སྤེལ་དུས།2018.01.25 ཡོང་ཁུངས།
237
0

1.jpg

ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་དེ་རིང་སྟེ་ཚེས་ཉེར་བཞི་ཉིན་གྱི་སྔ་དྲོར་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་གཟབ་རྒྱས་ངང་ཚོགས་འགོ་བརྩམས།

11.jpg

རིན་ཆེན་རྒྱལ་གྱིས་སྲིད་གྲོས་སྐབས་བཅུ་གཅིག་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་བྱ་བའི་སྙན་ཞུ་ཕུལ།

_IU_0325.JPG

རྒྱལ་གླུ་ལེན་བཞིན་པ།

_IU_0370.JPG

ཀྲུའུ་ཞིའི་སྟེགས་བུ།

_IU_0388.JPG

ཚོགས་ཞུགས་ཨུ་ཡོན་ཚོས་སྙན་ཞུ་ལ་ཉན་བཞིན་པ།

_IU_0331.JPG

ཨུ་ཡོན་རྣམས་ཀྱིས་སྙན་ཞུ་ལ་ཉན་བཞིན་པ།

_IU_0365.JPG

ཚོགས་ཞུགས་ཨུ་ཡོན།

_IU_0327.JPG

ཨུ་ཡོན་རྣམས་ཀྱིས་སྙན་ཞུར་ཉན་ནས་དགའ་བསུ་བྱེད་བཞིན་པ།

ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་ཚེས་ཉེར་བཞི་ཉིན་གྱི་སྔ་དྲོར་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་གཟབ་རྒྱས་ངང་ཚོགས་འགོ་བརྩམས།

ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དང་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་དང་། ཝང་ཞའོ་ཡུང་། རིན་ཆེན་རྣམ་རྒྱལ། མཱ་ཁྲང་ཆིན། ཀྲང་ཧྲིག་ཁྲིན། གཟིམ་ཁང་། ཏུའུ་ཅེ། ཀྲང་ཝུན་ཁོས། མཱ་ཧེ་ཡན། ཝང་ཞོན། ཏུའུ་ཏི་ཀྲི། ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཝང་ཅིན་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད།

ཝང་གོ་ཧྲིན་དང་ཝང་ཅན་ཅུན། སངས་རྒྱས་སྐྱབས། རིན་ཆེན་རྒྱལ། ཝང་ཞའོ། མགོན་པོ་བཀྲ་ཤིས། ཐིན་ཅ་ཚའེ། ཀྲང་ཞི་མེན། ཝང་ཡུས་པོ། ཡན་ཅིན་ཧེ། ཝང་ཡུས་ཡན། ཡུས་ཚུང་ལི། མཱ་ཅི་ཞའོ། དེ་མིན་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དང་ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་དམག་ཁུལ། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་། དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱི་ཁྱབ་རུ་ཁག་བཅས་ཀྱི་འགན་ཁུར་བློ་མཐུན། སྲིད་གྲོས་སྐབས་བཅུ་གཅིག་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་བཅས་གདན་ཞུ་ལྟར་གྲོས་ཚོགས་སུ་ཞུགས་པ་མ་ཟད་ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད་ཡོད། སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཀྱི་གྲོས་ཚོགས་ཐེངས་དང་པོར་ཨུ་ཡོན་སུམ་བརྒྱ་གོ་དྲུག་ཞུགས་དགོས་ལ། ཨུ་ཡོན་སུམ་བརྒྱ་དང་དོན་དགུ་དངོས་སུ་ཚོགས་ཐོག་ཏུ་འབྱོར་ཡོད་པས། གཏན་ཁེལ་བྱས་པའི་མི་གྲངས་དང་མཐུན།

ཚོགས་ཆེན་ལ་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་མགོ་འཛིན་བྱས། སྔ་དྲོའི་དུས་ཚོད་དགུའི་སྟེང་། བརྗིད་ཉམས་ཀྱི་རྒྱལ་གླུའི་ཁྲོད་ནས་ཚོགས་ཆེན་དངོས་སུ་འགོ་བརྩམས།

རིན་ཆེན་རྒྱལ་གྱིས་སྲིད་གྲོས་སྐབས་བཅུ་གཅིག་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་བྱ་བའི་སྙན་ཞུ་ཕུལ། རིན་ཆེན་རྒྱལ་གྱིས་བཤད་རྒྱུར། འདས་པའི་ལོ་ངོ་ལྔ་ནི་ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་ཀྱི་སྤྱིར་བཏང་མ་ཡིན་པའི་ལོ་ལྔ་ཡིན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། གསར་གཏོད་བརྩོན་ལེན་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཐད་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་འབྱུང་བར་སྐུལ་འདེད་བཏང་བ་དང་། ཀྲུང་ཧྭ་མི་རིགས་ཡར་ལངས་པ་ནས་ཕྱུག་པོར་འགྱུར་བ་དང་། སྟོབས་ལྡན་དུ་འགྱུར་བའི་རླབས་ཆེན་གྱི་ལོ་རྒྱུས་མཆོང་སྐྱོད་མངོན་འགྱུར་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་ཞུགས། འདས་པའི་ལོ་ལྔའི་རིང་ལ། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་འོག ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཞི་རྩའི་སྲུང་བྱར་བརྩིས་ཏེ། ཁྱོན་ཡོངས་ནས་གཟབ་ནན་བཞིའི་བླང་བྱ་གལ་ཆེན་དོན་འཁྱོལ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་བྱ་གཞག་སྣ་ཚོགས་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་ལ། མཚོ་སྔོན་གྱི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱི་ཐོབ་སྣང་དང་སྐྱིད་སྣང་བསྟུད་མར་མཐོར་འདེགས་བྱུང་། སྲིད་གྲོས་སྐབས་བཅུ་གཅིག་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཀྲུའུ་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་ལས་དོན་ཁྲོད་ཞུགས་ནས་རྒྱུན་ཆད་མེད་པར་འཕེལ་རྒྱས་བྱུང་བ་དང་མདུན་སྐྱོད་བྱས།

རིན་ཆེན་རྒྱལ་གྱིས་ཕྱོགས་བརྒྱད་ནས་ལོ་ལྔའི་རིང་གི་བྱ་བར་ཕྱིར་དྲན་བྱས། གཅིག ཐུན་མོང་གི་བསམ་བློའི་ཆབ་སྲིད་རྨང་གཞི་ཇེ་བརྟན་དུ་བཏང་། གཉིས། ཞིང་ཆེན་ཏང་ཨུའི་འགོ་ཁྲིད་འོག་མཐུན་སྦྱོར་གཅིག་གྱུར་སྒོས་བྱ་བ་སྒྲུབ་པ་རྒྱུན་འཁྱོངས་བྱས། གསུམ། བཅོས་སྒྱུར་དང་འཕེལ་རྒྱས་ལ་སྐུལ་འདེད་བྱེད་ཆེད་འགན་འཁྲི་ལག་བསྟར་བྱས། བཞི། མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་ཆེད་སྟོབས་ཤུགས་གཅིག་སྒྲིལ་བྱས། ལྔ། དམངས་ཚིས་བདེ་སྐྱིད་ལ་འགན་སྲུང་དང་ལེགས་བཅོས་བྱེད་པའི་ཐད་ཧུར་ཐག་གིས་བྱ་བ་བསྒྲུབས། དྲུག བཅོས་སྒྱུར་དང་གསར་སྐྲུན་གྱི་སྙིང་སྟོབས་ཀྱིས་གྲོས་མོལ་དམངས་གཙོའི་ལག་ལེན་ལ་སྐུལ་འདེད་བྱས། བདུན། རྒྱུན་ལྡན་རང་བཞིན་གྱི་བྱ་བར་ཕྱོགས་ཡོངས་ནས་ཤུགས་བསྣན། བརྒྱད། མི་དམངས་སྲིད་གྲོས་རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་བསྣན།

རིན་ཆེན་རྒྱལ་གྱིས་བཤད་རྒྱུར། ལོ་ལྔའི་རིང་ལས་འགན་ལག་བསྟར་བྱས་པར་ནན་ཏན་གྱིས་སྤྱི་བསྡོམས་ཞིག་བྱས་ན། མི་དམངས་སྲིད་གྲོས་ཀྱི་ལས་དོན་འཕེལ་རྒྱས་དང་སྲིད་གྲོས་བྱ་བ་ལེགས་པོར་སྒྲུབ་དགོས་ན། ངེས་པར་དུ་གཡོ་འགུལ་ཅི་ཡང་མེད་པའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དེ་ཐུན་མོང་གི་བསམ་བློའི་ཆབ་སྲིད་རྨང་གཞི་སྲ་བརྟན་དང་མཐུན་སྒྲིལ། མཉམ་ལས་བཅས་བྱེད་པའི་བླ་སྲོག་ལྟ་བུར་བརྩི་དགོས། ངེས་པར་དུ་མི་དམངས་སྲིད་གྲོས་ཀྱི་ངོ་བོའི་གནས་གཏན་རྒྱུན་འཁྱོངས་བྱས་ཏེ། གྲོས་མོལ་དམངས་གཙོའི་ཐབས་ལམ་གཙོ་བོ་དང་ཆེད་དམིགས་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། བཅོས་སྒྱུར་དང་གསར་སྐྲུན་སྙིང་སྟོབས་ཀྱིས་བྱ་བའི་ལག་ལེན་ལ་སྐུལ་འདེད་བྱེད་དགོས། ངེས་པར་དུ་མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཧུར་ཐག་གིས་སེམས་འདུན་ཆེན་མོ་འབྲི་དགོས། ངེས་པར་དུ་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ་དེ་འགན་ནུས་ལག་ཏུ་བསྟར་བའི་ལས་འགན་ཨང་དང་པོར་བརྩིས་ནས། མི་དམངས་ལྟེ་བ་ཡིན་པའི་འགན་ནུས་ལག་བསྟར་གྱི་བསམ་བློ་འཛུགས་པ་དང་། ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་དགོས། ངེས་པར་དུ་སྲིད་གྲོས་ཨུ་ཡོན་གྱི་གཙོ་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། དངོས་ཐོག་བདེན་འཚོལ་གྱི་སྙིང་སྟོབས་རྒྱུན་འཁྱོངས་དང་དར་སྤེལ་བྱེད་པ་དང་། གནས་ཚུལ་དངོས་ལ་ལྟ་བ་དང་སྐད་ཆ་དྲང་མོར་བཤད་པ། གསལ་འདེབས་ཀྱི་སྐད་ཆ་བཤད་དེ། སྲིད་གྲོས་ཀྱི་བྱ་བ་དེ་བཅོས་སྒྱུར། འཕེལ་རྒྱས། བརྟན་འཇགས་བཅས་ཀྱི་ཁྱོན་ཡོངས་ལ་འདྲེས་པར་ཕྱོགས་ཡོངས་ནས་སྐུལ་འདེད་བྱེད་དགོས།

རིན་ཆེན་རྒྱལ་གྱིས་བཤད་རྒྱུར། མ་འོངས་པའི་ལོ་ལྔ་ནི། བརྒྱ་ལོ་གཉིས་ཀྱི་འབད་འཐབ་ལ་དམིགས་པའི་ལོ་རྒྱུས་ཀྱི་བསྣོལ་མཚམས་སུ་གནས་པས། རང་རེའི་རྒྱལ་ཁབ་ཀྱིས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱས་ཏེ། བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་དགོས་པ་དང་། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པའི་འགོ་བརྩམས་ནས། བརྒྱ་ལོ་གཉིས་པའི་དམིགས་འབེན་ཐད་དཔུང་སྐྱོད་བྱེད་དགོས། རླབས་ཆེན་གྱི་འཐབ་རྩོད་སྤེལ་བ་དང་རླབས་ཆེན་གྱི་བཟོ་སྐྲུན་ལག་བསྟར་བྱེད་པ། རླབས་ཆེན་ལས་དོན་སྒྲུབ་པ། རླབས་ཆེན་གྱི་འདུན་མ་མངོན་འགྱུར་བྱེད་པ་བཅས་ཀྱིས་་དུས་རབས་ཀྱི་རླབས་རྒྱུན་ཆེན་པོའི་ཁྲོད། མི་དམངས་སྲིད་གྲོས་ཀྱི་གོ་གནས་སྔར་ལས་སྲ་བརྟན་དང་། མི་དམངས་སྲིད་གྲོས་ཀྱི་འགན་འཁྲི་སྔར་བས་ཇེ་ཆེ། མི་དམངས་སྲིད་གྲོས་ཀྱི་གར་སྟེགས་སྔར་བས་རྒྱ་བསྐྱེད་དགོས། སྲིད་གྲོས་ཀྱི་ཨུ་ཡོན་ཞིག་ཡིན་པའི་ཆ་ནས་སྔར་ལས་མང་བའི་མཚན་སྙན་དང་སྔར་ལས་ཆེ་བའི་གནོན་ཤུགས། སྔར་ལས་སྟོབས་དང་ལྡན་པའི་སྒུལ་ཤུགས་ཡོད་པའི་ཚོར་བ་སྐྱེས་འོས། ཨུ་ཡོན་རྣམས་ཀྱིས་ངེས་པར་དུ་ཐོག་མའི་དམ་བཅའ་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་འཛིན་པ་དང་། མཐོ་སར་འགྲེངས་ནས་རྒྱང་རིང་ལ་ལྟ་བ། གསར་གཏོད་མདུན་སྐྱོད་བྱས་ཏེ། སྙིང་སྟོབས་ཆེན་པོས་འགན་འཁྲི་ཁུར་ནས་ལོ་རྒྱུས་ཀྱིས་གནང་པའི་གཟི་བརྗིད་ལས་འགན་འདི་ཧུར་ཐག་གིས་ཡོངས་འགྲུབ་བྱ་དགོས།

རིན་ཆེན་རྒྱལ་གྱིས་བཤད་རྒྱུར། སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་བ་དང་། མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་དགོངས་པ། ཏིན་ཞའོ་ཕིང་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་བཅས་མཛུབ་སྟོན་དུ་བཟུང་ནས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་གཟབ་ནན་སྒོས་སློབ་སྦྱོང་དང་ལག་བསྟར་མཐའ་འཁྱོལ་བྱེད་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་སྲ་བརྟན་དུ་གཏོང་བ། ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་དང་དང་ལེན་བྱེད་པ། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་འོག་མཐུན་སྦྱོར་གཅིག་གྱུར་སྒོས་བྱ་བ་སྣ་ཚོགས་ལེགས་པོར་བསྒྲུབ་དགོས། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དོན་འཁྱོལ་བྱེད་པ། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་བཅས་དང་ཟུང་སྦྲེལ་བྱེད་པ་དང་། རང་རྟོགས་སྒོས་བསྒྱུར་བ་བཞི་ལག་ལེན་བྱས་ནས་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་དགོས། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་གཞི་ཆེན་པོ་གཉིས་ལ་དམིགས་ནས། ནན་ཏན་སྒོས་སྲིད་གྲོས་ཀྱི་འགན་ནུས་ལག་བསྟར་བྱེད་པ་དང་། སྲིད་གྲོས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མཚོ་སྔོན་གྱི་ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་གཅིག་གྱུར་གྱིས་ལག་བསྟར་དང་། ཁྱོན་ཡོངས་བཞིའི་འཐབ་ཇུས་མཐུན་སྦྱོར་སྒོས་ལག་བསྟར་བྱས་ཏེ། དུས་མཉམ་གཅིག་དང་སྔར་ལས་ལྷག་པ་བཞི་ཡི་དམིགས་འབེན་མངོན་འགྱུར་བྱ་ཆེད་འབད་བརྩོན་ལྷོད་མེད་བྱ་དགོས།

རིན་ཆེན་རྒྱལ་གྱིས་ཕྱོགས་དྲུག་ནས་མ་འོངས་པའི་ལོ་ལྔའི་སྲིད་གྲོས་བྱ་བར་གྲོས་གཞི་བཏོན། གཅིག མུ་མཐུད་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་དགོས། གཉིས། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་འགན་འཁྲི་ལག་བསྟར་བྱེད་དགོས། གསུམ། མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོར་ཧུར་བརྩོན་གྱིས་སྐུལ་འདེད་བྱེད་དགོས། བཞི། དོན་དངོས་སྟེང་དམངས་ཀྱི་ཆེད་དུ་འགན་འཁྲི་ལག་བསྟར་བྱེད་དགོས། ལྔ། རྒྱུན་ཆད་མེད་པར་གྲོས་མོལ་དང་དམངས་གཙོའི་ལག་ལེན་ལ་སྐུལ་འདེད་བྱེད་དགོས། དྲུག རང་སྟེང་གི་འཛུགས་སྐྲུན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བྱེད་དགོས།

མཇུག་མཐར་རིན་ཆེན་རྒྱལ་གྱིས་བཤད་རྒྱུར། ཨུ་ཡོན་རྣམ་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བརྗིད་ཆགས་ཡིད་འོང་གི་དཔེ་རིས་དེ་ང་ཚོའི་མིག་མདུན་དུ་མངོན་པར་བཀྲམ་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་བློ་རྩེ་གཅིག་སྒྲིམ་གྱིས་བྱ་བ་སྒྲུབ་པ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་མི་དམངས་ཀྱིས་བདེ་སྐྱིད་འཚོ་བར་བཅངས་པའི་རེ་འདུན་མངོན་འགྱུར་བྱས་ཏེ། སྔར་ལས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་དགོས།

ཀྲང་ཧྲིག་ཁྲིན་གྱིས་སྲིད་གྲོས་སྐབས་བཅུ་གཅིག་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་ཚོགས་ཆེན་ལ་གྲོས་གཞི་བྱ་བའི་སྙན་ཞུ་ཕུལ། ཀྲང་ཧྲིག་ཁྲིན་གྱིས་བཤད་རྒྱུར། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་དང་པོའི་ཚུན་གྱི་ལོ་ལྔའི་རིང་། རྒྱ་ཆེའི་མཚོ་སྔོན་ཞིང་ཆེན་གྱི་སྲིད་གྲོས་ཨུ་ཡོན་དང་། ལས་ཁུངས་སོ་སོ་དང་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གིས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བཅས་དང་འབྲེལ་ནས་འགན་འཁྲི་ཏན་ཏིག་གིས་ལག་ཏུ་བསྟར་བ་དང་། ཧུར་བརྩོན་སྒོས་ཐབས་འདོན་ཇུས་འབུལ་བྱས། སྤྱི་བསྡོམས་པས་གྲོས་གཞི་ཉིས་སྟོང་རེ་གཅིག་བཏོན་པ་ལས་ཆིག་སྟོང་བདུན་བརྒྱ་དང་བདུན་གྲོས་དོན་དུ་བཞག་པ་དང་། གྲོས་དོན་དུ་བཞག་ཚད་བརྒྱ་ཆའི་གྱ་གཉིས་དང་གྲངས་ཆུང་བརྒྱད་ལ་བསླེབས། གྲོས་གཞི་བསྒྲུབས་ཚད་བརྒྱ་ཆའི་བརྒྱ་ལ་བསླེབས། 

གསར་འགོད་པ། ཕྱུག་ལོ། ལྷ་རྒྱལ་བཀྲ་ཤིས།

ལྟ་སྐུལ་པ། དབྱངས་ཅན།

སྤྱིའི་ལྟ་སྐུལ་པ། རྣ་བྷ།

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།