ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་གཞི་རིམ་དུ་བསྐྱོད་པའི“སློབ་སྦྱོང་གཅིག་དང་སྒྲོག་འགྲེལ་གཉིས། སྐུལ་འདེད་གསུམ། མཐོར་འདེགས་བཞིའི”སྒྲོག་འགྲེལ་བྱ་འགུལ་སྤེལ་བའི་ཚུན་ལ། ཆུ་ལེན་རྫོང་གིས་སྤྱི་འདོམས་བཀོད་སྒྲིག་བྱས་ཏེ་དུས་ཐོག་ཏུ་ལས་བྱེད་པ་སྡེ་བ་དང་ཁྱིམ་ཚང་དུ་བསྐྱོད་དེ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་ཨང་དང་པོ་དང་། དེ་མིན་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བ་དང་ཀྲུང་དབྱང་གི་ཞིང་སྡེ་བྱ་བའི་གྲོས་ཚོགས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ། ཞིང་ཆེན་ཏང་ཨུའི་རོང་འབྲོག་ཁུལ་གྱི་གྲོས་ཚོགས་ཐེངས་བརྒྱད་པ་སོགས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱས། མང་ཚོགས་ཀྱིས་དོ་ཁུར་བྱེད་བཞིན་པའི་དངོས་ཡོད་གནད་དོན་ཐག་གཅོད་བྱས་པ་དང་། ཉན་སྤྲོ་བའི་སྒྲོག་འགྲེལ་གྱི་ལམ་ནས་ཏང་གི་གསུངས་སྐད་དང་དམངས་ལ་ཕན་པའི་སྲིད་ཇུས་སྣ་ཚོགས་སྒྲོག་འགྲེལ་བྱས་ཏེ། མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་དང་བདེ་སྐྱིད་ཚོར་སེམས་ཕྱོགས་ཡོངས་ནས་ཆེ་རུ་བཏང་།
གཞུང་ལུགས་དང་རྩ་འཛུགས་ཞིབ་ཚགས་ཟུང་འབྲེལ་བྱས། སྒྲོག་འགྲེལ་བྱ་འགུལ་སྤེལ་བའི་ཚུན་ལ་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་དང་སྤྱི་འདོམས་བཀོད་སྒྲིག་བྱས་པ་དང་། བྱ་བའི་འགན་འཁྲི་ཇེ་དྲག་ཏུ་བཏང་ནས་དུས་ཐོག་ཏུ་རྫོང་དང་ཡུལ་ཚོ་རིམ་པ་གཉིས་ཀྱི་བྱ་བའི་མཐུན་སྦྱོར་ཚན་ཆུང་དང་། ལྟ་འདོམས་ཚན་ཆུང་། དྲིལ་སྒྲོག་སྙན་ཞུ་ཚན་ཆུང་བཅས་བཙུགས་པ་དང་། 《2024ལོའི་རྫོང་ཡོངས་ཀྱི་ལས་བྱེད་པ་གཞི་རིམ་དུ་བསྐྱོད་དེ“སློབ་སྦྱོང་གཅིག་དང་། སྒྲོག་འགྲེལ་གཉིས། སྐུལ་འདེད་གསུམ། མཐོར་འདེགས་བཞིའི”སྒྲོག་འགྲེལ་བྱ་འགུལ་ལག་བསྟར་ཇུས་གཞི》གཏན་འབེབས་བྱས་ཤིང་། 《ཆུ་ལེན་རྫོང་གི་རྫོང་རིམ་པའི་མགོ་ཁྲིད་ཀྱིས་གཞི་རིམ་དང་འབྲེལ་གཏུག་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་བྱ་བའི་རྐྱེན་སྲོལ》ལྟར། རྫོང་ཡོངས་ཀྱི་རྫོང་རིམ་པའི་མགོ་ཁྲིད20འབྲེལ་གཏུག་སྡེ་བ45རུ་སྒྲོག་འགྲེལ་བྱེད་པར་བསྐྱོད། མིག་སྔའི་བར་སྒྲོག་འགྲེལ་ཐེངས57དང་ལྟ་འདོམས་ཐེངས30བྱས་ནས། མགོ་ཁྲིད་ཀྱི་འགན་གཙང་ལེན་མཉམ་འབྲེལ་ཕྱོགས་ཡོངས་ལ་ཁྱབ་པར་བྱས། སྒྲོག་འགྲེལ་བྱ་འགུལ་ལ་ཕན་འབྲས་དངོས་ཐོན་པར་འགན་ལེན་བྱེད་ཆེད། རྫོང་ཡོངས་ཀྱི་ལས་བྱེད་པའི་སྐུལ་སློང་ཚོགས་ཆེན་དུས་ཐོག་ཏུ་འཚོགས་པ་དང་། ལས་བྱེད་པ135སྐོང་འཐེན་བྱས་ནས་སྲིད་འཛིན་སྡེ་བ45ལ་སྒྲོག་འགྲེལ་བྱེད་པར་བསྐྱོད་ཅིང་། སྡེ་བར་སྒྲོག་འགྲེལ་བྱས་ཚད100%ཟིན་པ་དང་། སྒྲོག་འགྲེལ་ཟུར་ཁྲིད་ཀློག་དེབ1200ལྷག་དང་སྒྲོག་འགྲེལ་ཡིག་རིགས5800ལྷག་སྤྲད།
གཞུང་ལུགས་དང་གསར་སྐྲུན་བྱེད་སྟངས་ཟུང་འབྲེལ་བྱས། སྒྲོག་འགྲེལ་བྱ་འགུལ་དངོས་གནས་དོན་འཁྱོལ་བྱེད་ཆེད། “སྲིད་ཇུས་དང་ཡིག་ཆའི་ནང་དོན” གོ་སླ་བའི་ཡུལ་སྐད་དུ་བསྒྱུར་བ་དང་། དྲ་ཐོག་དང་དྲ་ཕྱི་ཕན་ཚུན་ཟུང་འབྲེལ་བྱས་ཏེ། རིག་རྩལ་དང་གཞུང་ལུགས་མཉམ་དུ་ཞུགས་པ་སོགས་ཀྱི་ཐབས་ལམ་མང་པོ་དང་ཟུར་ཚད་མང་པོའི་ཐོག་ནས་མང་ཚོགས་ལ་སྲིད་ཇུས་ཀྱི་དཔྱིད་རླུང་བསྐྱལ་བ་དང་། རིམ་རྩིས་བྱས་ན་གཅིག་སྡུད་སྒྲོག་འགྲེལ་ཐེངས99བྱས་པ་དང་ཁྱིམ་ཚང་སྟོང་བཞི་དང་ཆིག་བརྒྱ་བཅུ་བཞི་ཡི་མང་ཚོགས་ཁྲི་གཅིག་དང་ལྔ་བརྒྱ་ང་བཞིར་སྒྲོག་འགྲེལ་བྱས། དེ་དང་ཆབས་ཅིག་ཡུལ་ཚོ་དང་གྲོང་རྡལ། སྡེ་ཁག་བཅས་སོ་སོས“ཁྲི་སྟོང་བཟོ་འགོད”ཉམས་མྱོང་དེ་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གི་སློབ་སྦྱོང་གི་ནང་དོན་གཙོ་བོའི་ཁྲོད་བཅུག་སྟེ། སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་ལེན་པར་བརྟེན་ནས་མགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་མིག་དཔེ་སྟོན་པར་སྐུལ་འདེད་བཏང་།
གཞུང་ལུགས་དང་དམངས་ལ་ཞབས་འདེགས་ཞུ་བ་ཟུང་འབྲེལ་བྱས། སྒྲོག་འགྲེལ་བྱ་འགུལ་དེ་དོན་དངོས་སྒྲུབ་པ་དང་དཀའ་གནད་སེལ་བའི་ལག་ལེན་སློབ་ཚན་དུ་བརྩི་བ་རྒྱུན་འཁྱོངས་བྱས་ཏེ། སྲིད་ཇུས་ལེགས་པོར་སྒྲོག་པ་དང་ཆབས་ཅིག ཡུལ་བབ་དང་བསྟུན་ནས་གཞི་རིམ་ལ་ཞབས་འདེགས་ཞུ་བ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་བྱ་འགུལ་སྣ་ཚོགས་སྤེལ་ཏེ། རོང་འབྲོག་མང་ཚོགས་ལ་ལས་གནས་བརྟན་པོ་དང་། འབབ་འཕར་ཕྱུག་འགྱུར། བདེ་ཐང་ཞབས་ཞུ་སོགས་ཀྱི་ཐད་ནས་མང་ཚོགས་ལ་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་པའི་ཡིད་ཆེས་དང་ཐོབ་སྣང་ཆེ་རུ་བཏང་། ཆེད་མཁས་པའི་ཚོགས་པ་རྩ་འཛུགས་བྱས་ཏེ་རོང་འབྲོག་ཁུལ་དུ་བསྐྱོད་ནས་བྱང་ཚད་མཐོ་བའི་ཞིང་བའི་རྗེས་འདེད་ཞབས་ཞུའི་བྱ་འགུལ་སྤེལ། ལག་རྩལ་མི་སྣ་མི་ཐེངས20བཏང་བ་དང་སློབ་མ50ལ་བཅར་འདྲི་བྱས་ནས། ཕྱིར་ལོག་བྱེད་ཚད100%ཟིན་པ་དང་བློ་ཡིད་ཚིམ་ཚད100%ལ་སླེབས་ཡོད། དེ་དང་ཆབས་ཅིག་ཆེད་མཁས་པའི་ཚོགས་པ་རྩ་འཛུགས་བྱས་ནས་སློབ་མར་འདེབས་འཛུགས་གསོ་སྤེལ་ལག་རྩལ་དང་རྫས་ལུད། ཞིང་སྨན་ཉུང་གཏོང་དང་ཕན་འབྲས་ཆེ་རུ་གཏོང་བ་སོགས་ཐད་ཀྱི་ཤེས་བྱ་སློབ་ཁྲིད་བྱས་ཤིང་། སྲོག་ཆགས་ཀྱི་རིམས་ནད་འགོག་བཅོས་ལ་དངོས་པོའི་འགན་ལེན་བྱས་པ་དང་། དུག་སེལ་སྨན་རྫས་དང་འགོག་སྲུང་གྱོན་ཆས། རིམས་འགོག་སྨན་ཁབ་བཅས་དངོས་འབེབས་བྱས། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཐད་ཀྱི་དཀའ་ངལ་ཐག་གཅོད་བྱེད་ཆེད། མི་ཐེངས36ལ་འོས་འགན་སྨན་བཅོས་ཀྱི་བྱ་འགུལ་སྤེལ་བ་དང་། རིགས14ཡི་སྨན་རྫས་སྒམ་ཆུང200ལྷག་རིན་མ་བླངས་བར་བྱིན་པ་དང་། འགོས་ནད་འགོག་བཅོས་ཤེས་བྱའི་ལག་དེབ600ལྷག་བྱིན་པ། ཏེན་ཚྭ་ཁུག་མ350རིན་མ་བླངས་བར་བྱིན། “དཔྱིད་རླུང་བྱ་སྤྱོད”ཀྱི་ལས་ཞུགས་ཞབས་ཞུའི་ཆེད་དོན་གདན་ཞུའི་ཚོགས་འདུ་འཚོགས་ནས་ལས་གནས2500ལྷག་མཁོ་འདོན་བྱས་ཤིང་། རིམ་རྩིས་བྱས་ན་དྲིལ་སྒྲོག་མཁོ་ཆས་སྣ་ཚོགས1000ལྷག་སྤྲད་པ་དང་། ཡུལ་དངོས་ནས་མི120ལྷག་ལས་ཞུགས་མོས་མཐུན་བཀོད་པ་དང་ཡུལ་དངོས་ནས་མི5ལ་གན་རྒྱ་བཞག
གཞུང་ལུགས་དང་ཞིང་ཕྱུགས་ཐོན་སྐྱེད་ཟུང་འབྲེལ་བྱས། རྨོ་ཞིང་གི“འབྲུ་རིགས་མིན་པའི”བཅོས་སྒྲིག་དང་། འབྲུ་རིགས་བདེ་འཇགས་འགན་ལེན། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་འགན་ལེན། གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས། རོང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད། རྨོ་ཞིང་གི་ས་བཅུད་སྲུང་སྐྱོབ་ཁ་གསབ། ཞིང་འཕྲུལ་ཉོ་སྒྲུབ་ཁ་གསབ་སོགས་གཙོ་གནད་ལས་དོན་ལ་དམིགས་ནས། ཞིང་བའི་ཁྱིམ་ཚང་དུ་བསྐྱོད་དེ་དྲིལ་སྒྲོག་དང་ཞབས་ཞུ་སྤེལ་བ་དང་། དྲིལ་སྒྲོག་ཡིག་རིགས་སྣ་ཚོགས2000ལྷག་འགྲེམ་སྤེལ་བྱས། ལུ་གུ་གསོ་བ་དང་ཕྱུགས་རིགས་ཀྱི་རིམས་ནད་འགོག་བཅོས། གནོད་འགོག་གནོད་སེལ་དང་དེ་མིན་རྩྭ་ཐང་དང་ནགས་ཚལ་མེ་ཟོན་སོགས་ཀྱི་འབྲེལ་ཡོད་ལས་དོན་སྤེལ་རོགས་བྱས་ཏེ། ཞིང་ལས་རྒྱུ་ཆ་སྔ་མོ་དང་གྲབས་གསོག་དང་། སོན་བཟང་སྔ་མོ་ནས་ཉོ་བ། ཞིང་ལུད་སྔ་མོ་ནས་དབོར་འདྲེན་བྱེད་པའི་འཕེལ་རྒྱས་བསམ་ཕྱོགས་གཞིར་བཟུང་སྟེ། ས་བོན་བཟོ་འགོད་ལས་གཞིར་བརྟེན་ནས་སྐྱེ་ལྡན་ལུད་ཏུན500དང་། ཞིང་སྨན་སྤྱི་རྒྱ40 སོན་བཟང་སྤྱི་རྒྱ་ཁྲི་དྲུག་ལྷག རྫས་ལུད་ཏུན160། སྐྱེ་ལྡན་ལུད་རྫས་ཏུན3000། ཞིང་འཕྲུལ་ལག་ཤེས་པ20བཅས་གྲབས་གསོག་བྱས། ཞིང་ཕྱུགས་ལས་ཐོན་སྐྱེད་ཐད་ཀྱི་དངོས་ཡོད་དཀའ་ངལ་དང་གནད་དོན་མཐུན་སྦྱོར་ཐག་གཅོད་བྱས་ཏེ། བདེ་འཇགས་ཐོན་སྐྱེད་ཞིབ་བཤེར་ཐེངས84བྱས་པ་དང་། དོན་རྐྱེན་འབྱུང་ས65དང་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་བདེ་འཇགས་ཞིབ་བཤེར་ཐེངས73། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་དོན་རྐྱེན་འབྱུང་ས་ཁག62ལ་གྲལ་བཤེར་བྱས།
རྩོམ་སྒྲིག་པ།ཤ་བོ་རིན་མཚོ།