སྤེལ་དུས།2018.01.25 ཡོང་ཁུངས།
84
0

ཟླ1པའི་ཚེས23ཉིན། སྐབས་བཅུ་གསུམ་པའི་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་དང་སྐབས་བཅུ་གཉིས་པའི་སྲིད་གྲོས་ཨུ་ཡོན་གྱི་གསོ་སྦྱོང་ཚོགས་འདུ་སོ་སོར་ཟི་ལིང་ནས་བསྡུས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་སུའུ་ཉིན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའི་གསོ་སྦྱོང་ཚོགས་འདུར་ཞུགས།

གསོ་སྦྱོང་ཚོགས་འདུས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གྱི་འགན་འཁྲི་དངོས་ལ་སྦྲེལ་ཏེ། དམངས་འཐུས་ཚོགས་ཆེན་གྱི་འཐུས་མིས་སྔར་ལས་ལྷག་པའི་སྒོ་ནས་ཆབ་སྲིད་ཀྱི་བྱང་ཚད་དང་འགན་འཁྲིའི་འདུ་ཤེས། འགན་འཁྲི་ལག་བསྟར་ནུས་པ་བཅས་མཐོར་འདེགས་བྱེད་པ་དང་། ཁྲིམས་ལྟར་དབང་ཆ་བཀོལ་སྤྱོད་བྱེད་པའི་འགན་འཁྲིའི་རེ་བ་ཁོང་དུ་ཆུད་པར་བྱེད་པ། ཡང་དག་པའི་སྒོ་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་གནང་བའི་དབང་ཆ་དང་འོས་འགན་ལག་བསྟར་བྱེད་པ། སྲིད་གྲོས་ཨུ་ཡོན་གྱིས་སྔར་ལས་ལྷག་པའི་སྒོ་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་ཇེ་བརྟན་དུ་གཏོང་བ་དང་། སྲིད་གྲོས་བྱ་བ་དང་འགན་འཁྲི་ལག་བསྟར་བྱེད་ཐབས་ལ་མྱུར་དུ་རྒྱུས་ལོན་བྱེད་པ། སྔར་ལས་ལྷག་པའི་སྒོ་ནས་ཆབ་སྲིད་གྲོས་མོལ་དང་དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གྲོས་བཅས་ཀྱི་འགན་ནུས་ལག་བསྟར་བཟང་བོ་བྱེད་པ་བཅས་ཐད་ལ་རེ་བ་བཏོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གསོ་སྦྱོང་ལྟེ་གནས་ཀྱི་ཀྲུའུ་རིན་ལིས་ཝེ་ཀའོ་ཡིས་དམངས་འཐུས་ཚོགས་ཆེན་རྩ་འཛུགས་དང་དབང་ཆ། གྲོས་མོལ་གོ་རིམ། དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའི་ངོ་བོ་དང་གོ་གནས། ནུས་པ། དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའི་དབང་ཆ་དང་འོས་འགན། དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའི་འགན་འཁྲི་ལག་བསྟར་བྱེད་པར་འགན་སྲུང་དང་ལྟ་སྐུལ་བྱེད་པ་སོགས་ཕྱོགས་བཞིའི་ནང་དོན་ལ་དམིགས་ནས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིར་འགྲེལ་བཤད་བྱས།

གསོ་སྦྱོང་ཚོགས་འདུར་ཞུགས་པའི་འཐུས་མི་དང་ཨུ་ཡོན་རྣམས་ཀྱིས་གཅིག་གྱུར་སྒོས་བལྟས་ན། ཐེངས་འདིའི་གསོ་སྦྱོང་ལས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གྱིས་འགན་ནུས་ལག་བསྟར་བཟང་བོ་བྱེད་པའི་ཐད་ལ་ངོས་འཛིན་དང་རྒྱུས་ལོན་སྔར་ལས་གསལ་བོ་བྱས་ཏེ། འཐུས་མི་བཟང་བོ་ཞིག་དང་ཨུ་ཡོན་བཟང་བོ་ཞིག་བྱེད་པའི་ཡིད་ཆེས་སྔར་ལས་ཇེ་དྲག་ཏུ་བཏང་བར་མ་ཟད། འགན་འཁྲི་ལག་བསྟར་བྱེད་པའི་བསམ་བློ་མཐོར་འདེགས་སུ་བཏང་བར་སྙམ།

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།