སྤེལ་དུས།2018.01.25 ཡོང་ཁུངས།
89
0

ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་རེ་བ་དང་མངག་བཅོལ། སྲིད་ཞུགས་སྲིད་གླེང་གི་སྤྲོ་སེམས་ཁྱེར་ནས། ཟླ་དང་པོའི་ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོར། སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་ཨུ་ཡོན་རྣམས་བསྟུད་མར་ཟི་ལིང་དུ་འབྱོར་ནས་མིང་ཐོ་བཀོད།

སྔ་དྲོའི་དུས་ཚོད་དགུའི་སྟེང་། ཚོགས་ཆེན་གྱི་ལས་བྱེད་མི་སྣས་ཐོ་འགོད་བྱས་པ་དང་འཛིན་བྱང་སྟེར་བ། ཡིག་ཆ་སྟེར་བ་སོགས་ཀྱི་སྣེ་ལེན་ཞབས་ཞུའི་བྱ་བ་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བ་དང་། ཐོ་འགོད་ཡུལ་དངོས་སུ་སྟབས་བདེ་དང་ཕན་མཐོ་ཡི་བྱ་བའི་སྣང་ཚུལ་རྒྱུན་སྲུང་བྱས་ཏེ། སྐར་འགའི་ནང་མིང་ཐོ་འགོད་ཐུབ་པར་བྱས། ཚོགས་ཞུགས་འཛིན་བྱང་བླངས་པའི་ཨུ་ཡོན་ཚོས་ལང་ལོང་གིས་བཤད་རྒྱུར། འགན་འཁྲི་གཟི་བརྗིད་ལྡན་ཞིང་ལས་འགན་ཧ་ཅང་ལྕི་ལ། གཞི་རིམ་དང་མང་ཚོགས་ཀྱི་འདོད་བློ་ཚོགས་འདུ་རུ་ཡར་ཞུ་བྱེད་པ་དང་། དངོས་ཐོག་བདེན་འཚོལ་གྱིས་སྤྱི་ཚོགས་ཀྱི་དོ་སྣང་ཆེན་པོ་བྱེད་པའི་གནད་དོན་དང་དཀའ་གནད་ཡར་ཞུ་བྱས་ནས། སྲིད་གྲོས་ཨུ་ཡོན་གྱི་སྲིད་ཞུགས་སྲིད་གླེང་དང་བློ་འདོན་ཇུས་འབུལ་གྱི་འགན་འཁྲི་ལག་བསྟར་ནན་མོ་བྱེད་རྒྱུ་ཡིན་པ་དང་། ཚོགས་འདུའི་སྐབས་སུ་གྲོས་ཞིབ་སྙན་ཞུ་ལ་ནན་ཏན་སྒོས་ཉན་པ་དང་། གྲོས་བསྡུར་ཁྲོད་ཞུགས་པ། ཨུ་ཡོན་གྱི་འགན་འཁྲི་ལག་བསྟར་བྱས་ཏེ། སྔར་ལས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་བློ་འདོན་ཇུས་འབུལ་བྱེད་རྒྱུ་ཡིན་པའི་ཚུལ་བསྟན།

ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོ་ནི་སྐབས་བརྗེ་གྲོས་ཚོགས་ཡིན་པས། ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་མང་པོ་ནི་ཐེངས་དང་པོར་ཚོགས་འདུར་ཞུགས་པའི་མི་སྣ་གསར་བ་ཡིན། རྒྱུས་ལོན་བྱུང་བ་ལྟར་ན། སྐབས་འདིའི་ཞིང་ཆེན་སྲིད་གྲོས་ལ་བསྡོམས་པས་ཨུ་ཡོན་སུམ་བརྒྱ་དང་གོ་དྲུག་ཡོད་པ་དང་། དེའི་ཁྲོད་གསར་དུ་འདེམ་བསྐོ་བྱས་པའི་ཨུ་ཡོན་གསར་བ་ཉིས་བརྒྱ་དང་དྲུག་བཅུ་ཡོད་ལ། དེས་སྲིད་གྲོས་ཨུ་ཡོན་གྱི་བརྒྱ་ཆའི་རེ་ལྔ་དང་གྲངས་ཆུང་བདུན་ཟིན་ཡོད།

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།