པད་མ་རྫོང་གིས་ཐོག་མཐའ་བར་གསུམ་དུ་ཚད་མཐའ་བརྟན་སྲུང་གི་དམངས་འཚོ་དམ་འཛིན་དང་། དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་རྒྱུ་དེ་མི་དམངས་འགན་སྲུང་བྱ་བའི་འབད་བརྩོན་ཁ་ཕྱོགས་སུ་བརྩིས་ནས། དུས་རབས་གསར་པའི་དམངས་འཚོའི་བྱ་བའི་འགན་འཁྲི་དང་ལས་འགན། རྩ་བའི་སྒུལ་ཤུགས། ནང་དོན་བཅས་ཀྱི་བླང་བྱ་ཁོང་དུ་བརྟན་པོར་ཆུད་པར་བྱེད་པ་དང་། ཞིང་ཆེན་དང་ཁུལ་གྱི་དམངས་སྲིད་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ། ཕྱོགས་བསྡུས་རོགས་སྐྱོར་ལམ་སྲོལ་དང་སྒྲིག་སྲོལ་བཅོས་སྒྱུར་གསར་གཏོད་བྱེད་པ། གཞི་རྩའི་རྒན་གསོ་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱེད་པར་མྱུར་དུ་སྐུལ་འདེད་གཏོང་བ། ཚད་མཐའ་འགན་སྲུང་སྲིད་ཇུས་ལེགས་བཅོས་དང་འཐུས་ཚང་དུ་གཏོང་བ། ཆེད་ལས་ལས་བྱེད་པའི་དཔུང་སྡེ་མུ་མཐུད་དུ་བསྐྲུན་པ། ཚད་མཐའ་སྲུང་བ་དང་དམངས་འཚོར་འགན་སྲུང་བྱེད་པ་བཅས་བྱས་ནས། དུས་རབས་གསར་པའི་དམངས་སྲིད་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བའི་ལེའུ་གསར་པ་ཧུར་ཐག་གིས་བྲིས།
ཏང་འཛུགས་སྐྲུན་གྱིས་སྣེ་ཁྲིད་པ་བྱེད་ཐབས་གཙོ་བོར་བརྩིས་ཏེ། རྩ་འཛུགས་སྒྲིག་གཞི་འཛུགས་སྐྲུན་ལེགས་པོ་བྱས། ཏང་གིས་དམངས་སྲིད་བྱ་བའི་ཁྱོན་ཡོངས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་པ་ནི་དམངས་སྲིད་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བཙན་རྫོང་བརྟན་པོ་ཞིག་ཡིན། ཏང་འཛུགས་སྐྲུན་གྱིས་དམངས་འཚོར་སྣེ་ཁྲིད་བྱེད་པའི་ཞབས་ཞུ་འབུར་དུ་ཐོན་པར་བྱེད་པ་དང་། དཀའ་ཁག་ཡོད་པའི་མང་ཚོགས་ལ་རོགས་སྐྱོར་བྱེད་པའི་བྱ་བའི་མགོ་ཁྲིད་ཚན་ཆུང་འཛུགས་པ། དུས་བཅད་ལྟར་བཀོད་སྒྲིག་དང་འགན་འཁྲིའི་དམིགས་འབེན་གསལ་པོ་བྱེད་པ། སྤྱི་ཚོགས་རོགས་སྐྱོར་བྱ་བའི་མཉམ་འབྲེལ་གྲོས་ཚོགས་ལམ་ལུགས་དང《སྤྱི་ཚོགས་རོགས་སྐྱོར་བྱ་བའི་འགན་འཁྲིའི་རྩད་གཅོད་བྱེད་ཐབས》སོགས་འཛུགས་པ། སྡེ་ཁག་མཐུན་སྦྱོར་གྱི་བྱ་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། རྫོང་ཡོངས་ཀྱི་སྤྱི་ཚོགས་རོགས་སྐྱོར་མ་ལག་འཛུགས་སྐྲུན་ལ་གཅིག་གྱུར་སྐུལ་འདེད་གཏོང་བ། ཏང་དང་མང་ཚོགས་སྡེ་ཁག་དང་སྲིད་གཞུང་སྡེ་ཁག་མཐུན་སྦྱོར་བཅོས་སྐྱོང་བྱེད་པར་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ། “རང་འགུལ་གྱིས་རྒྱུས་ལོན་དང་རང་འགུལ་གྱིས་ཡར་ཞུ། རང་འགུལ་གྱིས་རོགས་སྐྱོར”བཅས་བྱེད་པའི་རོགས་སྐྱོར་ཞབས་ཞུའི་དྲ་བ་འཛུགས་པ། གཞི་རྩའི་དམངས་འཚོ་འགན་སྲུང་དང་གཞི་རྩའི་སྤྱི་པའི་ཞབས་ཞུ། གཞི་རྩའི་སྤྱི་ཚོགས་ཞབས་ཞུ་སོགས་ཀྱི་འགན་འཁྲི་ལག་བསྟར་ཏན་ཏིག་བྱེད་པ་བཅས་བྱས་ནས། ཏང་འཛུགས་སྐྲུན་བྱ་བའི་རྣམ་པ་གསར་བས་དམངས་སྲིད་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་འགན་ལེན་བྱས།
གནད་ཁེལ་རོགས་སྐྱོར་གཙོ་གནད་དུ་བཟུང་ནས་དམངས་འཚོའི་ཚད་མཐའ་བརྟན་སྲུང་བྱས། སྤྱི་ཚོགས་ཀྱི་རོགས་སྐྱོར་དང་སྤྱི་ཚོགས་ཀྱི་ཕན་བདེའི་མ་ལག་འཐུས་ཚང་དུ་གཏོང་རྒྱུ་ནི་དམིགས་བསལ་དཀའ་ཁག་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱེད་པའི་འགག་རྩ་ཡིན། རྒྱལ་ཡོངས་དང་ཞིང་ཆེན། ཁུལ་བཅས་ཀྱི་དམས་སྲིད་བྱ་བའི་གྲོས་ཚོགས་ཀྱི་བླང་བྱ་ནན་ཏན་གྱིས་ལག་བསྟར་བྱེད་པ་དང་། རང་འགུལ་གྱིས་ཤེས་རྟོགས་བྱུང་བའི་ལམ་སྲོལ་འཛུགས་ཅི་ཐུབ་བྱེད་པ། རྫོང་དང་ཡུལ་ཚོ། གྲོང་རྡལ་བཅས་ཀྱི་སྤྱི་ཚོགས་རོགས་སྐྱོར་ཞབས་ཞུའི་ཁ་པར་ཡོངས་བསྒྲགས་བྱེད་པ། རོགས་སྐྱོར་དུས་ཡུན་ཇེ་ཐུང་དུ་གཏོང་བ། ཡུལ་ཚོ་དང་གྲོང་རྡལ་གྱི་གནས་སྐབས་རོགས་སྐྱོར་གསོག་དངུལ་ལམ་ལུགས་དང་མྱུར་དུ་ལན་སློག་པའི་ལམ་སྲོལ་ཕྱོགས་ཡོངས་ནས་དོན་འཁྱོལ་བཅས་བྱས་ནས། གནས་སྐབས་རོགས་སྐྱོར་ལམ་ལུགས་ཀྱི“ཚད་མཐའ་སྲུང་བ་དང་བྲེལ་དཀའི་གནད་དོན་ཐག་གཅོད་པའི”ནུས་པ་འདོན་སྤེལ་གང་ལེགས་བྱས། 2024ལོར་བསྡོམས་པས་གནས་སྐབས་རོགས་སྐྱོར་མ་དངུལ་སྒོར་འབུམ་བཞི་དང་ཁྲི་བརྒྱད་སྟོང་བདུན་ལྷག་བཏང་བ་དང་། དཀའ་ཁག་ཆེས་ཆེ་བའི་ཁྱིམ་ཚང་གི་རོགས་སྐྱོར་མ་དངུལ་སྒོར་ས་ཡ་གཉིས་འབུམ་གཅིག་ཁྲི་བདུན་ལྷག་བཏང་ཞིང་། དྲོད་འདོན་རོགས་སྐྱོར་མ་དངུལ་སྒོར་འབུམ་གཅིག་ཁྲི་གཉིས་ལྷག་བཏང་། དྭ་ཕྲུག25ལ་རོགས་སྐྱོར་མ་དངུལ་སྒོར་ཁྲི་བདུན་ལྷག་དང་། དཀའ་ཁག་ལ་འཕྲད་ཡོད་པའི་བྱིས་པ126ལ་རོགས་སྐྱོར་མ་དངུལ་སྒོར་ཁྲི་ལྔ་ལྷག་བཏང་། སྙོར་སྐྱོང་བྱེད་མཁན་མེད་པའི་བྱིས་པ11ལ་རོགས་སྐྱོར་མ་དངུལ་སྒོར་ཁྲི་གཉིས་སྟོང་བརྒྱད་ལྷག་བཏང་བས། སྤྱི་ཚོགས་རོགས་སྐྱོར་གྱི་རང་འགུལ་རང་བཞིན་དང་གནད་ཁེལ་རང་བཞིན། སྟབས་བདེ་རང་བཞིན་བཅས་དངོས་གནས་ཇེ་མཐོར་སོང་བ་དང་། ཚད་གཞི་མཐོ་བའི་སྒོ་ནས་དམངས་འཚོའི་ཚད་མཐའ་བརྟན་སྲུང་བྱས།
བྱང་ཚད་ཇེ་མཐོར་གཏོང་བ་རྨང་གཞིར་བྱས་ཏེ་དཔུང་སྡེའི་ནུས་པ་མཐོར་འདེགས་དང་ལེགས་སྒྱུར་བྱས། དམངས་སྲིད་ལས་བྱེད་པས་དམངས་འཚོར་དོ་ཁུར་དང་དམངས་སེམས་དང་འབྲེལ་ནས། དུས་རབས་གསར་པའི་དམངས་སྲིད་བྱ་བ་ལེགས་པོར་སྒྲུབ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་བརྗོད་དོན་སློབ་གསོའི་གྲུབ་འབྲས་མུ་མཐུད་དུ་སྲ་བརྟན་དུ་གཏོང་བ་དང་རྒྱ་སྐྱེད་པ་དང་། དམངས་སྲིད་ལས་བྱེད་པར་དུས་ཐོག་ཏུ་བསམ་བློའི་འདུ་ཤེས་བསྒྱུར་བར་ཁྲིད་སྟོན་བྱེད་པ། འགན་ནུས་ལག་བསྟར་བྱེད་པའི་ནུས་པ་ཇེ་མཐོར་གཏོང་བ། ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། རྫོང་དང་ཡུལ་ཚོའི་དམངས་སྲིད་ལས་བྱེད་པ་དང་སྤྱི་ཚོགས་སྟེང་གི་རོགས་སྐྱོར་བྱ་བ་སྒྲུབ་མཁན། སྡེ་བ་དང་སྡེ་ཁུལ “ཨུ་ཡོན་ལྷན་ཁང་གཉིས”ཀྱི་ལས་བྱེད་པ་གཙོ་རུ་བཟུང་ནས། ལས་སྒྲུབ་ཞབས་ཞུའི་དམིགས་འབེན་ཇེ་མཐོར་བཏང་ཞིང་། གསོ་སྦྱོང་འཛིན་གྲྭ་སྣ་ཚོགས་སྒྲུབ་པ་བརྒྱུད་དེ། སྲིད་ཇུས་གསོ་སྦྱོང་དང་བྱེད་སྒོའི་ཁྲིད་སྟོན། གནད་དོན་ཕྱིར་ལྡོག དོགས་གནད་ལ་ལན་འདེབས་པ་སོགས་ནང་དོན་གཙོ་བོར་བྱས་ནས། ལོ་རེར་སྲིད་ཇུས་དང་བྱེད་སྒོའི་གསོ་སྦྱོང་ཐེངས2རེ་གཅིག་བསྡུས་ཀྱིས་སྤེལ་བར་མི་ཐེངས108ཞུགས་པ་དང་། རིམ་བསགས་ཀྱིས་ཆེད་དོན་གསོ་སྦྱོང་འཛིན་གྲྭ་ཐེངས4ལ་སྤེལ་བར་མི་ཐེངས160ཞུགས་ཡོད། ཆེད་མཁས་པ་མངགས་ནས་སློབ་ཁྲིད་ཐེངས3ལ་སྤེལ་བར་མི་ཐེངས200ལྷག་ཞུགས་ཡོད་པས། བློ་སེམས་དཀར་ཞིང་ཁག་ཁུར་ཡོད་པའི་བྱང་ཚད་མཐོ་བའི་ཆེད་ལས་ལས་བྱེད་པའི་དཔུང་སྡེ་བསྐྲུན།
ལས་གཞི་འཛུགས་སྐྲུན་འགན་སྲུང་དུ་བརྩིས་ཏེ་དམངས་འཚོ་ལེགས་བཅོས་བྱེད་པར་ནུས་ཤུགས་བཏོན། དམངས་སྲིད་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ལས་གཞི་ནི་དམངས་འཚོ་འགན་སྲུང་ཡག་པོ་དང་སྤྱི་ཚོགས་ཞབས་ཞུ་ཇེ་ལེགས་སུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ལས་གཞི་འཛུགས་སྐྲུན་བྱེད་པ་དེ་དམངས་འཚོའི་བྱ་བ་ལེགས་པོར་སྒྲུབ་པའི་རྨང་གཞིར་བྱེད་པ་དང་། དམངས་སྲིད་ལས་གཞི་འཛུགས་སྐྲུན་བྱེད་པའི་གཙོ་གནད་འདི་ལ་དམ་པོར་དམིགས་ཏེ། གཞི་ཁྱོན་ལ་སྨི་གྲུ་བཞི་མ5760ཡོད་པ་དང་མལ་ཁྲི135ཡོད་ལ། སྤྱིའི་མ་དངུལ་སྒོར་བྱེ་བ་གཉིས་ལྷག་བཏང་བའི་ལྟེ་བའི་རྒན་གསོ་ཁང་གི་ལས་གཞི་འཛུགས་སྐྲུན་ལེགས་འགྲུབ་བྱས་པ་དང་། རྗེས་མར་རྒན་གསོ་ཁང་གི་ནང་ཁུལ་སྒྲིག་ཆས་མུ་མཐུད་དུ་འཐུས་ཚང་དུ་བཏང་རྗེས་སྔ་མོ་ནས་བཀོལ་སྤྱོད་བྱས་ཏེ། དགོས་མཁོ་ཡོད་པའི་དཀའ་ཁག་ཆེ་བའི་རྒན་པ་རྣམས་ལ་སྔར་ལས་ལེགས་ཤིང་སྔར་ལས་ཆེད་ལས་ཅན་གྱི་ཞབས་ཞུ་བྱེད་རྒྱུ་རེད།
ཞིབ་བཤེར་བཅོས་སྐྱོང་བྱེད་པ་གཙོར་བཟུང་སྟེ་འགན་སྲུང་སྲིད་ཇུས་དོན་འཁྱོལ་བྱས། འགན་སྲུང་སྲིད་ཇུས་སྣ་ཚོགས་ནི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་ཁྲོད་ཀྱི་མཇུག་མཐའི་འགོག་སྲུང་འཛིང་རགས་ཡིན་ལ། སྤྱི་ཚོགས་རོགས་སྐྱོར་ལས་དོན་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན།《མཚོ་སྔོན་ཞིང་ཆེན་གྱི་མ་མཐའི་འཚོ་བའི་འགན་སྲུང་ཞིབ་བཤེར་ངོས་འཛིན་བྱེད་ཐབས》དང《མཚོ་སྔོན་ཞིང་ཆེན་གྱི་དཀའ་ཁག་ཆེས་ཆེ་བའི་མི་སྣ་ངོས་འཛིན་བྱེད་ཐབས》ལྟར། འཚོ་བའི་འགན་སྲུང་བྱ་ཡུལ་དང་དཀའ་ཁག་ཆེས་ཆེ་བའི་མི་སྣ་སོགས་དཀའ་ཁག་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་གནས་ཚུལ་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་ཆེད་དམིགས་ལེགས་བཅོས་བྱེད་པའི་བྱ་བ་མུ་མཐུད་དུ་སྤེལ་བ་དང་། ཁྱིམ་ཚང་གི་ཡོང་སྒོ་ལ་འགྱུར་ལྡོག་བྱུང་སྟེ་མ་མཐའི་འཚོ་བའི་འགན་སྲུང་གི་ཚད་གཞི་ལས་བརྒལ་བ་དང་ཚེ་ལས་འདས་པའི་མི་སྣ་མ་མཐའི་འཚོ་བའི་འགན་སྲུང་ལས་ཕྱིར་འཐེན་བྱས་ཏེ། འགན་སྲུང་བྱེད་དགོས་པ་ཚང་མ་འགན་སྲུང་དང་ཕྱིར་འཐེན་བྱེད་དགོས་པ་ཚང་མ་ཕྱིར་འཐེན་བྱས་པས། གཞི་རྩའི་འགན་སྲུང་གི་ཚད་མཐའ་བརྟན་པོར་བསྲུངས་ཡོད།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།