རྨ་ཆེན་རྫོང་གིས་རླངས་འཁོར་གྱི་ཐེག་ཚད་བརྒལ་བའི་གནད་དོན་བཅོས་སྐྱོང་བྱས།
2024.03.27 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གིས་སྡེ་ཁག་མཉམ་འབྲེལ་ལ་ཤུགས་སྣོན་བྱས་པ་དང་། རླངས་འཁོར་གྱི་ཐེག་ཚད་བརྒལ་བའི་གནད་དོན་བཅོས་སྐྱོང་བྱ་བ་རྒྱུན་མཐུད་ངང་སྲ་བརྟན་དུ་བཏང་སྟེ། རྫོང་ཡོངས་ཀྱི་ཐེག་ཚད་ལས་བརྒལ་བའི་ཟོང་སྐྱེལ་རླངས་འཁོར་དང་རྫོང་ཁོངས་ཀྱི་ལམ་ཐག་ཐུང་བར་རྒྱུགས་པའི་ཟོང་སྐྱེལ་རླངས་འཁོར་གྱི་བྱ་སྤྱོད་ལ་ཚོད་འཛིན་ནུས་ལྡན་བྱས་ཤིང་། གཞུང་ལམ་དང་གྲོང་གསེབ་བགྲོད་ལམ། ཟམ་པ་བཅས་ལ་སྲུང་སྐྱོབ་དང་ཟོང་སྐྱེལ་ཁྲོམ་རའི་སྒྲིག་ལམ་ལ་ལེགས་བཅོས་བཟང་པོ་བྱས། 2023ལོར། རྫོང་ཡོངས་ཀྱིས་ཁྲིམས་འཛིན་མི་སྣ220ལྷག་མངགས་པ་དང་དངོས་སྐྱེལ་རླངས་འཁོར400ལྷག་ལ་ཞིབ་དཔྱད་ཚད་ལེན་བྱས།

རྒྱུས་ལོན་པ་ལྟར་ན། 2024ལོར། རྨ་ཆེན་རྫོང་གིས་རླངས་འཁོར་གྱི་ཐེག་ཚད་ལས་བརྒལ་བའི་གནད་དོན་བཅོས་སྐྱོང་བྱ་རྒྱུ་དེ་བྱ་བའི་གཙོ་གནད་དུ་བཟུང་སྟེ། རིམ་པ་ལྟར་དམིགས་འབེན་འགན་འཁྲི་ཡི་གེར་མིང་རྟགས་འགོད་པ་དང་རིམ་པ་ལྟར་འགན་འཁྲི་དངོས་འབེབ་ནན་མོ་བྱེད་པ། སྡེ་ཁག་གི་མཉམ་འབྲེལ་གྲོས་ཚོགས་འཚོགས་པ་དང་དུས་ལྟར་འབྲེལ་ཡོད་གནད་དོན་ལ་ཞིབ་འཇུག་བྱས་ཤིང་། དཀའ་ཁག་དང་གནད་དོན་སེལ་ཏེ་རྫོང་ཡོངས་ཀྱི་ཐེག་ཚད་ལས་བརྒལ་བའི་བཅོས་སྐྱོང་བྱ་བ་གོ་རིམ་ལྡན་པའི་སྒོ་ནས་སྤེལ། དུས་མཉམ་དུ། རྨ་ཆེན་རྫོང་གིས་ཐེག་ཚད་ལས་བརྒལ་བའི་བྱ་བའི་འགྲོ་གྲོན་ལོ་རེའི་ནོར་སྲིད་ཀྱི་སྔོན་རྩིས་ཁྲོད་བཞག་ནས། རྫོང་ཡོངས་ཀྱི་ཐེག་ཚད་ལས་བརྒལ་བའི་བྱ་བ་བརྟན་བརླིང་ངང་སྤེལ་བར་ཁག་ཐེག་ནུས་ལྡན་བྱས།

རྨ་ཆེན་རྫོང་གིས“འཇུག་སྒོ་དམ་འཛིན་དང་འགྲོ་སྒོར་ནན་བལྟ”བྱ་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། སྐྱེལ་འདྲེན་ཁེ་ལས་དང་རླངས་འཁོར། ལས་གཉེར་མི་སྣ་བཅས་ལ“མིང་ཐོ་ནག་པོ”ལམ་ལུགས་ལག་བསྟར་བྱས་པ་དང་། མགོ་ཁུངས་ནས་ཐེག་ཚད་བརྒལ་བའི་གནད་དོན་བཅོས་སྐྱོང་བྱེད་པའི་ལྟ་ཞིབ་དོ་དམ་འགན་འཁྲི་ལམ་ལུགས་གཟབ་ནན་ངང་ལག་བསྟར་བྱས། ཐེག་ཚད་ལས་བརྒལ་བའི་རླངས་འཁོར་ཕྱིར་སྐྱོད་པ་དང་གཞུང་ལམ་དུ་ཞུགས་པར་གཏན་འགོག་བྱས་ཤིང་རྫོང་ཡོངས་ཀྱི་ཟོང་སྐྱེལ་ཁེ་ལས་ལ་ཁྱོན་ཡོངས་ནས་ཐོ་འགོད་དང་བསྐྱར་ཞིབ་བྱས།

2023ལོའི་ཟླ་དགུ་པའི་ཚེས་བཅུ་གཅིག་ཉིན་གྱི་འགྲིམ་འགྲུལ་དོན་རྐྱེན་གྱི་བསླབ་བྱ་ཡིད་ལ་འཛིན་པ་དང་། རྨ་ཆེན་རྫོང་གིས་རྡེའུ་ཟེགས་ར་བ་དང་ཁེ་ལས་གལ་ཆེན་གྱི་སྐྱེལ་འདྲེན། རླངས་འཁོར་ཞིག་གསོ་ཁང་སོགས་མངའ་ཁོངས་གལ་ཆེན་ལ་དམ་འཛིན་བྱས་པ་དང་། ལྟ་ཞིབ་དོ་དམ་ལ་རྒྱུན་མཐུད་ངང་ཤུགས་སྣོན་བྱས། ལོ་ཧྲིལ་པོར་སྡེ་ཁག་མང་པོར་མཉམ་འབྲེལ་དང་རྩ་འཛུགས་བྱས་ཏེ་བརྟག་དཔྱད་བྱ་བ་ཐེངས22ལ་སྤེལ་བ་དང་ཁེ་ལས་ལ་གཙོ་གཞིའི་འགན་འཁྲི་ལག་བསྟར་བྱེད་པར་སྐུལ་འདེད་བྱས། གཞུང་ལམ་སྐྱེལ་འདྲེན་ཉེན་རྟོག་པའི་མཉམ་འབྲེལ་ལམ་སྲོལ་ལག་བསྟར་བྱེད་པ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་དང་འགྲིམ་འགྲུལ་སྤྱི་བདེ་ཉེན་རྟོག་པ། ཕྱོགས་བསྡུས་ཁྲིམས་འཛིན་སྡེ་ཁག་སོགས་རྒྱུན་རྣམ་ཅན་དུ་རྩ་འཛུགས་བྱས་ཏེ་ཞིང་གྲོང་གི་གཞུང་ལམ་ངོས་སུ་ཐེག་ཚད་ལས་བརྒལ་བའི་བཅོས་སྐྱོང་མཉམ་འབྲེལ་འགུལ་སྐྱོད་སྤེལ། དུས་ལྟར་མྱུར་བགྲོད་གཞུང་ལམ་གྱི་འགྲོ་འོང་གི་ལྟ་ཞིབ་ཚད་ལེན་ས་ཚིགས་སུ་འགན་འཁྲི་ལག་བསྟར་བྱེད་པར་སྐུལ་འདེད་བྱས་ཤིང་། དབོར་འདྲེན་ཟོང་སྐྱེལ་རླངས་འཁོར་གྱི་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་བྱས་པས། ལོ་ཧྲིལ་པོར་རང་འདོད་དུ་ཐེག་ཚད་ལས་བརྒལ་བའི་རླངས་འཁོར་མངགས་གཏོང་བྱས་པའི་གནས་ཚུལ་གཅིག་ཀྱང་བྱུང་མེད།

དུས་མཉམ་དུ།  མགོ་ལོག་ཁུལ་ཏང་ཨུའི་ཏང་འཛུགས་དམ་འཛིན་དང“འབྲེལ་གཏུག་བཞི་དང་རྒྱུགས་ཤོག་གསུམ”གྱི་ལས་ཁུངས་ཀྱིས་གཞི་རིམ་ལ་འབྲེལ་གཏུག་དང་ལས་བྱེད་པས་མང་ཚོགས་ལ་འབྲེལ་གཏུག་བྱེད་པའི་བྱ་བའི་ནང་རྐྱེན་གྱི་དངོས་འབེབས་ལ་ཡར་སྐུལ་བྱེད་པ་དང་སྦྲེལ་ནས། རྨ་ཆེན་རྫོང་གིས་རྫོང་ཏང་ཨུའི “རི་ཆུ་ཁྲི་འབུམ་བརྒལ། ཁྱིམ་ཚང་ཁྲི་སྟོང་ཉུལ”ཞེས་པའི་བཅར་འདྲི་ཁྱོན་ཡོངས་ལ་ཁྱབ་པའི་འགུལ་སྐྱོད་ཀྱི་བླང་བྱ་ལྟར། སྡེ་བ་དང་མཉམ་ལས་ཁང་། འབྲོག་ཁྱིམ་བཅས་ལ་སྲིད་ཇུས་ཤེས་བྱ་དྲིལ་སྒྲོག་བྱས་ཏེ། སྲིད་ཇུས་དྲིལ་སྒྲོག་གི་ཁེབས་ཚད་མཐོར་འདེགས་སུ་བཏང་།  ཧུར་ཐག་གིས་རླངས་འཁོར་སློབ་གྲྭར་སྦྲེལ་མཐུད་བྱས་ཏེ། ཐེག་ཚད་ལས་བརྒལ་བ་བཅོས་སྐྱོང་བྱེད་པའི་སྲིད་ཇུས་ཁྲིམས་སྲོལ་ཁ་ལོ་བའི་སློབ་སྦྱོང་གི་ནང་དོན་དུ་བཞག་པ་དང་། ཟོང་སྐྱེལ་ཁ་ལོ་བའི་བདེ་འཇགས་འགན་འཁྲིའི་འདུ་ཤེས་དང་ཐེག་ཚད་ལས་བརྒལ་བའི་བཅོས་སྐྱོང་འགན་འཁྲི་འདུ་ཤེས་རྒྱུན་ཆད་མེད་པར་མཐོར་འདེགས་བཏང་བར་མ་ཟད། ཞུ་གཏུག་ཁ་པར་ཡོངས་བསྒྲགས་དང་ཞུ་གཏུག་ཡིག་སྒམ་བཙུགས།  ཐེག་ཚད་ལས་བརྒལ་བ་བཅོས་སྐྱོང་བྱེད་པའི་ལས་འགན་མི་ཁུར་བའི་མི་སྣར་ཞིབ་བཤེར་ནན་མོ་བྱས་ཏེ། དམངས་ཡོངས་ཟབ་ཞུགས་བྱེད་པའི་བྱ་བའི་རྣམ་པ་བཟང་པོ་ཆགས་པར་བྱས།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།