ལས་བྱེད་པ་གཞི་རིམ་དུ་བསྐྱོད་དེ"སློབ་པ་གཅིག་དང་སྐུལ་འདེད་གསུམ"གྱི་བྱེད་སྒོ་སྤེལ།
2024.03.26 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 4

 ལས་བྱེད་པ་གཞི་རིམ་དུ་བསྐྱོད་དེ"སློབ་པ་གཅིག་དང་སྐུལ་འདེད་གསུམ"གྱི་བྱེད་སྒོ་སྤེལ་བ་ནས་བཟུང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་འབའ་ལུང་ཡུལ་ཚོས་གཞི་རིམ་ཏང་འཛུགས་སྐྲུན་དམ་འཛིན་བྱས་ནས། "གཅིག་ཅན་དྲུག"གི་བྱ་བའི་རྐྱེན་སྲོལ་ལ་སྐུལ་འདེད་གཏོང་བ་དང་། མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་ལམ་ནས་སྡེ་བ་དང་དགོན་སྡེ། ས་ཚིགས།  ཁྱིམ་ཚང་བཅས་སུ་བསྐྱོད་དེ་ཁ་བརྡའི་བརྒྱུད་རིམ་ཁྲོད་སྒྲོག་འགྲེལ་གྱི་ཚ་རླབས་ཆེ་རུ་བཏང་།

གཅིག་ནས་སྲིད་ཇུས་སྒྲོག་འགྲེལ་གྱི"མཉམ་ཤུགས"ཇེ་ཆེར་བཏང་། ཡུལ་ཚོ་ཡོངས་ཀྱི་སྒྲོག་འགྲེལ་རུ་ཁག22ཀྱི་སྒྲོག་འགྲེལ་པ50ལྷག་གིས་སྡེ་བ་དང་ཁྱིམ་ཚང་། ཞིང་ཁ་རུ་བསྐྱོད་ནས་མང་ཚོགས་དང་མཉམ་དུ་ཞིང་དོན་གླེང་བ་དང་། སྲིད་ཇུས་བསྒྲགས་པ། བདེ་སྡུག་གླེང་བ་བཅས་བྱས་ནས་ཐོན་སྐྱེད་འཚོ་བའི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་དང་ཆབས་ཅིག  མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པའི་ཞིང་དར་ཞིང་ཕན་གྱི་སྲིད་ཇུས"ཡིག་ཆ"དེ་གོ་བདེའི"ཡུལ་སྐད"དུ་བསྒྱུར།  ཤ་ཚའི་འཚམས་འདྲི་རེ་རེ་དང་སེམས་ཀྱི་སྙིང་གཏམ་རེ་རེ་ལས་ཕན་ཚུན་གྱི་བར་ཐག་ཉེ་རུ་ཕྱིན་པ་དང་ཆབས་ཅིག ཁོ་ཚོར་ཏང་གི་སྲིད་ཇུས་བཟང་པོ་ཚོར་ཐུབ་པ་བྱས་ཏེ་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་མཉམ་དུ་གླེང་ནས་གྲོང་གསེབ་དར་སྤེལ་བྱེད་པར་ཕྱོགས་བསྡུས་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཐུབ་པར་བྱས།

གཉིས་ནས་སྲིད་ཇུས་སྒྲོག་འགྲེལ་གྱི"གསོན་ཤུགས"སྐུལ་སྤེལ་བྱས། མང་ཚོགས་ལ་སྤྲོ་བ་བྱིན་ནས་གོ་སླ་ཞིང་། སློབ་བདེ་བའི་ཆེད་དུ་ཏང་ཡོན་གྱིས་དགུན་དཔྱིད་གཅིག་སྡུད་གསོ་སྦྱོང་དང་གསུམ་བརྒྱད་བུད་མེད་དུས་ཆེན་བསུ་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད་གཅིག་སྡུད་སྒྲོག་འགྲེལ་དང་རིག་གནས་རོལ་རྩེད་བྱེད་སྒོ་སོགས་ལྟ་འདོད་ལ་ཉན་སྤྲོ་བའི་བྱེད་ཐབས་སྤྱད་དེ་རྣམ་པ་མང་པོས་སྲིད་ཇུས་སྒྲོག་འགྲེལ་གྱི་ཕན་འབྲས་ཆེ་རུ་བཏང་བ་དང་། མང་ཚོགས་ལ་ཐབས་ཇུས་འདོན་རོགས་བྱས་པ་དང་ཆབས་ཅིག "མཚོ་ལྷོ་ཁུལ་གྱི2024ལོའི་ལུའེ་ཧྥུན་ལ་སློབ་སྦྱོང་བྱེད་པ་དང་དཔལ་ཡོན་ལག་ལེན་ཉིད་ནས་མགོ་བརྩོམ་པའི"བརྗོད་དོན་གཙོ་བོའི་དང་བླངས་ཞབས་ཞུའི་བྱེད་སྒོ་དང་འབྲེལ་ཏེ། དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ས་ཚིགས་དང་ཞིང་པའི་དཔེ་ཁང་། རིག་གནས་ཐང་ཆེན་བཅས་ལ་བརྟེན་ནས་མང་ཚོགས་ལ་གསོན་ཉམས་ལྡན་པའི་ཟུར་ཁྲིད་དང་འབོད་སྐུལ་ལྡན་པའི་སྒྲོག་འགྲེལ་བྱས་པས།   ཡུལ་ཚོ་ཡོངས་ཀྱི་ཏང་ཡོན་དང་མང་ཚོགས་སྔར་ལས་མང་པོར་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་དྲིན་ཚོར་བར་བྱས་ཏེ། སྒྲོག་འགྲེལ་གྱི་"གསོན་ཤུགས་གསར་པ"འཕེལ་བར་བྱས།

གསུམ་ནས་སྲིད་ཇུས་སྒྲོག་འགྲེལ་གྱི"སྒུལ་ཤུགས་"གསར་བ་བསྣན། མིག་སྔར་དཔྱིད་འདེབས་གྲ་སྒྲིག་གི་འགག་རྩའི་དུས་ཚིགས་ཡིན་པས།  དཔྱིད་འདེབས་ཐོན་སྐྱེད་ཀྱི་བྱ་བ་བཟང་བོར་བསྒྲུབ་པར་རོགས་རམ་བྱེད་ཆེད། ཧྲུའུ་ཅི་དང་པོ་དང་སྡེ་སྡོད་ལས་བྱེད་རུ་ཁག་གིས"གཏན་འཇགས་སློབ་ཁང"དེ"སྐོར་སྐྱོད་སློབ་ཁང"དུ་འགྱུར་བར་འཚོལ་ཞིབ་ཧུར་ཐག་བྱས་ནས། སྒྲོག་འགྲེལ་ཚོགས་འདུ་ཞིང་ཁ་རུ་འཚོགས་ཏེ་བསམ་བློ་འཕེལ་རྒྱས་ལ་སྣེ་ཁྲིད་དང་། ཡུལ་དངོས་སུ་རྨོ་འདེབས་དཔྱིད་འདེབས་ཐད་ཀྱི་དཀའ་ངལ་ལ་གྲོས་བསྡུར་བྱས་ནས།  སྡེ་བའི"ཨུ་ཡོན་ལྷན་ཁང་གཉིས"ཀྱིས་ཞིང་དར་ཞིང་ཕན་ཞིང་ཕྱུག་བཅས་ཀྱི་སྲིད་ཇུས་ལ་སྔར་ལས་ཤེས་རྟོགས་དང་ཁོང་དུ་ཆུད་པར་རོགས་རམ་བྱས། དེ་དང་ཆབས་ཅིག་གཞི་རིམ་གྱི་“ཡུལ་མི་ཆེད་མཁས་པ"དང"སྡེ་མི་འཇོན་ཐང་ཅན"གདན་དྲངས་ནས་རང་གི་མཐོང་ཐོས་མྱོང་གསུམ་བཤད་པ་དང་།  དཀའ་ངལ་ཐག་གཅོད་གང་ཐུབ་བྱེད་པ། འཕེལ་རྒྱས་ཀྱི་སྒུལ་ནུས་གསོག་འཇོག་བྱེད་པ། ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེར་གཏོང་བའི་ཐད་མཐུན་རྐྱེན་གང་ལེགས་བསྐྲུན་ཏེ། གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་སྒུལ་ཤུགས་གསར་བ་བསྣན།

བཞི་ནས་སྲིད་ཇུས་སྒྲོག་འགྲེལ་གྱི"ཕན་འབྲས”ཐོན་པར་སྐུལ་འདེད་བྱས།  གཞི་རིམ་ཏང་རྩ་འཛུགས་ཀྱི་བཙན་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་འཕེལ་རྒྱས་དོན་གཉེར་བྱེད་པ། ཞིང་བའི་ཁེ་ཕན་དང་འབྲེལ་བ་དམ་ཟབ་ཡོད་པའི་སྲིད་ཇུས་ཡག་པོ་བསྒྲགས་རྒྱུ་དེ་འགོ་འཛུགས་སར་བྱས་ཏེ། མང་ཚོགས་ལ་ཉེ་བར་བཅར་ནས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་ཨང་དང་པོའི་དགོངས་དོན་གསལ་བཤད་དང་། ནུས་ཤུགས་ཡོད་རྒུ་བཏོན་ནས་མང་ཚོགས་ལ་དོན་དངོས་དོན་བཟང་སྒྲུབ་པ་བཅས་ཀྱིས་རིགས་པའི་གཞུང་ལུགས་ཀྱི་སྒྲོག་འགྲེལ་མང་ཚོགས་ཀྱི་སེམས་སུ་ངེས་པར་བྱེད་པ་དང་། མང་ཚོགས་ཀྱིས་རིགས་པའི་གཞུང་ལུགས་ལ་བརྟེན་ནས་ལག་ལེན་ལ་མཛུབ་སྟོན་དང་རོགས་རམ་བྱེད་པ། དེ་དང་ཆབས་ཅིག་སྒྲོག་འགྲེལ་ལས་དོན་རུ་ཁག་སྡེ་བ་དང་ཁྱིམ་ཚང་དུ་བསྐྱོད་པའི་གོ་སྐབས་དམ་པོར་བཟུང་ནས་འཆམ་མཐུན་བདེ་འཇགས་བརྟན་བརླིང་གི་བསམ་བློའི་འདུ་ཤེས་ཆགས་སུ་བཅུག་སྟེ། བདེ་འཇགས་སྐོར་གཡེང་དང་མངོན་མེད་རྐྱེན་ངན་གྲལ་བཤེར། འགལ་བ་འདུམ་སེལ་ལས་དོན་ལ་མཐོང་ཆེན་བྱས་ཏེ་བདེ་འཇགས་དོགས་ཟོན་གྱི་ཉེན་བརྡ་བཏང་བ་དང་འཆམ་མཐུན་བརྟན་བརླིང་གི་གཞི་རིམ་སྤྱི་ཚོགས་ཁོར་ཡུག་ཧུར་ཐག་གིས་བསྐྲུན་ནས། སྒྲོག་འགྲེལ་གྱི"ཕན་འབྲས་དངོས་ཐོན་པར"སྐུལ་འདེད་བྱས།

ལྔ་ནས་སྲིད་ཇུས་སྒྲོག་འགྲེལ་གྱི"སྦྲེལ་ཟམ"བརྟན་པོར་བཙུགས། སྲིད་ཇུས་སྒྲོག་འགྲེལ་གྱི་ཕན་འབྲས་ཆེ་རུ་གཏོང་ཆེད་སྒྲོག་འགྲེལ་པ་ཚོས་མང་ཚོགས་དང་འབྲེལ་འདྲིས་བྱེད་སྐབས"ཡུལ་སྐད"དང་གསོན་ཉམས་དོད་པའི་དཔེ་མཚོན་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་དང་། ཁོར་ཡུག་སྲུང་སྐྱོབ། དམངས་ཕན་སྲིད་ཇུས། བདེ་འཇགས་འཛུགས་སྐྲུན། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སོགས་ཀྱི་ཐད་རོང་འབྲོག་མང་ཚོགས་ལ་སྒྲོག་འགྲེལ་གཏིང་ཟབ་དང་སྟོབས་ཤུགས་གཅིག་སྡུད་བྱས་པ་དང་ཆབས་ཅིག  སྡེ་བ་སོ་སོའི་སྐད་འཕྲིན་ཚོགས་པ་དང"རྫོང་རིའི་འབྱུང་ཡུལ་ཡིད་འོང་འབའ་ལུང"གི་སྐད་འཕྲིན་སྤྱི་རྟགས་དང་དེ་བཞིན་འཕྲེད་བྱང་སྦྱར་བ། དྲིལ་བསྒྲགས་ལག་དེབ་བྱིན་པ་སོགས་སྐུད་ལམ་དང་སྐུད་ལམ་མ་ཡིན་པའི་དྲིལ་བསྒྲགས་བྱེད་སྒོ་སྣ་མང་སྤེལ་ཏེ། གོ་བདེ་ཞིང་ཤེས་སླ་ལ་ལྟ་འདོད་ཅིང་ཉན་སྤྲོ་བའི་བྱེད་ཐབས་བརྒྱུད་ནས་ཏང་གི་སྲིད་ཇུས་བཟང་པོ་རོང་འབྲོག་མང་ཚོགས་ཀྱི་སེམས་ལ་བཞག་སྟེ་མཛེས་སྡུག་ལྡན་པའི་འཚོ་བ་དོན་གཉེར་བྱེད་པའི་འདུན་པ་ཆེ་རུ་བཏང་བ་རེད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།