བཅོས་སྒྱུར་གྱི་སྙིང་སྟོབས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གསར་གཏོད་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་།
2024.11.26 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 12

མཚོ་སྔོན་ནི་གནའ་དུས་ནས་མི་རིགས་མང་པོ་རོགས་རེས་མཉམ་གནས་དང་འཆམ་མཐུན་མཉམ་འདྲེས་བྱེད་པའི་གཤིན་ས་ཡིན། ལོ་རྒྱུས་ཀྱི་བརྒྱུད་རིམ་རིང་བོའི་ཁྲོད། མི་རིགས་སོ་སོའི་བར་འགྲོ་འོང་བརྗེ་རེས་དང་མཉམ་འདྲེས་ཟབ་མོ་བྱས་པ་དང་། མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་དར་རྒྱས་གོང་འཕེལ་དུ་བཏང་ལ། ཀྲུང་ཧྭ་མི་རིགས་ཀྱི་སྣ་མང་གཞི་གཅིག་གི་བསྡུས་གཟུགས་ཡིན།

བསྐྱོད་ལམ་གསར་བར་ཞུགས་རྗེས། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པའི་སྐོར་གྱི་དགོངས་དོན་གསར་བ་དང་ལྟ་ཚུལ་གསར་བ། ཆོད་གཏམ་གསར་བ་རབ་དང་རིམ་པ་ཆ་ཚང་བ་དང་ཡང་དག་པ། ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གཞི་གཅིག་ཏུ་བཀོད་སྒྲིག་དང་གཞི་གཅིག་ཏུ་རྒྱུས་ལོན་བྱས་ལ། བཅོས་བསྒྱུར་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་གཏིང་ཟབ་བྱས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་བཏང་སྟེ། འཛུགས་སྐྲུན་གཞི་གྲངས་སྔོན་ཚུད་ནས་དཔེ་སྟོན་སྣེ་ཁྲིད་དུ་བསྒྱུར་བར་སྐུལ་འདེད་བཏང་།

འཛུགས་སྐྲུན་བྱ་བའི་ཐད་ཀྱི་འགན་སྲུང་བརྟན་ཞིང་ཤུགས་ལྡན།

མེན་ཧི་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཀོན་ཐིན་གྲོང་རྡལ་མི་དམངས་སྲིད་གཞུང་ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཐུན་མོང་གི་མཚན་སྙན་ཐོབ་པ་དང་། ཀོན་ཐིན་གྲོང་རྡལ་གྱི་གྲོང་དཔོན་པའོ་དབྱི་ཧྥིན་གྱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། མཚན་སྙན་བླ་ན་མེད་པ་དེས་ང་ཚོས་དྲིན་བསམ་འབད་བརྩོན་དང་དཀའ་སྤྱད་མདུན་སྐྱོད་བྱེད་པར་སྐུལ་སློང་ཆེན་པོ་བཏང་། ཏང་གི་གཟི་འོད་འོག མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་སྔར་ལས་རྣམ་པར་བཀྲ་ཐུབ་ལ། ཀོན་ཐིན་གྱི་རིགས་སོ་སོའི་བུ་དང་བུ་མོའི་མ་འོངས་སྔར་ལས་མཛེས་སྡུག་ལྡན་པར་ཡོང་ངེས་ཟེར།

རྒྱལ་ཡིག་རྟགས་ཅན་གྱི་མཚན་སྙན་ནི་དཔེ་མཚོན་ལ་གཟེངས་བསྟོད་བྱེད་པ་ཡིན་ལ། མཚོ་སྔོན་གྱི་མི་རིགས་བྱ་བར་ཁས་ལེན་གང་ལེགས་བྱེད་པ་ཡང་ཡིན།

མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གྱི་འཕེལ་རྒྱས་དེ་ལམ་ལུགས་ཀྱི་སྲུང་སྐྱེལ་དང་འབྲལ་ཐབས་མེད། ལག་ལེན་ཁྲོད། རང་ཞིང་གིས་རྒྱལ་ཡོངས་སུ་ཏང་ཨུས་འཛུགས་སྐྲུན་བྱ་བར་གཅིག་འཛིན་བྱེད་པའི་སྔོན་དཔེ་བསྐྲུན། སྔོན་དུ་རིམ་པ་སོ་སོའི་ཏང་ཨུའི་འགོ་ཁྲིད་གཙོ་བོས་འཛུགས་སྐྲུན་དམ་འཛིན་བྱེད་པའི་འགོ་ཁྲིད་རྐྱེན་སྲོལ་དང་ཆེད་དོན་དཔྱད་ཞིབ་རྐྱེན་སྲོལ། བྱ་དགའི་ཁ་གསབ་རྐྱེན་སྲོལ། གྲོན་དངུལ་དང་དཔུང་སྡེའི་འགན་སྲུང་རྐྱེན་སྲོལ། དཔེ་སྟོན་འགུལ་རྣམ་དོ་དམ་རྐྱེན་སྲོལ། ཕྱོགས་གསུམ་པའི་དཔྱད་འཇོག་རྐྱེན་སྲོལ། དཔེ་སྟོན་དཔེ་མཚོན་ལ་དུས་བཀག་ལྟར་གཟེངས་བསྟོད་བྱེད་པའི་རྐྱེན་སྲོལ་སོགས་ཡུན་རིང་བོར་སྤྱོད་གོ་ཆོད་པའི་བྱ་བའི་རྐྱེན་སྲོལ་བཙུགས། སྔོན་དུ་ནང་འཇུག་གཉིས་ཀྱི་རེ་བ་གལ་ཆེན་ལག་བསྟར་བྱས་པ་དང་། འཛུགས་སྐྲུན་བྱ་བ་དེ་ལོ་ཧྲིལ་བོའི་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པའི་དམིགས་འབེན་འགན་འཁྲིའི་ངེས་པར་དུ་དཔྱད་ཞིབ་བྱེད་དགོས་པའི་ནང་དོན་གཙོ་བོའི་གྲས་ཀྱི་གཅིག་ཏུ་གྱུར། མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་རིམ་པ་དང་རང་སྐྱོང་ཁུལ་དྲུག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག་གཏན་འབེབས་བྱས་ནས་ཕྱིར་བཏོན་པ་དང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་ཀྲུང་ཧྭ་མི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་སྤྱི་ཆིངས་ཕྱིར་བཏོན་ལ། ཟི་ལིང་གྲོང་ཁྱེར་དང་དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་གིས་བརྟན་འཛུགས་བྱ་བའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་འཚོལ་ཞིབ་དང་གཏན་འབེབས་བྱས་པ་དང་། ས་གནས་ཁྲིམས་འཛུགས་བརྒྱུད་དེ། འཛུགས་སྐྲུན་བྱ་བ་དེ་སྡེ་ཁག་སོ་སོའི་ཁྲིམས་བཀོད་འགན་འཁྲི་དང་སྤྱི་དམངས་ཡོངས་ཀྱི་རང་རྟོགས་བརྩི་སྲུང་དུ་གཏན་ཁེལ་བྱས། གསར་གཏོད་བྱེད་ཐབས་རབ་དང་རིམ་པས་མཚོ་སྔོན་གྱི་མི་རིགས་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་སྟོབས་ལྡན་ཤུགས་ཡོད་ཀྱི་ལམ་ལུགས་འགན་སྲུང་འདོན་སྤྲོད་བྱས།

དྲང་སྲུང་གསར་གཏོད་དང་བབ་བསྟུན་མདུན་སྐྱོད་བྱས། ད་ལོར་རང་ཞིང་གིས་རྒྱལ་ཁབ་ཀྱི་ཆེས་གསར་བའི་དམིགས་ཚད་མ་ལག་ལག་བསྟར་བྱས་པ་དང་། ཞིང་ཆེན་གྱི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས། མཚོ་སྔོན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་འཛུགས་སྐྲུན་གྱི་ཚད་འཇལ་དཔྱད་འཇོག་ཚོད་ལྟའི་དམིགས་ཚད་མ་ལག་ཕྱིར་བཏོན་པ་དང་། རེ་བ་སྔར་ལས་མཐོན་པོ་དང་སྔར་ལས་ནན་མོས་རྒྱལ་ཁབ་ཀྱི་ཚད་གཞི་ལག་བསྟར་བྱས་པ་དང་། འཛུགས་སྐྲུན་བྱ་བའི་ཐད་ནས་ནམ་ཡང་གཙོ་སྙིང་ལ་དམིགས་པ་དང་གཙོ་སྙིང་འབུར་དུ་ཐོན་པར་བྱེད་པ། གཙོ་སྙིང་ལ་ཞབས་འདེགས་ཞུ་བ། གཙོ་སྙིང་ལག་བསྟར་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་འདྲེན་བྱེད་གལ་ཆེན་དུ་གྱུར། ཉེ་སྔོན། ཞིང་ཆེན་ཡོངས་སུ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་རེ་གཉིས་དང་དཔེ་སྟོན་སྡེ་ཁག་སོ་གསུམ། སློབ་གསོའི་རྟེན་གཞི་དགུ་བཙུགས་པ་དང་། ཞིང་ཆེན་རིམ་པའི་དཔེ་སྟོན་ཁུལ་དང་དཔེ་སྟོན་སྡེ་ཁག་དང་སློབ་གསོའི་རྟེན་གཞི་དང་ན་གཞོན་ལོ་ཆུང་གི་སློབ་གསོའི་དཔེ་སྟོན་ས་ཆ་བཅས་བཞི་བརྒྱ་དང་གོ་བཞི་ལ་མིང་བཏགས་ལ། རྒྱལ་ཡོངས་ཀྱི་དཔེ་སྟོན་དཔེ་མཚོན་ཉིས་བརྒྱ་དང་གོ་དགུ་དང་། ཞིང་ཆེན་དང་གྲོང་ཁྱེར། རྫོང་རིམ་པ་གསུམ་གྱི་སྔོན་ཐོན་དཔེ་མཚོན་སྟོང་གསུམ་དང་བདུན་བརྒྱ་ལྷག་བདམས།

མཉམ་སྐྲུན་མཉམ་སྤྱོད་ཀྱི་གཞིས་ཁུལ་གྱི་སྣང་ཚུལ་ཧ་ཅང་སྟུག

ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་མེ་འཁོར་ས་ཚིགས་སྲང་ལམ་ཧྥུའུ་མེན་ལམ་གཞིས་ཁུལ་འཁྱག་མཛོད་ར་སྐོར་རུ་སྡོད་པའི་ཝང་ཡུས་ཡུས་ཀྱིས་གཞིས་ཁུལ་གྱི་སྔོན་ཆད་ཀྱི་རྣམ་པ་ཕྱིར་དྲན་བྱེད་དུས་སྔོན་ཆད་ཀྱི་མི་སྡོད་ཁོར་ཡུག་ཧ་ཅང་བཙོག་ཟེར། ཁོས་གསར་འགོད་པར་བཤད་རྒྱུར། གཞིས་ཁུལ་བསྒྱུར་བཀོད་དེ་བལྟས་ན་དོན་དག་ཆུང་ཆུང་ཞིག་ཡིན་ན་ཡང་། ང་ཚོ་སྡོད་དམངས་རྣམས་ལ་མཚོན་ནས་བཤད་ན་དོན་ཆེན་ཞིག་ཡིན། བསྒྱུར་བཀོད་བྱས་རྗེས། གཞིས་ཁུལ་གྱི་ཁོར་ཡུག་ཇེ་བཟང་དུ་སོང་བ་དང་། ཚང་མའི་བྱང་ཚད་ཀྱང་ཇེ་བཟང་དུ་སོང་ལ། ཁྱིམ་མཚེས་བར་གྱི་འབྲེལ་བ་སྔར་ལས་འཆམ་མཐུན་དུ་གྱུར་ཟེར།

ཧྥུའུ་མེན་ལམ་གཞིས་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ཧྥན་ཙིན་ཝེ་ཡིས་གསར་འགོད་པར་བཤད་རྒྱུར། གཞིས་ཁུལ་དེ་ནི་ང་ཚོ་ཧྥུའུ་མེན་ལམ་གཞིས་ཁུལ་གྱི་བྱ་བ་སྤེལ་བའི་ཚུན་དུ་འགྱུར་ལྡོག་ཆེས་ཆེ་བའི་གཞིས་ཁུལ་ཡིན་པ་དང་། ལོ་དྲུག་གི་སྔོན་དུ་ག་ས་གང་དུ་གད་སྙིགས་ཀྱི་ཁེངས་ཡོད་པ་དང་། སྐོར་གྱང་ཡང་ལོ་ངོ་མང་པོར་ཉམས་གསོ་མ་བྱས་པས་གྱང་ངོས་ཀྱི་ཚོས་ཁྲ་གོག་ཡོད་ལ། ད་དུང་ཚལ་ཞིང་ཡང་མང་པོ་ཡོད་པ་དང་། མགོ་རྔ་མེད་པར་བཞག་ཡོད་པའི་རླངས་འཁོར་གྱིས་སྡོད་དམངས་ཕྱིར་བགྲོད་ཐད་བཀག་རྐྱེན་བཟོས་ཡོད། ལོ་འགའི་རིང་གི་འབད་འཐབ་བརྒྱུད་དེ། གཞིས་ཁུལ་ལ་གནམ་ས་བརྗེ་བ་ལྟ་རུའི་འགྱུར་ལྡོག་བྱུང་བ་དང་། ར་སྐོར་ནང་དུ་སྡོད་དམངས་ངལ་གསོ་ས་ཡོད་ལ། སྡོད་དམངས་ཚོ་ཡང་ཕྱིར་བུད་དེ་ཁྱིམ་མཚེས་བར་ཁ་བརྡ་བྱས་ནས་ཕན་ཚུན་བར་གྱི་འབྲེལ་བ་ཧ་ཅང་བཟང་ཟེར།

གཞིས་ཁུལ་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་བཟང་བོར་བསྒྲུབ་པའི་གཡུལ་ས་གཙོ་བོ་ཡིན། ཧྥུའུ་མེན་ལམ་གཞིས་ཁུལ་གྱིས་རྒྱུན་མཐུད་ངང་མི་དམངས་ལ་ཞབས་འདེགས་ཞུ་བ་དང་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་ཐག་གཅོད་རྒྱུ་དེ་མི་རིགས་མཐུན་སྒྲིལ་བྱ་བའི་བྱེད་ཐབས་གལ་ཆེན་དུ་བརྩིས་ནས། རང་འགུལ་གྱི་རྣམ་འགྱུར་ཁྱེར་ནས་སྡོད་དམངས་ཀྱི་དཀའ་གནད་ཐག་བཅད་པ་དང་། སྡོད་དམངས་བར་གྱི་འབྲེལ་འདྲིས་ཟམ་ལམ་བཟང་བོ་བཙུགས་ལ། བློ་སེམས་རྩེ་གཅིག་གིས་མངའ་ཁུལ་གྱི་རིགས་སོ་སོའི་མང་ཚོགས་ལ་དོན་དངོས་བསྒྲུབས་པ་དང་དཀའ་གནད་ཐག་བཅད་པ་དང་། བྱེད་ཐབས་གང་ཡོད་ཀྱིས་རིགས་སོ་སོའི་མང་ཚོགས་ཀྱི་སྐྱིད་སྣང་དང་ཡིད་ཚིམ་ཚད་ཇེ་མཐོར་བཏང་།

མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་སྐུལ་འདེད་གཏོང་བའི་ཁྲོད། རང་ཞིང་གིས་གཞིས་ཁུལ་གྱི་ཏང་རྩ་འཛུགས་དང་གཞིས་ཁུལ་གྱི་ཏང་ཀྲི་པུའུ། ཁེ་བདག་ཨུ་ཡོན་ལྷན་ཁང་དང་སྡེ་ལས་ཞབས་ཞུ་ཁེ་ལས་བཅས་མཉམ་འབྲེལ་བྱས་པའི་གཞིས་ཁུལ་གྱི་མི་རིགས་བྱ་བའི་མ་དཔེ་བཙུགས་པ་དང་། གཞིས་ཁུལ་གྱི་སེ་འབྲུ་ཁྱིམ་གཞི་སུམ་བརྒྱ་དང་གྱ་བརྒྱད་གསར་སྐྲུན་བྱས། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་བརྗོད་དོན་དུ་བྱས་པའི་མཛའ་འབྲེལ་བྱ་འགུལ་རྒྱ་ཆེར་སྤེལ་བ་དང་། རྒྱ་ལོ་བཅོ་ལྔ་ཉིན་གྱི་སྒྲོན་ཁེད་སྤྲོ་ཚོགས་དང་བོད་ཀྱི་ལོ་གསར་གྱི་མཉམ་འབྲེལ་སྤྲོ་ཚོགས། མི་རིགས་རོ་ཉམས་ལུས་རྩལ་འགྲན་ཚོགས་སོགས་ཁྱད་ལྡན་བྱ་འགུལ་བསྡུས་ནས། མི་རིགས་སོ་སོའི་མང་ཚོགས་མཉམ་སྡོད་མཉམ་སློབ་དང་མཉམ་འཛུགས་མཉམ་སྤྱོད། མཉམ་ལས་མཉམ་སྤྲོ་བྱེད་པའི་སྤྱི་ཚོགས་གྲུབ་ཚུལ་དང་གཞིས་ཁུལ་ཁོར་ཡུག་བསྐྲུན།

འགྲོ་འོང་བརྗེ་རེས་དང་མཉམ་འདྲེས་ཀྱི་གཏིང་ཚད་དང་ཡངས་ཚད་ནུས་པ་ལྡན་པའི་སྒོ་ནས་རྒྱ་སྐྱེད།

མགོ་ལོག་ནི་རྨ་ཆུའི་འགོ་ཁུངས་ཡིན་ལ། ཏུང་དབྱིན་ནི་རྨ་ཆུའི་ཆུ་འབབ་མཚོ་ཁ་ཡིན། ཟླ10པའི་ཚེས23ཉིན། མགོ་ལོག་ཁུལ་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཧྲན་ཏུང་ཞིང་ཆེན་ཏུང་དབྱིན་གྲོང་ཁྱེར་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་གཉིས་ཀྱིས་མཉམ་དུ་བསྡུས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་མཉམ་སྐྲུན་མཉམ་འཛུགས་སྤེལ་འགོ་རྩོམ་པའི་མཛད་སྒོ་ཏུང་དབྱིན་དུ་བསྡུས།

འགོ་མཇུག་མཉམ་འབྲེལ་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལམ་བུ་གསར་བ་འཚོལ་ཞིབ་བྱས། བྱ་འགུལ་ཁྲོད། ཕྱོགས་གཉིས་ཀྱིས་པར་རིས་འགྲེམ་སྟོན་དང་རིག་གནས་སྒྱུ་རྩལ་བརྗེ་རེས། ཡུལ་དངོས་རྟོག་ཞིབ་སོགས་ཀྱི་རྣམ་པ་སྣ་མང་བརྒྱུད་དེ། ཕན་ཚུན་སློབ་སྦྱོང་དང་དཔེ་ལྟ་བྱས་པ་དང་། བྱ་བའི་བསམ་ཕྱོགས་རྒྱ་སྐྱེད་ལ། བྱ་བའི་ནུས་པ་མཐོར་འདེགས་བཏང་། ཕྱོགས་གཉིས་ཀྱིས་ད་དུང་ཐོན་ཁུངས་ཆ་འཕྲིན་མཉམ་སྤྱོད་བྱེད་པ་དང་དྲིལ་སྒྲོག་སློབ་གསོ་སྤེལ་བ། སྟེགས་བུ་འདྲེན་བྱེད་གསར་སྐྲུན་བྱེད་པ། ཞབས་ཞུའི་དོ་དམ་ལ་ཤུགས་སྣོན་པ་སོགས་ཕྱོགས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མཉམ་སྐྲུན་མཉམ་འཛུགས་དང་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཀོད་པ་དང་། ཏུང་དབྱིན་གྲོང་ཁྱེར་དང་མགོ་ལོག་ཁུལ་གཉིས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ཕྱོགས་ནས་ཁུལ་ཁོངས་བརྒལ་བ་དང་ཕྱོགས་ཡོངས་དང་སྣ་མང་ཅན་གྱི་བརྗེ་རེས་མངོན་འགྱུར་བྱེད་པར་སྐུལ་འདེད་བཏང་།

ཉེ་བའི་ལོ་འགའི་རིང་ལ། མགོ་ལོག་ཁུལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་བཏང་བ་དང་། བསྐྱོད་པ་བཅུ་གཅིག་འཛུགས་སྐྲུན་བྱེད་རྒྱུ་དེ་བྱེད་ཐབས་སུ་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་བྱ་འགུལ་སྤེལ་བའི་བྱེད་ཐབས་གསར་བ་དང་ཐབས་ལམ་གསར་བ་འཚོལ་ཞིབ་བྱས། མགོ་ལོག་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཆི་ལི་ཐིན་གྱིས་བཤད་རྒྱུར། མགོ་ལོག་དང་ཏུང་དབྱིན་གཉིས་ཀ་རྨ་ཆུའི་དབང་གིས་འབྲེལ་བ་བཙུགས་པ་དང་། རྨ་ཆུ་དེ་ས་གཉིས་བར་གྱི་བརྩེ་སེམས་ཀྱི་སྒྲོག་ཐག་ལྟ་བུར་གྱུར་ཡོད། ང་ཚོས་ཐེངས་འདིའི་མཉམ་སྐྲུན་མཉམ་འཛུགས་བྱ་འགུལ་གོ་སྐབས་སུ་བརྩིས་ནས། སློབ་སྦྱོང་ལ་ཤུགས་སྣོན་པ་དང་བརྗེ་རེས་ཇེ་ཟབ་ཏུ་བཏང་ལ། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་དང་མི་རིགས་རིག་གནས་སྔོག་འདོན། མི་རིགས་ཐོན་ལས་འཕེལ་རྒྱས་སོགས་ཀྱི་ཁྱབ་ཁོངས་ལ་དམིགས་ཏེ། ཏུང་དབྱིན་བར་གྱི་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མཉམ་འཛུགས་མཉམ་སྐྲུན་གྱི་མ་དཔེ་གསར་བ་ཞིག་འཚོལ་ཞིབ་བྱས།

རང་ཞིང་གིས་ནམ་ཡང་མི་རིགས་སོ་སོའི་བར་གྱི་འགྲོ་འོང་བརྗེ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཀྲུང་ཧྭ་མི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་རྩ་བའི་ཐབས་ལམ་དུ་བརྩིས་ནས། སྟེགས་བུ་ཕུན་སུན་ཇེ་ཚོགས་སུ་བཏང་བ་དང་ཐབས་ལམ་རྒྱ་སྐྱེད་ལ། རྣམ་པ་གསར་གཏོད་བྱས་པ་དང་། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་དང་ཤར་ནུབ་རྒྱུད་མཉམ་ལས་ཀྱི་རྐྱེན་སྲོལ་ནུས་པ་འདོན་སྤེལ་བྱས་ལ། རྒྱབ་སྐྱོར་གྱི་སྲིད་ཇུས་ཕྱིར་འདོན་པ་དང་སྟབས་བདེའི་ཆ་རྐྱེན་གསར་སྐྲུན་བྱེད་པ། དྲིལ་སྒྲོག་སྐུལ་སློང་རྒྱ་ཆེར་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་དེ། གཞི་རིམ་ལས་བྱེད་པ་དང་ན་གཞོན་ལོ་ཆུང་། རིགས་སོ་སོའི་མང་ཚོགས་མཚོ་སྔོན་ནས་ཕྱིར་བསྐྱོད་པ་དང་རྒྱལ་ཡོངས་ཀྱི་ཁྲོད་དུ་འདྲེས་པར་སྐུལ་འདེད་བཏང་ནས། སུས་ཀྱང་སུ་དང་འབྲལ་ཐབས་མེད་པའི་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་གྲུབ་པར་བྱས།

མཐུན་འགྲིག་ཡོང་ན་བྱ་བ་འགྲུབ་པ་དང་། མཐུན་སྒྲིལ་ཡོང་ན་སྟོབས་ཤུགས་ལྡན། མཚོ་སྔོན་སྔ་ན་མེད་པའི་གཅིག་བསྡུ་ནུས་པ་དང་ལྟེ་ཕྱོགས་ནུས་པར་བརྟེན་ནས་མུ་མཐུད་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བགྲོད་ལམ་སྟེང་བློ་བརྟན་འགྱུར་མེད་ཀྱིས་མདུན་སྐྱོད་བྱེད་ཀྱིན་ཡོད་པ་དང་། སེམས་ཤུགས་ཡོད་རྒུས་མི་རིགས་སོ་སོའི་བདེ་སྐྱིད་ཀྱི་པར་རིས་གསར་བ་བྲིས།

རིན་ཆེན་མཚོས་བསྒྱུར།