དཀོན་ལོ་གོང་མ་སྡེ་བའི་སང་ཉིན་སྔར་ལས་མཛེས་སྡུག་ལྡན།
2025.03.19 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

རྐང་ཚ་རུ་དུས་རྟག་ཏུ་རླུང་གི་རྒྱུ་བ་ཆེ་ཞིང་། ནོར་ལུག་གི་ངུར་སྒྲ་དང་འབའ་སྒྲས་ཁེངས་པའི་རྩྭ་ཐང་དུ་དུས་རྒྱུན་པར་རླུང་གི་རྒྱུ་བ་རྒོད།

2021ལོའི་ཟླ7པར། ང་རང་རྩ་འཛུགས་ཀྱི་འདེམ་མངགས་བརྒྱུད་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་ནས་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བར་གྲོང་གསེབ་དར་རྒྱས་ཀྱི་སྡེ་སྡོད་ཧྲུའུ་ཅི་དང་པོའི་འགན་ཁུར་བ་དང་ད་ལྟའི་བར་ལོ་གསུམ་ལྷག་འགོར་ཡོད།

ལོ་གསུམ་ལྷག་གི་སྡེ་སྡོད་ལོ་ཟླའི་ནང་། ངའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དཀོན་ལོ་གོང་མ་སྡེ་བར་གཟིགས་ཞིབ་གནང་བའི་ཚུན་བྱུང་བའི་འགྱུར་ལྡོག་ཆེན་པོ་མིག་གིས་མཐོང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཕེབས་པ་དེས་མི་ཚང་མར་སྐུལ་མ་ཆེན་པོ་ཐེབས་པ་དང་ལས་བྱེད་པ་ཡོངས་ལ་ངར་ཤུགས་ཀྱིས་ཁེངས་པ་མ་ཟད་སྡེ་མི་ཡོངས་ལ་ཡིད་ཆེས་ཀྱིས་ཁེངས། རྒྱ་ཆེའི་མི་དམངས་ཀྱི་བསམ་བློའི་ངོས་འཛིན་ཀྱི་འགྱུར་བ་དང་གྲོང་གསེབ་ཀྱི་རྣམ་པའི་འགྱུར་ལྡོག སྡེ་བའི་ཐུན་མོང་ཐོན་ལས་ཀྱི་འཕེལ་རྒྱས། མང་ཚོགས་ཀྱི་ཡོང་འབབ་འཕར་བ་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱུང་བ་སོགས་ཀྱིས་ང་ལ་མྱོང་ཚོར་ཟབ་མོ་བྱིན།

རྨང་གཞིའི་་སྒྲིག་ཆས་མུ་མཐུད་འཐུས་ཚང་བཏང་ནས་གྲོང་གསེབ་ཀྱི་རྣམ་པ་རྙིང་བ་གསར་བར་བསྒྱུར། སྡེ་བའི་ནང་གི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་མུ་འཐུད་ཤུགས་སྣོན་བྱས་ནས། ད་ལྟ་སྡེ་བ་ཡོངས་ཀྱི་དུད་ཚང་དྲུག་བརྒྱ་ཉེར་ལྔའི་མང་ཚོགས་ཀྱི་སྡོད་ཁང་བདེ་འཇགས་སྐྱིད་པོ་དང་འཐུང་ཆུའི་མཁོ་འདོན་གཏན་འཇགས་བྱུང་། རྒྱ་ཆེ་ཞིང་ཁོད་སྙོམས་པའི་བགྲོད་ལམ་དེ་ཕྱུགས་ལས་ཐོན་སྐྱེད་ཁུལ་དང་ལྷག་པར་དུ་གཅིག་བསྡུས་གཏན་སྡོད་ས་ཁུལ་གྱི་མང་ཚོགས་དུད་ཚང197བར་དུ་བསྲིངས་ཡོད། ཁྱིམ་ཚང་རེ་རེར་རང་འབབ་ཆུ་འཐེན་པ་དང་་ཆུ་བཤལ་རྣམ་པའི་སྤྱོད་ཁང་ཡང་བཀོལ་སྤྱོད་བྱས། འཚོ་བའི་ཆ་རྐྱེན་ནི་གྲོང་ཁྱེར་གྱི་མི་དང་མཐོ་དམན་མེད། དེ་མིན་སྡེ་བའི་མཐའ་འཁོར་དུ་ད་དུང་སྐྱེ་ཁམས་སྤྱི་གླིང་སོགས་སྤྲོ་གསེང་རོལ་རྩེད་བྱ་ཡུལ་དང་སྒྲིག་ཆས་ཆ་ཚང་བར་འཛུགས་སྐྲུན་བྱས་པ་ལས་མང་ཚོགས་ཀྱི་ལས་ཞོར་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད།

བསམ་བློའི་འདུ་ཤེས་དུས་བསྟུན་མདུན་སྐྱོད་དང་འཕེལ་རྒྱས་འདུ་ཤེས་མངོན་གསལ་དོད་པོས་ཆེ་རུ་ཕྱིན། སྔོན་ཆད་སྡེ་བའི་མང་ཚོགས་ཀྱི་ཡོང་འབབ་འབྱུང་ཁུངས་ཅུང་གཅིག་རྐྱང་ཡིན་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་འདུ་ཤེས་བལྟོས་བཅོས་ཀྱིས་ཞན། ད་ལྟ་རྒྱ་ཆེའི་མང་ཚོགས་ཀྱིས་རྒྱལ་ཁབ་ཀྱི་སྲིས་ཇུས་དང་ལེན་ཧུར་ཐག་བྱས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཕྱུགས་འགོག་དང་རྩྭ་ཕྱུགས་དོ་མཉམ་ཀྱི་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱས་ནས། ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་ནང་ཞུགས་ཏེ། དེང་རབས་ཀྱི་ནུས་མཐོའི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་བྱེད་བཞིན་ཡོད་པར་མ་ཟད། གཅིག་རྐྱང་གི་ཕྱུགས་ལས་འཕེལ་རྒྱས་ནས་རིམ་བཞིན་ཕྱུགས་ལས་དང་ཚོང་ལས། རིག་གནས་དང་ཡུལ་སྐོར་བཅས་མཉམ་འདྲེས་ཀྱི་སྣ་མང་ཅན་གྱི་རིག་ལམ་དུ་བསྒྱུར་ཡོད། ད་ལྟ་གྲོང་ཚོ་ཡོངས་འཕེལ་རྒྱས་གཏོང་རྒྱུ་དེ་མི་ཚང་མ་དང་འབྲེལ་བ་དམ་ཟབ་ཡོད་པ་ཤེས་ནས་ཧུར་བརྩོན་དང་རང་འགུལ་ངང་གྲོང་གསེབ་འཛུགས་སྐྲུན་ལ་རང་ཉིད་ཀྱི་སྟོབས་ཤུགས་འབུལ་བཞིན་ཡོད།

མང་ཚོགས་ཀྱི་ཡོང་འབབ་བརྟན་པོའི་ངང་འཕར་བ་དང་། འཚོ་བའི་ཆུ་ཚད་ཉིན་རེ་བཞིན་ཇེ་མཐོར་འགྲོ་བཞིན་ཡོད། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་རྒྱུན་འཁྱོངས་ལྷོད་མེད་ངང་སྲ་བརྟན་དུ་བཏང་བ་དང་གྲོང་གསེབ་ཀྱི་དར་རྒྱས་འཐབ་ཇུས་ལ་སྐུལ་འདེད་བཏང་བ་བརྒྱུད། དཀོན་ལོ་གོང་མ་སྡེ་བའི་མང་ཚོགས་ཀྱི་ཡོང་འབབ་ལོ་རེ་བཞིན་བརྟན་པོའི་ངང་འཕར་ཡོད། 2024ལོར་དབུལ་ཕོངས་དུད་ཁྱིམ་གྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཆིག་ཁྲི་དགུ་སྟོང་བརྒྱད་བརྒྱ་བཅུ་བདུན་ཟིན་ཞིང་། དབུལ་ཕོངས་དུད་ཁྱིམ་དང་།གནས་སྤོས་དུད་ཁྱིམ་གྱི་མི་རེའི་ཆ་སྙོམས་ཡོང་འབབ་ལོ་གོང་མ་ལས་ཚད་མི་འདྲ་བའི་འཕར་སྣོན་བྱུང་བས། གྲོང་མི་ཚང་མའི་འཚོ་བ་ཇེ་ལེགས་སུ་ཕྱིན་པ་དང་བདེ་སྐྱིད་དམིགས་ཚད་མཐོ་རུ་ཕྱིན་པ་དངོས་སུ་ཚོར་ཐུབ།

ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཕྱིན་པ་དང་ཐོན་ལས་དར་རྒྱས་ཡོང་བའི་ཕན་ནུས་མངོན་གསལ་དོད་པོ་ཐོན་ནས་དབུལ་ཐར་མཁྲེགས་གཏོར་ནས་གྲོང་གསེབ་དར་རྒྱས་གཏོང་བའི་བར་གྱི་འཕེལ་རིམ་ཁྲོད། དཀོན་ལོ་གོང་མ་སྡེ་བའི་ཐུན་མོང་དཔལ་འབྱོར་ཐོན་ལས་མེད་པ་ནས་ཡོད་པ་དང་། ཞན་པ་ནས་སྟོབས་ལྡན་དུ་འགྱུར་བའི་སྣང་ཚུལ་བཟང་བོ་བྱུང་ཡོད། གྲོང་ཚོའི་ནང་ཨར་ལས་རྒྱུ་ཆའི་ཁྲོམ་རའི་སོགས་ཐུན་མོང་ཐོན་ལས་མང་པོ་ཡོད་པ་མ་ཟད། 2024ལོར་ང་ཚོས་གྲོང་ཚོའི་སྦི་རག་བཟོ་གྲྭ་བསྐྲུན་པ་དང་། གྲོང་ཚོའི་ཐུན་མོང་གི་ཞིང་ཕྱུགས་ཐོན་རྫས་གསར་སྤེལ་ཀུང་ཟི་ཐོ་འགོད་བྱས་ནས་བཙུགས་པ་དང་། སྐམས་ཤ་དང་ལུག་ཤའི་ལས་སྣོན་འཁོར་ཁང་བསྐྲུན་པ་མ་ཟད། ཟི་ལིང་གྲོང་ཁྱེར་དང་དེ་བཞིན་ཞིང་ཆེན་ཕྱི་རོལ་དུ་སྐམས་ཤ་དང་ལུག་ཤའི་ཐད་འཚོང་ཚོང་ཁང་བཙུགས་ཡོད། དེ་དང་ཆབས་ཅིག་གྲོང་གསེབ་ཀྱི་ཡུལ་སྐོར་འཚོལ་ཞིབ་དང་འཕེལ་རྒྱས་སུ་བཏང་ནས་བྱེད་ཐབས་མང་པོ་མཉམ་དུ་སྤྱད་པས། 2024ལོར་གྲོང་ཚོའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་སྒོར་ས་ཡ་གཉིས་ལས་བརྒལ་ནས་གྲོང་ཚོའི་རྒྱུན་མཐུད་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྩལ་ཡོད།  འདས་ཟིན་པའི་ལོ་ཤས་ལ་ཕྱིར་མིག་བལྟས་ན། དཀོན་ལོ་གོང་མ་སྡེ་བ་སྔ་རྗེས་སུ་རྒྱལ་ཡོངས་གྲོང་གསེབ་བཅོས་སྐྱོང་དཔེ་སྟོན་གྲོང་ཚོ་དང་ཀྲུང་གོའི་མཛེས་སྡུག་ལྡན་པའི་སྤྲོ་གསེང་གྲོང་ཚོ་སོགས་ཀྱི་གཟི་བརྗིད་མཚན་སྙན་མང་པོ་ཐོབ་པ་མ་ཟད། 2024ལོར་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཐུན་མོང་གི་མཚན་སྙན་ཀྱང་ཐོབ་པ་རེད། གཟི་བརྗིད་དེ་དག་གི་རྒྱབ་ཏུ་ལས་བྱེད་པ་ཡོངས་དང་གྲོང་མི་ཡོངས་ཀྱིས་དཀའ་སྤྱད་དང་འབད་བརྩོན་གྱི་རྔུལ་ཆུ་བཏོན་ཡོད་ལ། ཚང་མས་མཐུན་གྱིས་འབད་འཐབ་བྱས་པའི་མཇུག་འབྲས་ཡིན་པར་མ་ཟད། ང་ཚོའི་མ་འོངས་པའི་འཕེལ་རྒྱས་ལ་སྐུལ་སྤེལ་དང་སྐུལ་ལྕག་ཀྱང་བཏང་ཡོད། ང་ཚོས་ཐོག་མའི་སེམས་འདུན་མི་བརྗེད་པར་མུ་མཐུད་མདུན་སྐྱོད་བྱས་ནས་དཀོན་ལོ་གོང་མ་སྡེ་བའི་སང་ཉིན་སྔར་ལས་མཛེས་སྡུག་ལྡན་པར་འབད་བརྩོན་བྱ་རྒྱུ་ཡིན།


དངོས་སྦྱོང་སློབ་མ་ཉི་འབུམ་དང་ལྷ་མོ་སྒྲོལ་མས་བསྒྱུར།