུགས་ཟོག་ཁྲི་གཉིས་དང་སྟོང་བཞི་ཕན་འབྲས་ལྡན་པའི་སྒོ་ནས་ལེགས་སྒྲིག་བྱེད་པ་བརྒྱུད་དེ། རྒྱལ་ཁབ་ཀྱི་ཞིང་སྡེའི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་སྟོན་ར་བ་དང་ཞིང་ཆེན་རིམ་པའི་དེང་རབས་ཞིང་ཕྱུགས་ལས་ཁྱད་ལྡན་སྤུས་ལེགས་ཐོན་ལས་ར་བ། ཞིང་ཆེན་ཡོངས་ཀྱི་ལྗང་མདོག་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་བཅས་རྫོང་ཡོངས་ལ་ཁྱབ་ནས་སྣེ་ཁྲིད་བྱེད་བཞིན་ཡོད། 

ཡིག་སྒྱུར་བ། དངོས་སྦྱོང་སློབ་མ། པད་མ་ནོར་བུ།