སྟོབས་ལྡན་བཞི་འཛུགས་སྐྲུན་ལ་བརྟེན་ནས་དྲ་འཕྲིན་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་།
2025.06.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

___ཞིང་ཆེན་ཏང་ཨུའི་དྲ་འཕྲིན་གཞུང་སྒྲུབ་ཁང་ཆ་འཕྲིན་ཅན་ཁྲུའུ་ཡི་ཏང་ཀྲི་པུའུ་ཡི་གནས་ཚུལ་བཀོད་པ། 

ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་ཏང་ཨུའི་དྲ་འཕྲིན་གཞུང་སྒྲུབ་ཁང་ཆ་འཕྲིན་ཅན་ཁྲུའུ་ཡི་ཏང་ཀྲི་པུའུ་ཡིས་ཆབ་སྲིད་ཀྱི་རྩོལ་ནུས་ཆེ་བ་དང་ཏང་ཡོན་དཔུང་སྡེ་སྟོབས་དང་ལྡན་པ། ནུས་པ་འདོན་སྤེལ་བཟང་བོ་བྱེད་པའི་དམིགས་འབེན་ལ་དམ་དུ་དམིགས་ནས། མངག་བཅོལ་སེམས་ལ་བརྟན་པོར་འཛིན་པ་དང་དྲིན་བསམ་མདུན་སྐྱོད། ལས་ཁུངས་ཀྱིས་སྔོན་ཐོན་བརྩོན་ལེན་བྱེད་པའི་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་བ་དང་། ཏང་འཛུགས་བྱ་བ་དང་དྲ་འཕྲིན་ལས་སྒོ་མཉམ་བསྲེས་གཏིང་ཟབ་བྱས་པས། ཏང་ཀྲི་པུའུ་འཛུགས་སྐྲུན་དེ་འཐབ་འཛིང་གི་བཙན་རྫོང་བརྟན་པོར་གྱུར་བ་དང་། ཁྱབ་ཁོངས་མང་པོ་ནས་གྲུབ་འབྲས་མངོན་གསལ་བླངས།

སྐྱེ་ཁམས་སྲུང་སྐྱོབ་ཁྱབ་ཁོངས་སུ། ཞིང་ཆེན་ཏང་ཨུའི་དྲ་འཕྲིན་གཞུང་སྒྲུབ་ཁང་ཆ་འཕྲིན་ཅན་ཁྲུའུ་ཡི་ཏང་ཀྲི་པུའུ་ཡིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་ཟབ་མོ་བྱས་པ་དང་། གཞི་གྲངས་ཅན་དང་ལྗང་མདོག་ཅན་གྱི་མཉམ་ལས་ཚུལ་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་བཏང་། དུས་རབས་གསར་བའི་ཆ་འཕྲིན་ལག་རྩལ་དང་ལྗང་མདོག་ཐཱན་ཉུང་ཐོན་ལས་མཉམ་བསྲེས་བྱེད་པར་སྐུལ་འདེད་བཏང་བ་བརྒྱུད་དེ། སྐྱེ་ཁམས་ཀྱི་ཕྱིའི་རྣམ་པ་དང་དཔལ་འབྱོར་གྱི་རིན་ཐང་གཉིས་མཉམ་དུ་མཐོར་འདེགས་གཏོང་བ་མངོན་འགྱུར་བྱས། མཚོ་སྔོན་གྱི་གཞི་གྲངས་ལྟེ་གནས་མང་པོར་རྒྱལ་ཁབ་ཀྱི་ལྗང་མདོག་གཞི་གྲངས་ལྟེ་གནས་ཀྱི་མཚན་སྙན་ཐོབ་པ་དང་། ཀྲུང་དབྱང་དྲ་འཕྲིན་གཞུང་སྒྲུབ་ཁང་ལ་ངོ་སྤྲོད་བྱས་པའི་འབྲེལ་ཡོད་དཔེ་གཞི་གཞི་གྲངས་ཅན་དང་ལྗང་མདོག་ཅན་གྱི་མཉམ་ལས་ཚུལ་སྒྱུར་འཕེལ་རྒྱས་ཀྱི་ཕུལ་བྱུང་དཔེ་གཞིའི་ཁྲོད་ཚུད་དེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་ཐད་དྲ་འཕྲིན་གྱི་སྟོབས་ཤུགས་ཕུལ།

ཐོན་ལས་དར་སྤེལ་ཕྱོགས་ནས། ཞིང་ཆེན་ཏང་ཨུའི་དྲ་འཕྲིན་གཞུང་སྒྲུབ་ཁང་ཆ་འཕྲིན་ཅན་ཁྲུའུ་ཡི་ཏང་ཀྲི་པུའུ་ཡིས་དཀྱིལ་སྙིང་ལ་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་པ་དང་། ཏང་འཛུགས་ཀྱིས་སྣེ་ཁྲིད་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྤུས་གསར་ཐོན་སྐྱེད་ནུས་ཤུགས་སྐྱེད་སྲིང་བྱེད་པའི་བརྗོད་དོན་ཏང་གི་ཉིན་མོའི་བྱ་འགུལ་སྤེལ། ཏང་གི་འཛུགས་སྐྲུན་སྣེ་ཁྲིད་དུ་བྱས་ཏེ། མཉམ་འབྲེལ་དྲ་རྒྱའི་གྲོས་མཐུན་པར་གཞི་དྲུག་པའི་གཞི་ཁྱོན་བཀོད་སྒྲིག་དང་བེད་སྤྱོད། དམངས་ཡོངས་གྲངས་ཀའི་བློ་སྦྱོང་དང་རྩལ་ནུས་མཐོར་འདེགས། གྲངས་ཀའི་གྲོང་གསེབ་འཕེལ་རྒྱས་སུ་གཏོང་བ་སོགས་ཀྱི་བྱ་བའི་སྟེང་གྲུབ་འབྲས་གཡུར་དུ་ཟ་བ་བླངས། དྲ་འཕྲིན་གྱི་འཆར་འགོད་ལ་དམིགས་ནས་གྲངས་ཀའི་མཚོ་སྔོན་འཛུགས་སྐྲུན་གྱི་རྟོག་ཞིབ་སྤེལ་བ་དང་། ཆ་འཕྲིན་ཅན་གྱི་འཕེལ་རྒྱས་ལ་བརྟེན་ནས་ཐོན་ལས་གནས་བཞི་འཛུགས་སྐྲུན་གྱི་ཚད་ཇེ་མགྱོགས་སུ་གཏོང་བར་རམ་འདེགས་བྱས་ལ། འབྲེལ་ཡོད་གྲུབ་འབྲས་ལ་ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་རྟོག་ཞིབ་སྙན་ཞུའི་བྱ་དགའ་ཨང་གསུམ་པ་ཐོབ།

མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ཁྲོད། ཞིང་ཆེན་ཏང་ཨུའི་དྲ་འཕྲིན་གཞུང་སྒྲུབ་ཁང་ཆ་འཕྲིན་ཅན་ཁྲུའུ་ཡི་ཏང་ཀྲི་པུའུ་ཡིས་མི་རིགས་མཐུན་སྒྲིལ་དང་མང་ཚོགས་ཀྱི་ཆེད་དུ་དོན་དངོས་བསྒྲུབ་པའི་མ་དཔེ་གསར་བ་འཚོལ་ཞིབ་བྱས། ཁྱད་ལྡན་བརྗོད་དོན་ཏང་གི་ཉིན་མོ་དང་རོགས་སྐྱོར་བྱ་འགུལ་སྤེལ་བ་དང་། གུང་ཧོ་རྫོང་སློབ་ཆུང་དང་པོ་དང་ཡུས་ཧྲུའུ་གྲོང་ཁྱེར་རོང་པོ་གྲོང་རྡལ་ལྟེ་གནས་བཅའ་སྡོད་སློབ་གྲྭ ནང་ཆེན་རྫོང་སྐྱོབ་བྲག་ཡུལ་ཚོའི་བཅའ་སྡོད་སློབ་ཆུང་བཅས་སྐོར་ཁག་དང་པོའི་གྲོང་གསེབ་ཀྱི་ན་གཞོན་ལོ་ཆུང་གི་གྲངས་ཀའི་བློ་སྦྱོང་སྐྱེད་སྲིང་ས་ཚིགས་ཁྲོད་བདམས་པར་སྐུལ་འདེད་བཏང་ལ། སློབ་གྲྭ3གྱི་སློབ་མ་སྟོང་གཅིག་ལྷག་ལ་ཁ་གཏད་དེ་དྲ་ཐོག་སློབ་གསོ་རོགས་སྐྱོར་བྱ་འགུལ་སྤེལ་བ་དང་། བསྡོམས་པས་རིན་ཐང་སྒོར་འབུམ་གཅིག་ལྷག་གི་གཞི་གྲངས་ཅན་གྱི་སློབ་སྦྱོང་གློག་ཀླད་དང་གཞི་གྲངས་ཅན་གྱི་སློབ་སྦྱོང་ཡོ་བྱད་སོགས་མཁྲེགས་ཆས་སྒྲིག་ཆས་སྡེབ་སྒྲིག་བྱས་ནས། རིགས་སོ་སོའི་ན་གཞོན་ལོ་ཆུང་གིས་མཉམ་སྐྲུན་མཉམ་སྤྱོད་འཕེལ་རྒྱས་ཁྲོད་ཀྱི་ཐོབ་ཚོར་དང་སྐྱིད་ཚོར་་རྒྱུན་མ་ཆད་པར་མཐོར་འདེགས་སུ་བཏང་།

གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་ཆེད། ཞིང་ཆེན་ཏང་ཨུའི་དྲ་འཕྲིན་གཞུང་སྒྲུབ་ཁང་ཆ་འཕྲིན་ཅན་ཁྲུའུ་ཡི་ཏང་ཀྲི་པུའུ་ཡིས་ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་བྱེད་རྒྱུ་ཤུགས་འདོན་ས་རུ་བྱས་པ་དང་། བྱ་བའི་སྤྱོད་ཚུལ་ལེགས་བསྒྱུར་བྱེད་པ་དང་ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་བྱེད་པའི་མཐོར་འདེགས་གཉིས་ཀྱི་འགུལ་སྐྱོད་ལག་བསྟར་བྱས། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་བྱེད་པའི་འབྲེལ་ཡོད་བྱ་བའི་གནས་ཚུལ་དང་ལྡོག་ཕྱོགས་ཀྱི་དཔེ་མཚོན་དཔེ་གཞིར་སློབ་སྦྱོང་ཟབ་མོ་བྱས་ལ། ཏང་ཡོན་གྱི་སྤྱོད་ཚུལ་བསྒྱུར་བར་བརྟེན་ནས་གཞི་རིམ་གྱི་ཁུར་བོ་ཇེ་ལྕི་རུ་གཏོང་བའི་གནད་དོན་ཡོ་བསྲང་བཅོས་སྐྱོང་བྱེད་པར་སྐུལ་འདེད་བཏང་། ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོ་དང་སྡེ་ཁག་སོ་སོའི་ཉེར་སྤྱོད་བྱ་རིམ་དང་སྤྱི་སྟེགས། བྱ་བའི་ཚོགས་ལ་ཕྱོགས་ཡོངས་ནས་བཤེར་སྟོན་བྱས་པ་དང་། སྲིད་དོན་ཉེར་སྤྱོད་བྱ་རིམ་གྱི་ཐོ་འགོད་དོ་དམ་རྒྱུན་མཐུད་ངང་སྤེལ་ལ། ཐོག་མའི་ཞིབ་བཤེར་ཡོངས་འགྲུབ་བྱས་པར་མ་ཟད་སྲིད་དོན་ཉེར་སྤྱོད་བྱ་རིམ་དགུ་བཅུ་སྙན་ཞུ་ཐོ་འགོད་བྱས་པ་དང་། བསྡོམས་པས་ཉེར་སྤྱོད་བྱ་རིམ18དང་སྤྱི་སྟེགས117། བྱ་བའི་ཚོགས་པ5655གཙང་སེལ་ལེགས་སྒྲིག་བྱས་ནས།  ཕྱི་ཚུལ་རིང་ལུགས་ཀྱི་གནད་དོན་ཐག་གཅོད་བཟང་བོ་བྱས་པ་དང་། གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་བཏང་།

ཞིང་ཆེན་ཏང་ཨུའི་དྲ་འཕྲིན་གཞུང་སྒྲུབ་ཁང་ཆ་འཕྲིན་ཅན་ཁྲུའུ་ཡི་ཏང་ཀྲི་པུའུ་ཡིས་ལག་ལེན་ལས། སྟོབས་ལྡན་བཞི་འཛུགས་སྐྲུན་བྱེད་རྒྱུ་ནི་ཏང་ཀྲི་པུའུ་ཡི་འཐབ་རྩོད་ནུས་པ་མཐོར་འདེགས་གཏོང་བ་དང་ཏང་འཛུགས་དང་ལས་སྒོ་མཉམ་བསྲེས་བྱེད་པར་སྐུལ་འདེད་གཏོང་བའི་ཤུགས་ཡོད་བྱེད་ཐབས་ཡིན་པ་ར་སྤྲོད་བྱུང་། ཆབ་སྲིད་ཀྱི་བློ་རྒྱ་སྐྱེད་དེ་སྣེ་ཁྲིད་ལ་ཤུགས་སྣོན་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ནས་ཁག་ཁུར་ཇེ་དྲག་ཏུ་གཏོང་བ། མི་དམངས་ལ་ཕན་བདེ་བསྐྲུན་ནས་ལག་བསྟར་ལ་ཤུགས་སྣོན་པ། གདོང་ལེན་དཔེ་སྟོན་བྱས་ནས་ཕན་ནུས་ཇེ་ཆེར་གཏོང་བ་བརྒྱུད་དེ། ཏང་འཛུགས་དང་དཀྱིལ་སྙིང་བྱ་བ་མཉམ་དུ་སྤེལ་རྒྱུ་མངོན་འགྱུར་བྱས།

མ་འོངས་ལ་རྒྱང་ལྟ་བྱས་ན། ཞིང་ཆེན་ཏང་ཨུའི་དྲ་འཕྲིན་གཞུང་སྒྲུབ་ཁང་ཆ་འཕྲིན་ཅན་ཁྲུའུ་ཡི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིས། ང་ཚོས་མངག་བཅོལ་སེམས་ལ་བརྟན་པོར་འཛིན་པ་དང་། དྲིན་བསམ་མདུན་སྐྱོད་བྱེད་པ། ལས་ཁུངས་ཀྱིས་སྔོན་ཐོན་བརྩོན་ལེན་བྱེད་པའི་འགུལ་སྐྱོད་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་བ་དང་། ཚད་གཞི་སྔར་ལས་མཐོན་པོས་སྟོབས་ལྡན་བཞི་ཡི་ཏང་ཀྲི་པུའུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་པ་དང་། རྒྱུན་མ་ཆད་པར་འཚོལ་ཞིབ་གསར་གཏོད་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་འབྲི་ཆེད་སྟོབས་དང་ལྡན་པའི་ཆབ་སྲིད་ཀྱི་སྣེ་ཁྲིད་དང་ཆབ་སྲིད་ཀྱི་འགན་སྲུང་འདོན་སྤྲོད་བྱས་ཏེ། ཏང་གི་དར་ཆ་དྲ་འཕྲིན་ལས་དོན་གྱི་ཡུལ་དངོས་ནས་ལྷབ་ལྷུབ་བསྐྱོད་པར་བྱེད་རྒྱུ་ཡིན་པའི་ཚུལ་བསྟན།

རིན་ཆེན་མཚོས་བསྒྱུར།