གུང་གསེང་སྐབས་དགེ་རྒན་དང་སློབ་མས་ཁ་བརྡ་བྱེད་བཞིན་པའི་རྣམ་པ།
ཟླ6པའི་ཚེས19ཉིན་གྱི་སྔོ་དྲོར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ལས་རིགས་ལག་རྩལ་སློབ་གླིང་དུ། 2024ལོའི་བོད་ལུགས་སྨན་བཅོས་དང་བོད་སྨན་ཆེད་ལས་འཛིན་གྲྭའི་སློབ་གྲོགས་ཡེ་ཤེས་འཛིན་སྔ་མོ་ནས་མལ་ལས་ལངས་ཡོད་ལ། ཁོས་མགྱོགས་མྱུར་ངང་མལ་ཆས་ལེགས་པར་ལྟེབས་ཏེ་དཔེ་སྒམ་ལས་ལག་བཟོས་དཔེ་ཁུག་ཅིག་བླངས་བ་དང་། དཔེ་ཁུག་ནང་དུ་ཁོའི་སློབ་རའི་ཉིན་ཐོ་བཅུག་ཡོད།
“ཟླ5བའི་ཚེས21ཉིན་གུང་ཇ་འཐུང་བའི་སྐབས། སློབ་གྲྭའི་ཇ་ཁང་གི་ཇ་མས་ང་ལ་ནོར་ཤ་ཁེམ་གང་ལྷག་མ་བཅུས་བས། ལྟོ་བ་ཧ་ཅང་རྒྱགས་བྱུང་། དེ་རིང་ངའི་གྲལ་མཚེས་སློབ་གྲོགས་ཀྱིས་ང་ལ་གྲངས་རིག་གསབ་ཁྲིད་བྱས་པ་དེས་ངའི་གྲངས་རིག་སློབ་ཚན་གྱི་སྐར་འབྲས་མཐོར་འདེགས་བྱེད་པར་རོགས་རམ་ཆེན་པོ་ཐོབ”ཞེས་སློབ་གྲོགས་ཡེ་ཤེས་འཛིན་གྱིས་གྲལ་དག་པའི་ཡིག་གཟུགས་ཀྱིས་ཉིན་ཐོར་བྲིས་འདུག
སློབ་གྲོགས་ཡེ་ཤེས་འཛིན་ལས་གཞན་ད་དུང2023ལོའི་སྨན་རྫས་ཆེད་ལས་འཛིན་གྲྭའི་སློབ་མ་ཚེ་རིང་དོན་འགྲུབ་ཀྱི་ཉིན་ཐོ་རུ་ཁོའི་ཉིན་རེར་སློབ་སྦྱོང་བྱས་པའི་གྲུབ་འབྲས་ཕྲན་བུ་རེ་བཀོད་ཡོད་དེ། “ཆེད་ལས་སྐོར་གྱི་སློབ་ཁྲིད་དང་ཆབ་སྲིད་བསམ་བློའི་སློབ་ཁྲིད་ལ་སློབ་སྦྱོང་བྱས་པ་བརྒྱུད། ངས་སྦྱོང་བཞིན་པའི་ཆེད་ལས་ནི་ཕ་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་དང་འབྲེལ་བ་གལ་ཆེན་ཡོད་པ་ཤེས་རྟོགས་བྱུང་། སྨན་སྣ་རྩ་ཆེན་རིགས་ཀྱི་སྲུང་སྐྱོབ་དང་བེད་སྤྱོད་བར་གྱི་འབྲེལ་ཡང་དག་པའི་ངང་ཐག་གཅོད་བྱེད་པ....”ཞེས་མང་བོ་ཞིག་བྲིས་འདུག
བྱིས་པ་ཚོའི་ཉིན་ཐོ་ནི་ལྟོས་ཚོད་ཀྱིས་ཧ་ཅང་སྤྱིར་བཏང་ཞིག་ཡིན་ནའང་། དེ་ལས་མཐོ་སྒང་གི་ལས་རིགས་ལག་རྩལ་སློབ་གྲྭ་འདིའི་མི་སྐྱེད་བསྲིང་བྱེད་ཐབས་རིག་ལམ་མཐོང་ཐུབ།
མགོ་ལོག་ཁུལ་ལས་རིགས་ལག་རྩལ་སློབ་གླིང་གི་ཏང་ཀྲི་པུའུ་ཆེད་བཞེས་ཧྲུའུ་ཅི་གཞོན་པ་ལིས་ཁྲོན་ཡོན་གྱིས་བཤད་རྒྱུར“ང་ཚོས་སློབ་གྲྭས་ཆེད་ལས་སློབ་ཁྲིད་དང་རིག་གནས་སྐོར་གྱི་སློབ་ཁྲིད་ལེགས་པར་ཁྲིད་པ་དང་མཉམ་དུ། ཆབ་སྲིད་བསམ་བློའི་སློབ་ཁྲིད་དེ་སློབ་ཁང་ནས་དཔེ་མཛོད་ཁང་དང་། ལུས་རྩལ་ར་བ། སྡེ་ཁུལ་སོགས་སུ་ཁྱབ་ཡོད་ལ། ཡུལ་རྣམ་ཅན་གྱི་རྣམ་པ་གསར་གཏོད་བྱས་ཏེ། ཆབ་སྲིད་བསམ་བློའི་སློབ་གསོ་དེ་དཔྱིད་ཀའི་སྦྲང་ཆར་བསིལ་མ་ཇི་བཞིན་སློབ་བུ་རེ་རེའི་ལུས་སེམས་གཉིས་བརླན་པར་བྱས་ཡོད”ཟེར།
ཕྱི་དྲོའི་ཆུ་ཚོད་གསུམ་པར། 2023ལོའི་སྨན་གྱི་ཆེད་ལས་འཛིན་གྲྭས་སྤེལ་བའི“ངའི་སློབ་སྦྱོང་གི་གྲུབ་འབྲས”ཞེས་པའི་མཉམ་སྤྱོད་ཚོགས་འདུ་ཚོགས་པ་དེས་སློབ་གྲོགས་ཚོར་ཡང་བསྐྱར་སྤྲོ་བ་འཕེལ་བར་བྱས་པ་དང་། སློབ་གྲོགས་ཚེ་རིང་དོན་འགྲུབ་ཀྱིས་སྔ་བཞུག་བརྩད་ནས་ལག་པ་མཐོན་པོར་བཀྱགས་ཏེ“ང་ཚོའི་ཕ་ཡུལ་མགོ་ལོག་ནི། གཙང་གསུམ་མགོ་ཁུངས་ཀྱི་དཀྱིལ་སྙིང་ས་ཁུལ་དུ་ཡོད་ལ། གནས་འདིའི་རྩྭ་དང་རྩི་ཤིང་། ཆུ་དང་གཙང་བོ་རེ་རེ་བླ་མེད་ཀྱི་ནོར་བུ་ལྟ་བུ་ཡིན། སྨན་གྱི་ཆེད་ལས་སྦྱང་མཁན་ཞིག་ཡིན་པའི་ངོས་ནས། ང་ཚོའི་མ་འོངས་བའི་ལས་གནས་ནི་ནད་བཅོས་སྲོག་སྐྱོབ་བྱེད་པ་ལས་གཞན་ད་དུང་གནས་འདིའི་སྐྱེ་ཁམས་ཁོར་ཡུག་དང་འབྲེལ་བ་དམ་ཟབ་ཡོད་ལ། སློབ་སྦྱོང་བྱས་པ་བརྒྱུད། སྨན་རྫས་ཀྱི་ཐོན་སྐྱེད་དང་བཀོད་སྤྱོད། རྫས་སྙིགས་བཅས་ཀྱི་གོ་རིམ་ཁྲོད་ཁོར་ཡུག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་པ་ཤེས་རྟོགས་བྱུང”ཞེས་ལན་བཏབས།
ཁོས་མུ་མཐུད་དུ་བཤད་རྒྱུར། “དཔེར་ན། དུག་སྲིན་འགོག་རྫས་གང་བྱུང་དུ་བེད་སྤྱོད་བྱས་པས་ཆུའི་ཐོན་ཁུངས་ལ་མི་མངོན་པའི་གནོད་སྐྱོན་དང་། དུས་ཚོད་ཡོལ་བའི་སྨན་རྫས་གང་བྱུང་དུ་གཡུགས་པའི་ཉེན་ཁ་སོགས་ཡོད་པས། དངོས་སྦྱོང་སློབ་ཁྲིད་རེ་རེར་དགེ་རྒན་གྱིས་ང་ཚོར་སྨན་རྫས་ཀྱི་བེད་སྤྱོད་ཚད་ཡང་དག་པའི་སྒོ་ནས་རྩིས་རྒྱག་དགོས་པའི་བླང་བྱ་བཏོན་ཏེ། སྨན་རྫས་ཆུས་ཟས་མི་བྱེད་པ་དང་སྨན་རྫས་ཤེལ་དམ་ཕྱིར་བསྡུ་བྱེད་པ། ཡང་དག་པའི་ངང་ཚོད་ལྟའི་སྨན་བཤེར་ཐག་གཅོད་བྱེད་དགོས་པ་བཅས་ཀྱི་གལ་ཆེན་རང་བཞིན་ནན་བཤད་བྱས་པ་དང་། དགེ་རྒན་གྱིས་ད་དུང་ང་ཚོར‘སྨན་སྡེབ་བྱེད་ཀྱི་ལག་པ་ནི་གཙང་གསུམ་མགོ་ཁུངས་སྲུང་བྱེད་སྤྱད་ཀྱི་ལག་པ་ཡིན’ཟེར། འདིས་ང་ལ་སྨན་སྡེབ་སྦྱོར་བྱེད་ཐེངས་རེར་སེམས་ཞིབ་མོའི་ངང་ལག་ལེན་བྱེད་པ་ནི་དག་གཙང་གི་མཐོ་སྒང་འདིར་འགན་ཁུར་བ་ཡིན་པ་ཤེས་སུ་བཅུག རྗེས་ཕྱོགས་སྨན་ཁང་དུ་བྱ་བ་ལས་སྐབས་ངས་ནད་པ་རེ་རེར་འོས་འཚམ་གྱིས་སྨན་འཐུང་བ་དང་། ཡང་དག་པའི་ངང་དུས་ཚོད་ཡོལ་བའི་སྨན་རྫས་ཐག་གཅོད་བྱེད་པའི་སྐོར་གྱི་ཤེས་བྱ་དྲིལ་བསྒྲགས་བྱས་ཏེ། སྨན་རྫས་ཀྱིས་ཁོར་ཡུག་ལ་ཐེབས་པའི་གནོད་སྐྱོན་ཇེ་ཉུང་དུ་བཏང་ནས་ནད་པའི་བདེ་ཐང་དང་ཁྱིམ་གཞིས་ཀྱི་དག་གཙང་ལ་འགན་ཁུར་དགོས”ཟེར།
ཚེ་རིང་དོན་འགྲུབ་ཀྱི་མིག་རྒྱང་རིང་ཞིང་དོན་སྙིང་ཟབ་པའི་བརྗོད་གཞི་དང་གསལ་ལྷང་ལྷང་གི་སྐབ་གསེང་བཅས་ལ་སློབ་གྲོགས་ཡོངས་ཀྱི་དགའ་བསུའི་ཐལ་མོ་དང་ཆབ་སྲིད་བསམ་བློའི་དགེ་རྒན་ཁམས་བདེ་སྐྱིད་ཀྱི་ངེས་ལེན་ཐོབ།
དགེ་རྒན་ཁམས་བདེ་སྐྱིད་ཀྱིས་བཤད་རྒྱུར། “སློབ་ཁྲིད་ཀྱི་གོ་རིམ་ཁྲོད། ང་ཚོས་ལས་རིགས་ལག་རྩལ་སློབ་གསོའི་ཁྱད་ཆོས་འབུར་དུ་ཐོན་པར་བྱེད་པ་དང་བྱིས་པའི་ལས་རིགས་ཀུན་སྤྱོད་ཀྱི་གསོ་སྦྱོང་དང་ཁྲིམས་སྐྱོང་བྱང་ཚད་ལ་གཙིགས་ཆེན་བྱས་ཏེ། སློབ་མའི་མ་འོངས་པའི་ལས་རིགས་འཕེལ་རྒྱས་ལ་དམ་པོར་དམིགས་པ་དང་། གནད་དོན་གྱི་ཁྲིད་ཕྱོགས་དུ་བཟུང་ནས་སློབ་མའི་བསམ་གཞིགས་ལ་སྣེ་ཁྲིད་བྱས། དཔེར་ན་ངལ་རྩོལ་དཔེ་ལེགས་ཅན་གྱི་སྙིང་སྟོབས་སློབ་ཁྲིད་བྱེད་སྐབས།‘རང་ཉིད་ཀྱིས་ཆེས་བརྩི་བཀུར་བྱེད་སའི་ངལ་རྩོལ་དཔེ་ལེགས་ཅན་འདྲེན་པ’དང‘ངལ་རྩོལ་སྙིང་སྟོབས་དང་བཟོ་བའི་སྙིང་སྟོབས་ལ་ཇི་ལྟར་གོ་བ་ལེན་པའི་སྐོར་བཤད་པ’སོགས་དམིགས་གཏད་རང་བཞིན་གྱི་དྲི་བ་བཀོད་སྒྲིག་བྱེད་པ་དང་། དངོས་སྦྱོང་གི་གལ་ཆེན་རང་བཞིན་སྐོར་སློབ་ཁྲིད་བྱེད་སྐབས་འབྲེལ་ཡོད་རྒྱུ་ཆ་དང་ཟུང་འབྲེལ་བྱས་ཏེ་དངོས་སྦྱོང་བྱས་པ་དེས་རང་ཉིད་ཀྱི་སློབ་སྦྱོང་དང་འཚར་ལོངས་ལ་དོན་སྙིང་གང་དག་ཡོད་པ་སོགས་ཀྱི་དྲི་བ་བཀོད་སྒྲིག་བྱེད་པ། དེ་དང་ཆབས་ཅིག དཔེ་མཚོན་ཅན་གྱི་སློབ་ཁྲིད་དང་ཡུལ་རྣམ་ཅན། ལག་ལེན་ཉམས་མྱོང་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་སློབ་མ་རྣམས་ཀྱིས་ཉན་སྤྲོ་བ་དང་ལག་ལེན་བྱེད་ནུས་པ། ཐུན་མོང་གི་ལྟ་ཚུལ་ཡོད་པར་བྱས་ཡོད”ཟེར།
ས་རུབ་རྗེས། ཡེ་ཤེས་འཛིན་ཕྱིར་མལ་ཤག་དུ་ཡོང་ནས་ཟིན་བྲིས་སུ་སློབ་སྦྱོང་གི་མྱོང་ཚོར་བྲིས། “སློབ་ཁྲིད་སྟེང་། མི་རིགས་མི་འདྲ་བའི་དགེ་རྒན་དག་གིས་ང་ལ་ཤེས་བྱ་མི་འདྲ་བ་ཤེས་སུ་བཅུག་ལ། ཅི་ཞིག་ལ‘རང་གི་བརྒྱན་གྱིས་རང་ཉིད་བརྒྱན།། གཞན་གྱི་རྒྱན་ཡང་རྒྱན་དུ་འཛིན།། རྒྱན་ཐོག་རྒྱན་བརྩེགས་ཐམས་ཅན་མཛེས།།’ཞེས་པར་གཏིང་ཟབ་པའི་གོ་བ་ལོན་བྱུང་ལ། ཆེད་ལས་བསླབ་བྱའི་དགེ་རྒན་གྱིས་་ང་ཚོར‘ བོད་ཀྱི་གསོ་རིག་ནི་ཀྲུང་ཧྭའི་གསོ་རིག་གི་མེ་ཏོག་འདབ་བརྒྱའི་ཁྲོད་ཀྱི་བླ་སྲོག་ལྟ་བུར་གྱུར་ཡོད’ཅེས་ནམ་རྒྱུན་བཤད་མྱོང་ལ། དེས་ངས་སློབ་སྦྱོང་བྱེད་བཞིན་པ་ནི་རང་མི་རིགས་ཀྱི་རིག་གནས་ཡིན་པར་མ་ཟད། ཀྲུང་ཧྭ་མི་རིགས་ཧྲིལ་བོའི་གཅིག་མཐུན་གྱི་གཅེས་ནོར་ཡིན་པ་གསལ་བོར་ཤེས། སྨན་བཅོས་བྱེད་པའི་གོ་རིམ་ཁྲོད། རང་གིས་སྦྱང་བའི་ཤེས་བྱ་ཡིས་རྒྱ་རིགས་རྒན་པོ་ཞིག་ལ་བོད་ལུགས་གསོ་རིག་གི་བཅོས་ཐབས་སྐོར་འགྲེལ་བཤད་བྱེད་སྐབས། ངས‘མི་རིགས་ཁག་སོ་སོ་སེམས་འབྲུའི་སིལ་ཏོག་བཞིན་གཅིག་གིས་གཅིག་ལ་དམ་པོར་འཐམ་ཡོད’ཅེས་པར་དོན་སྙིང་གསལ་བོར་རྟོགས། མ་འོངས་པར། ངས་ཧུར་བརྩོན་བྱས་ཏེ་མཐོ་སྒང་འདིའི་སྨན་པ་ཞིག་ཏུ་འགྱུར་བར་བྱས་ནས། བློ་སེམས་རྩེ་གཅིག་གིས་རིགས་སོ་སོའི་མི་དམངས་ལ་ཞབས་ཞུ་བྱེད་པ་དང་། ཤ་ཁྲག་གིས་དམ་པོར་འབྲེལ་བའི་མཐུན་སྒྲིལ་འདིར་སྲུང་སྐྱོབ་བྱེད་རྒྱུ་ཡིན་ལ། མཐོ་སྒང་འདིའི་སྟེང་འཚོ་གཞེས་གནང་བའི་མི་རིགས་ཁག་གི་མཐུན་སྒྲིལ་གྱི་མེ་ཏོག་དེ་ང་ཚོ་ལྷ་རྗེ་རྣམས་ཀྱི་ལག་ཟུང་ཁྲོད་རྣམ་པར་བཞད་ངེས་ཡིན།”ཟེར།
མཐོ་སྒང་གི་ལས་རིགས་ལག་རྩལ་སློབ་གྲྭ་འདིར། སློབ་ཁྲིད་ནི་སྔ་མོ་ནས་གཞུང་ཚིག་སྐམ་པོ་དག་ལ་འགྲེལ་བཤད་བྱེད་པ་ལས་རིང་དུ་འགོངས་ཏེ། ཉིན་རྒྱུན་གྱི་མྱོང་སྣང་ཕྲན་བུ་དག་གི་ཁྲོད་དུ་སིམ་ཡོད། ཞོགས་པའི་ཉི་ཟེར་དང་པོས་སློབ་རྭའི་ཁོར་ཡུག་ཀུན་སྣང་བར་བྱེད་དུས། ཆེད་ལས་སོ་སོའི་བྱིས་པ་དག་གིས་དཔེ་ཆ་དང་ལག་རྩལ་ལ་བརྟེན་ནས་ཁོ་རང་ཚོའི་འཚར་ལོངས་དང་འཚར་ལོངས་ཁྲོད་ཀྱི་གཏམ་རྒྱུད་ཤོག་བུར་འབྲི་བཞིན་ཡོད།
ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།