ལེ་ཧྥིན་སྙིང་སྟོབས་དེ་དང་བླངས་ཞབས་ཞུའི་ཁྲོད་དུས་རབས་ཀྱི་ཉམས་འགྱུར་མངོན་དུ་འཇུག་དགོས།
2024.03.29 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 6

—མཚོ་སྔོན་ཞིང་ཆེན་ལེ་ཧྥིན་ལ་སློབ་སྦྱོང་བྱེད་པའི་བྱ་འགུལ་དཔེ་སྟོན་ས་ཚིགས་གུང་གཞོན་ཚོགས་པ་རྐང་ཚ་རྫོང་ཏང་ཨུའི་གནས་ཚུལ་བཀོད་པ།

རྒན་རྒོན་ལ་རོགས་རམ་བྱེད་པའི“ཅིན་ཧོས་འགུལ་སྐྱོད”དང་བླངས་ཞབས་ཞུ། པར་ནི་གུང་གཞོན་ཚོགས་པ་རྐང་ཚ་རྫོང་ཏང་ཨུས་འདོན་སྤྲོད་བྱས།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་རྒན་གསོ་ཁང་གི་རྒན་པོ་རིན་ཆེན་རྡོ་རྗེ་ཡིས་དང་བླངས་པའི་ལག་པར་འཇུས་ནས“ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོས་ང་ཚོ་རྒན་རྒོན་ཚོར་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ།    དང་བླངས་པ་ཚང་མས་ངའི་བྱིས་པ་ལྟར་ང་ལ་ལྟ་རྟོག་དང་ང་དང་སྐད་ཆ་ཤོད་རོགས་བྱས་བྱུང་བས་ང་དངོས་གནས་དགའ་པོ་བྱུང”ཞེས་བཤད།

དུས་ཡུན་རིང་པོར། གུང་གཞོན་ཚོགས་པ་རྐང་ཚ་རྫོང་ཏང་ཨུ་ཡིས་གཞོན་ནུ་དང་བླངས་པ་རྩ་འཛུགས་བྱས་ཏེ་རྫོང་རྒན་གསོ་ཁང་དུ་རྒན་གསོའི་རོགས་སྐྱོར་བྱེད་པའི“ཅིན་ཧོས་འགུལ་སྐྱོད”ཀྱི་དང་བླངས་ཞབས་ཞུ་སྤེལ་ཞིང་།    “ཆ་སྒྲིག་རོགས་སྐྱོར”གྱི་བྱེད་ཐབས་བརྒྱུད་ནས། གཟའ་འཁོར་རེར་གཞོན་ནུ་དང་བླངས་པ་རྩ་འཛུགས་བྱས་ནས་རྒན་གསོ་ཁང་དུ་བསྐྱོད་དེ་འཚོ་བར་ལྟ་སྐྱོང་དང་ཁ་བརྡ་བྱེད་པ།    སེམས་ཁམས་ཁྲིད་སྟོན།    ཁང་པར་གཙང་སྦྲ་སོགས་ཀྱི་ཞབས་འདེགས་ཞུ་བཞིན་ཡོད།

“སྤོ་བོ་དང་རྨོ་བོ་ལགས།    ཁྱེད་ཚོར་འདི་གའི་འཚོ་བའི་གནས་ཚུལ་གང་འདྲ་འདུག་གམ།” “སྤོ་བོ་ལགས།    ཉེ་ཆར་ལུས་ཕུང་བདེ་ཐང་ཡིན་ནམ།” “བྱིས་པ་ལགས་ངའི་ལག་ཁྱེར་ཁ་པར་ཐོག་གི་གནད་དོན་འདི་ཇི་ལྟར་ཐག་གཅོད་བྱེད་དགོས་སམ།    ཁྱོད་ཀྱིས་ང་ལ་ལྟ་རོགས་གནང་།”གཞོན་ནུ་དང་བླངས་པ་སུའུ་ལན་མའེ་ཡིས་རྒན་པ་རྣམས་དང་ལྷན་དུ“ཁྱིམ་ཚང་གི་འཚོ་བའི་སྐོར་གླེང་ནས་རྒན་རྒོན་ཚོར་སེམས་གཏམ་གླེང་དུ་བཅུག་ཅིང་།    རྒན་གསོ་ཁང་དུ་དགའ་སྤྲོའི་རྣམ་པས་ཁེངས་ཡོད།

བྱ་སྤྱོད་དེར་རྫོང་ཡོངས་ཀྱི་རིམ་པ་སོ་སོའི་སྡེ་ཚོགས་རྩ་འཛུགས་ཀྱིས་དང་ལེན་ནན་མོ་བྱས་ནས། གུང་གཞོན་ཚོགས་མི་དང་གཞོན་ནུ་དང་བླངས་པ་སོགས་ཚོགས་སྤྱི་ལས་གྲུབ་པའི་དང་བླངས་ཞབས་ཞུ་རུ་ཁག་བཙུགས་པ་དང་།    བདག་མེད་ལོ་ལོན་དང་ལོ་ན་མཐོ་བའི་རྒན་པ་སོགས་དཀའ་ངལ་ཡོད་པའི་ཚོགས་སྤྱིའི་ཞབས་ཞུའི་དགོས་མཁོར་དམིགས་ནས། ཧུར་ཐག་གིས་རྒན་གཅེས་རྒན་བཀུར་བྱ་འགུལ་རྒྱུན་རྣམ་ཅན་དུ་སྤེལ་ནས་ཁོངས་གཏོགས་ས་ཁུལ་གྱི་རྒན་རྒོན་ལ་བྱ་བ་དངོས་བསྒྲུབས་པ་དང་།    “བདེ་ཐང་འོས་འགན་སྨན་བཅོས”དང་།    “སྒོ་རྩར་བསྐྱོད་ནས་གཙང་སྦྲ་བྱེད་པ།” “མགོ་སྐོར་ལ་ངོ་རྒོལ་གྱི་དྲིལ་བསྒྲགས”སོགས་རྒན་བཀུར་བྱ་འགུལ་སྤེལ་བ་དང་། སེམས་ཞིབ་མོས་ཞབས་ཞུའི་ཐོག་ནས་ཡ་རབས་ཀྱི་ཡུལ་སྲོལ་གོམས་གཤིས་འཇགས་པར་བྱས།

རྫོང་ཕན་བདེ་ཁང་གི“སྦྲང་ཆར་སློབ་ཁྲིད”སྟེང་། སྡེ་ཚོགས་ཀྱི་ཨ་ཅེ་ལིས་བུན་མེ་ཡིས་བྱིས་པ་རྣམས་དང་མཉམ་དུ་བྱིས་གླུ་ལེན་བཞིན་ཡོད་པ་དང་།    རོལ་རྩེད་ཀྱི་སློབ་གསོའི་རྣམ་པའི་ཐོག་ནས་བྱིས་པར་ཆུང་དུས་ནས་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་རྒྱུའི་ཁྲིད་སྟོན་བྱས་ཏེ་རྒྱལ་གཅེས་ཀྱི་བརྩེ་སེམས་ཇེ་ཟབ་ཏུ་བཏང་ཡོད།

“‘སྦྲང་ཆར་སློབ་ཁྲིད’དེ་གུང་གཞོན་ཚོགས་པ་རྫོང་ཏང་ཨུ་ཡིས་ཕན་བདེ་ཁང་གི་བྱིས་པར་སེམས་ཁུར་དང་གཅེས་སྐྱོང་བྱེད་པའི་བྱེད་ཐབས་ནུས་ལྡན་ཞིག་ཏུ་བརྩིས་ནས། སློབ་གྲྭའི་སློབ་གསེང་དུ་མཉམ་དུ་སློབ་སྦྱོང་བྱེད་པའི་རྣམ་པའི་ཐོག་ནས་བྱ་འགུལ་སྤེལ་བ་དང་།    རྫོང་ཡོངས་ཀྱི་ལས་གནས་ཐོག་གི་མཚོ་སྔོན་ལྷོ་རྒྱུད་ཀྱི་འཆར་གཞིའི་དང་བླངས་པས་ཉིན་རེའི་དགོང་མོར་འོས་འགན་དང་དུ་བླངས་ནས་ཕན་བདེ་ཁང་གི་གྲོགས་པོ་ཆུང་ཆུང་ཚོར་ཆུ་ཚོད་གཉིས་ཀྱི་སློབ་ཚན་ཟུར་ཁྲིད་བྱས་ཏེ། ཕན་བདེ་ཁང་གི་གྲོགས་པོ་ཆུང་ཆུང་ཚོའི་སློབ་སྦྱོང་ཆུ་ཚད་མཐོ་རུ་གཏོང་བ་དང་།    སློབ་གསེང་གི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ།    རང་ལ་ཡིད་ཆེས་ཆེ་རུ་གཏོང་བ་བཅས་བྱེད་ཀྱིན་ཡོད།” གུང་གཞོན་ཚོགས་པ་རྐང་ཚ་རྫོང་ཏང་ཨུའི་ཧྲུའུ་ཅི་ཚེ་བརྟན་སྒྲོལ་མས་བཤད་རྒྱུར། “བྱིས་པ་ཚོས་སློབ་ཁྲིད་ལ་ཉན་སྐབས་བབ་ཆགས་པའི་འཛུམ་མདངས་དང་འོད་མདངས་བཀྲ་བའི་མིག་མདངས་མཐོང་ཚེ། དཀའ་ངལ་མཐའ་དག་ནི་སྒྲུབ་རིན་ཡོད་པ་ཞིག་རེད་འདོད”ཟེར།

“སྦྲང་ཆར་སློབ་ཁྲིད”ཀྱི་བྱ་འགུལ་ལས་གཞན། གུང་གཞོན་ཚོགས་པ་རྐང་ཚ་རྫོང་ཏང་ཨུ་ཡིས“ལོ་ཆུང་གདོང་ལེན་རུ་ཁག་གི་སློབ་ཕྱིའི་སློབ་གསོའི་ལག་ལེན་རྟེན་གཞི”དང“སྡེ་ཁུལ་གྱི་ལོ་ཆུང་བྱིས་པའི་ལས་དོན་ཨུ་ཡོན་ལྷན་ཁང”སོགས་ཀྱི་གཡུལ་སར་བརྟེན་ནས། གཞིས་ལུས་བྱིས་པར་གཅེས་སྐྱོང་དང་དབང་པོ་སྐྱོན་ཅན་ལ་རོགས་རམ།    བདེ་ཐང་གི་འོས་འགན་སྨན་བཅོས།    གཅེས་སེམས་འབུལ་བ།    འགྲིམ་འགྲུལ་དཔལ་ཡོན་གྱི་ཁ་ཏ་སློབ་སྟོན་སོགས་རྣམ་པ་སྣ་ཚོགས་ཀྱི་ལེ་ཧྥིན་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུའི་བྱ་འགུལ་ཐེངས་བརྒྱ་ལྷག་ཙམ་རྒྱ་ཁྱབ་ངང་སྤེལ་ནས། ཐུན་མོང་གིས་ལོ་ཆུང་བྱིས་པའི་ངོ་མཚར་ཆེ་བའི་ཕུགས་འདུན་བསྒྲུབས།

ན་ནིང་ཟླ6པའི་ཚེས29ཉིན་ནས་ཟླ7ཚེས3ཉིན་བར།    སྐབས་བརྒྱད་པའི་ཀྲུང་གོ·མཚོ་སྔོན་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་གྱི་རྩེར་སོན་འགྲན་བསྡུར་རྐང་ཚ་རྫོང་དུ་མགོ་བཙུགས་པ་དང་།    རྒྱལ་ཁབ་དང་ས་ཁུལ24ནས་ཡོང་བའི་འཐུས་མི་རུ་ཁག52ཀྱི་ལུས་རྩལ་པ་སྟོང་ལྷག་མཉམ་དུ་འཛོམས་ནས་མཉམ་དུ་འགྲན་བསྡུར་བྱས་ཏེ་ཐུན་མོང་གིས་བརྩེ་སེམས་གླེང་།

ཐེངས་དེའི་འགྲན་བསྡུར་གྱི་དང་བླངས་ཞབས་ཞུའི་འགན་ལེན་བྱ་བ་ཡག་པོ་སྒྲུབ་ཆེད།    གུང་གཞོན་ཚོགས་པ་རྐང་ཚ་རྫོང་ཏང་ཨུ་ཡིས་གཞོན་ནུ་དང་བླངས་པ121བསྡུས་ནས་འགྲན་བསྡུར་ཧྲིལ་པོའི་དང་བླངས་ཞབས་ཞུའི་བྱ་བའི་ནང་ཞུགས།

འགྲན་རའི་ནང་ལུས་རྩལ་པས་སེམས་ནུས་ཡོད་རྒུ་འདོན་པ་དང་འགྲན་རའི་ནང་དང་བླངས་པས་ཞབས་འདེགས་ཞུ་བཞིན་ཡོད་པས། འགྲན་བསྡུར་དེར་བཀྲག་མདངས་འཚེར་བའི་རྣམ་པ་གསར་པ་ཞིག་བསྐྲུན་ཡོད།     དུས་ཡུན་ཉིན5ཡི་དང་བླངས་ཞབས་ཞུའི་ནང་དང་བླངས་པས་བྱ་བའི་བཀོད་སྒྲིག་ལྟར་ཕྱི་སྐད་ཡིག་སྒྱུར་དང་།    སྐར་གྲངས་བསྡོམས་རྩིས།    འཁྲབ་ཆས་སྐྱེལ་འདྲེན།    སྐུད་ལམ་ཁྲིད་སྟོན།   ཡུལ་དངོས་ཀྱི་གུས་ལུགས།    རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་འགན་སྲུང་སོགས་དང་བླངས་ཞབས་ཞུའི་བྱ་བའི་འགན་འཁུར།

2022ལོ་ནས་བཟུང་། གུང་གཞོན་ཚོགས་པ་རྐང་ཚ་རྫོང་ཏང་ཨུ་ཡིས“ལེ་ཧྥིན་ལ་སློབ་སྦྱོང་བྱེད་པའི”དང་བླངས་ཞབས་ཞུའི་བྱ་འགུལ་གྱི་སྤྱི་ཚོགས་ཞབས་ཞུའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། དང་བླངས་ཞབས་ཞུའི་བྱ་བ40ལྷག་རྩ་འཛུགས་བྱས་པ་དང་། རིམ་རྩིས་བྱས་ན་དང་བླངས་ཞབས་ཞུ་ཆུ་ཚོད7000ལྷག་ཙམ་འདོན་སྤྲོད་བྱས།    ཡུན་རིང་བརྟན་བརླིང་གི་དང་བླངས་ཞབས་ཞུའི་རྣམ་གྲངས་ཁག6བཙུགས་པ་དང་། དང་བླངས་ཞབས་ཞུ་དེ་སྤྱི་ཕན་ཞབས་ཞུ་དང་།    ཁྲིམས་སྐྱོང་འཛུགས་སྐྲུན།    འགྲན་ཚོགས་ཞབས་ཞུ།    ལྗང་མདོག་ཁོར་ཡུག་སྲུང་སྐྱོབ་སོགས་ཁྱབ་ཁོངས་མང་པོ་དང་འབྲེལ་ཡོད།

“དྲ་རྒྱའི་ཐད་གཏོང”གསོ་སྦྱོང་འཛིན་གྲྭ་ནི་ལས་སྐྲུན་གྱི་ཕུགས་འདུན་ཡོད་པའི་མི་རྣམས་ལ་མཚོན་ན་ཕན་བདེ་ཆེན་པོ་ཞིག་རེད།” 2023ལོའི“མི་བརྒྱའི་འཆར་གཞི་སྣ་གསུམ”ལ་ཞུགས་པའི་གཞོན་ནུ་དང་།    བུད་མེད་ཀྱི་དྲ་ཐོག་ཚོང་དོན།    དྲ་རྒྱའི་སྙན་སྒྲོན་པ་གཙོ་བོའི་ལས་རིགས་རྩལ་ནུས་གསོ་སྦྱོང་འཛིན་གྲྭའི་སློབ་མ་ཆོས་སྐྱོང་སྐྱབས་ཀྱིས་བཤད་རྒྱུར། ཁོ་རང“རྐང་ཚ་བོད་ཟས”ཀྱི་འོས་སྦྱོར་པ་ཞིག་བྱེད་འདོད་ཡོད།     “གལ་སྲིད་གསོ་སྦྱོང་བྱས་པ་བརྒྱུད་ངའི་མཐོང་རྒྱ་ཆེ་རུ་བཏང་ནས་ང་ཚོའི་རྐང་ཚ་རྫོང་གི་བོད་ཟས་ཀྱི་ཚོང་ལམ་རྒྱ་ཆེར་གཏོང་རོགས་བྱས་ཚེ། ང་སྤོབས་པ་སྐྱེས་བཞིན་འདུག ང་ཚོའི་ཕ་ཡུལ་དུ་ད་དུང་ཁྱད་ལྡན་ཐོན་རྫས་མང་པོ་ཞིག་ཡོད་པས། དྲ་རྒྱ་བརྒྱུད་དེ་མི་སྔར་ལས་མང་པོར་བྲོ་བ་མྱོང་དུ་འཇུག་དགོས”ཟེར།

“མི་བརྒྱའི་འཆར་གཞི་སྣ་གསུམ”ནི་རྐང་ཚ་རྫོང་བཟོ་ཚོགས་དང་།  གུང་གཞོན་ཚོགས་པ་རྐང་ཚ་རྫོང་ཏང་ཨུ།  བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་ལས་བཟོ་བ་དང་གཞོན་ནུ།    བུད་མེད་བཅས་མི་སྣ་བརྒྱ་རྩ་འཛུགས་བྱས་ནས་ཞིང་ཆེན་ཕྱི་ནང་དུ་ལྟ་སྦྱོང་དང་ལག་ལེན་སློབ་སྦྱོང་བྱེད་པར་བསྐྱོད་དེ། རྫོང་ཡོངས་ཀྱི་ལས་བཟོ་བ་དང་གཞོན་ནུ།    བུད་མེད་བཅས་ལ་སློབ་སྦྱོང་བརྗེ་རེས་དང་།    བྱང་ཚད་མཐོར་གཏོང་།    ལུས་སེམས་བློ་སྦྱོང་།    མཐོང་རྒྱ་ཆེར་གཏོང་བཅས་ཀྱི་སྟེགས་བུ་བསྐྲུན་ཡོད།

ཚེ་བརྟན་སྒྲོལ་མས་བཤད་རྒྱུར།  “ན་ནིང་བྱ་བ་སྤེལ་བ་ནས་བཟུང་། ང་ཚོས་གཞོན་ནུའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་ཕྱོགས་བསྡུས་བྱང་ཚད་དང་ནུས་པ་ཆེ་རུ་གཏོང་བ་དང་།    ལས་རིགས་རྩལ་ནུས།    གློག་རྡུལ་ཚོང་དོན་སོགས་ཀྱི་གསོ་སྦྱོང་བྱས་ནས། གུང་གཞོན་ཚོགས་པའིརྩ་འཛུགས་ཀྱིས་མི་སེམས་ལ་དྲོད་སྐྱིད་སྦྱིན་པ་དང་།  མི་སེམས་གཅིག་ཏུ་བསྡུ་བ། དྲང་ཕྱོགས་ནུས་ཚད་བཅས་ཧུར་ཐག་གིས་འདོན་སྤེལ་བྱས་ཟེར།

ཉེ་བའི་ལོ་འགའི་རིང་། གུང་གཞོན་ཚོགས་པ་རྐང་ཚ་རྫོང་ཏང་ཨུ་ཡིས་རྐང་ཚའི་ཞབས་ཞུའི་ལས་གཞི་དང་། ཧུར་ཐག་གིས་སྤྱི་ཚོགས་ཀྱི་ཕན་བདེའི་ལས་གཞིའི་ཁྲོད་ཟབ་ཞུགས་བྱས། གུང་གཞོན་ཚོགས་པ་རྐང་ཚ་རྫོང་ཏང་ཨུ་ཡིས་སྤྱི་ཚོགས་ཀྱི་སྤྱི་ཕན་རྩ་འཛུགས་དང་གཅེས་སེམས་ཁེ་ལས་དང་འབྲེལ་གཏུག་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་བྱེད་པ་རྒྱུན་འཁྱོངས་བྱས་ནས། རྒྱ་ཆེའི་གུང་གཞོན་ཚོགས་པའི་ཚོགས་མི་དང་གཞོན་ནུ།    ཁེ་ལས་བཅས་སྤྱི་ཚོགས་ཀྱི་སྤྱི་ཕན་བྱ་གཞག་ནང་ཧུར་ཐག་ཞུགས་པའི་འབོད་སྐུལ་བྱས།     དེའི་རིང་གུང་གཞོན་ཚོགས་པ་རྫོང་ཏང་ཨུ་ཡིས་དཀའ་ངལ་ཡོད་པའི་བྱིས་པ་ཚོར་སྡོད་ཁང་14བསྐྲུན་པ་དང་། “ཧྲན་ཧའེ་ཡི་བརྩེ་སེམས·ཕུགས་འདུན་སྒྲུབ་པའི་སློབ་སྐྱོར་རོགས་དངུལ”དང་།    ཕུགས་འདུན་བཟོ་སྐྲུན་གྱི་ཕུགས་འདུན་སྒྲུབ་པའི་བྱ་སྤྱོད་ཆེ་གྲས་ཀྱི་སྤྱི་ཕན་སློབ་སྐྱོར་དང་།    བསམ་འདུན་ཆུང་ངུའི་ངོས་འཛིན་ངོས་ལེན།    གཅེས་སེམས་ལྡན་པའི་ཁེ་ལས་ཀྱི་རོགས་སྐྱོར་སོགས་ཀྱི་བྱ་འགུལ་སྤེལ་བ་བརྒྱུད། དཀའ་ངལ་ཡོད་པའི་གཞོན་ནུ་དང་ལོ་ཆུང་ཚོགས་སྤྱིར་སྦྱངས་འབྲས་ཡག་པོ་ཐོབ་རྒྱུར་རོགས་རམ་བྱས།

“2023ལོར། རིམ་རྩིས་བྱས་ན་སློབ་ཞུགས་རོགས་དངུལ་སྒོར་འབུམ་གཉིས་དང་ཁྲི་ལྔ་སྟོང་དགུ་ལྷག་ཙམ་བྱིན་པ་དང་། གཞོན་ནུ་ལོ་ཆུང1464ལ་ཕན་པ་ཐོབ་ནས་སྤྱི་ཚོགས་ཡོངས་ཀྱིས་གཞོན་ནུ་ལོ་ཆུང་ལ་དོ་ཁུར་དང་གཞོན་ནུ་ལོ་ཆུང་འཚར་ལོངས་ཡོང་བར་རོགས་རམ་བྱེད་པའི་རྣམ་པ་བཟང་པོ་ཞིག་བཏོད་ཡོད” ཅེས་ཚེ་བརྟན་སྒྲོལ་མས་དེ་ལྟར་བཤད།

དུས་ཡུན་རིང་པོར། གུང་གཞོན་ཚོགས་པ་རྐང་ཚ་རྫོང་ཏང་ཨུ་ཡིས་གུང་གཞོན་ཚོགས་པས་གཞོན་ནུ་ལོ་ཆུང་འཚར་ལོངས་དང་འཇོན་ཐང་ཅན་དུ་འགྱུར་བར་ཞབས་འདེགས་ཞུ་བའི་ནུས་པ་འདོན་སྤེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཚོགས་ཀྱི་སྤྱི་ཕན་རྩ་འཛུགས་དང་གཅེས་སེམས་ཁེ་ལས་དང་འབྲེལ་གཏུག་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། རྒྱ་ཆེའི་གུང་གཞོན་ཚོགས་པའི་ཚོགས་མི་དང་གཞོན་ནུ།    ཁེ་ལས་བཅས་ལ་སྤྱི་ཚོགས་ཀྱི་སྤྱི་ཕན་བྱ་གཞག་ནང་ཧུར་ཐག་ཞུགས་རྒྱུའི་འབོད་སྐུལ་བྱས་པ་དང་། ཕྱོགས་མང་མཉམ་འགུལ་བྱས་པ་བརྒྱུད་དབུལ་སྐྱོར་དཀའ་སེལ་གྱི་ལག་ལེན་བྱ་འགུལ་ཁྲོད་སྤྲོ་སེམས་འཁོལ་བའི་ངང་ཞུགས།

ཚེ་བརྟན་སྒྲོལ་མས་བཤད་རྒྱུར།  “ང་ཚོས་གཞོན་ནུ་མཉམ་འཛོམས་ཀྱི་སྟོབས་ཤུགས་མུ་མཐུད་དུ་འདོན་སྤེལ་བྱས་ནས། ལེ་ཧྥིན་གྱི་སྙིང་སྟོབས་རྒྱུན་འཛིན་རྣམ་དག་བྱེད་མཁན་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་བསྟར་མཁན་དཔེ་བཟང་ཞིག་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ལེ་ཧྥིན་གྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་གཞོན་ནུ་དང་བླངས་པའི་དཔུང་ཁག་རྒྱུན་ཆད་མེད་པར་སྟོབས་ཆེར་བཏང་སྟེ། ལེ་ཧྥིན་ལ་སློབ་སྦྱོང་བྱེད་པའི་བྱ་འགུལ་རྒྱུན་ལྡན་དུ་ཁྱབ་པ་བྱས་ནས། ལེ་ཧྥུན་གྱི་སྙིང་སྟོབས་ལ་དུས་རབས་གསར་པར་འོད་སྟོང་སྔར་ལས་འཕྲོ་ཐུབ་པ་བྱ་རྒྱུ་ཡིན”ཟེར།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།