སྤེལ་དུས།2018.01.25 ཡོང་ཁུངས།
120
0

གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན།  མཚོ་སྔོན་ཞིང་ཆེན་དམངས་འཐུས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་ཟླ1པའི་ཚེས25ཉིན་ནས་ཟླ2པའི་ཚེས1ཉིན་བར་ཟི་ལིང་དུ་འཚོགས་རྒྱུ་ཡིན་པ་དང་། སྲིད་གྲོས་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོ་ཟླ1པའི་ཚེས24ཉིན་ནས་ཟླ1པའི་ཚེས30ཉིན་བར་ཟི་ལིང་དུ་འཚོགས་རྒྱུ་རེད། མིག་སྔར་རང་ཞིང་གི་ཚོགས་ཆེན་གཉིས་ཀྱི་གྲ་སྒྲིག་བྱ་བ་ཡོངས་སུ་གྲུབ་ཟིན།

ཐེངས་འདིའི་ཚོགས་ཆེན་གཉིས་ནི་ཞིང་ཆེན་ཡོངས་ཀྱིས་རྒྱལ་ཡོངས་ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་མཚོ་སྔོན་ཞིང་ཆེན་ཏང་གི་ཚོགས་ཆེན་བཅུ་གསུམ་པའི་དགོངས་དོན་ལག་ལེན་མཐའ་འཁྱོལ་བྱེད་པ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་ལག་བསྟར་བྱེད་པའི་གནད་འགག་གི་ལོ་འདིའི་ནང་དུ་བསྡུས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་ལ།  ཞིང་ཆེན་མི་དམངས་ཡོངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཀྱང་ཡིན་པས། ཆབ་སྲིད་ཀྱི་ཤུགས་ཆེ་བ་དང་སྤྱི་ཚོགས་ཀྱི་དོ་སྣང་བྱ་ཡུལ་དུ་འགྱུར་ངེས།

ཐེངས་འདིའི་ཚོགས་ཆེན་གཉིས་བདེ་བླག་ངང་འཚོགས་ཆེད།  ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་།  ཞིང་ཆེན་མི་དམངས་སྲིད་གཞུང་།  ཞིང་ཆེན་སྲིད་གྲོས་སོགས་འབྲེལ་ཡོད་ལས་ཁུངས་ཀྱིས་མཐོང་ཆེན་ངེས་ཅན་བྱས་པ་དང་། ན་ནིང་གི་ཟླ10པ་ནས་འབྲེལ་ཡོད་བྱ་བ་སྤེལ་མགོ་བརྩམས།  ཚོགས་ཆེན་གཉིས་ཀྱི་གྲ་སྒྲིག་བྱ་བའི་ཚན་ཆུང་བཙུགས་པ་དང་། དེའི་ནང་དུ་གནས་ཚུལ་གནད་ཞུ་དང་།  དྲིལ་བསྒྲགས། ལོ་ཙཱ་སོགས་ཀྱི་ཚན་ཁག་བཙུགས།  ཚན་ཆུང་སོ་སོས་ནན་ཏན་སྒོས་བྱ་བའི་འོས་འགན་དང་བྱ་བའི་འཆར་གཞི་གཏན་འབེབས་བྱས་ནས། ཞིབ་ཚགས་དང་ཕན་ནུས་ལྡན་པའི་ལས་དོན་མང་པོ་བསྒྲུབས་པ་རེད།  མིག་སྔར། ཚོགས་ཆེན་གཉིས་ཀྱི་སྙན་ཞུ་སོ་སོ་དང་འབྲེལ་ཡོད་རྒྱུ་ཆ་སོགས་དུས་ཚོད་དམ་འཛིན་སྒོས་པར་འདེབས་བྱེད་ཀྱིན་ཡོད་པ་དང་། འཐུས་མི་ཨུ་ཡོན་གྱི་མིང་ཐོ་འགོད་དེབ་དང་མིང་ཐོ་སོགས་ཀྱི་བྱ་བ་ཡོངས་སུ་ཚགས་པ་རེད། ཚོགས་ཆེན་མགོ་མ་བརྩམས་གོང་ལ། རྒྱ་ཆེའི་འཐུས་མི་དང་ཨུ་ཡོན་རྣམས་ཀྱིས་གཏིང་ཟབ་སྒོས་བརྟག་དཔྱད་ཞིབ་འཇུག་དང་། ཡུལ་བབ་དང་དམངས་འདུན་ལ་ཡོངས་ཁྱབ་ཏུ་རྒྱུས་ལོན་བྱས་ནས། ཚོགས་ཆེན་སྐབས་སྤུས་ཚད་མཐོ་བའི་བསམ་འཆར་དང་གྲོས་གཞི་འདོན་པར་གྲ་སྒྲིག་གང་ལེགས་བྱས་ཡོད། ཚོགས་ཆེན་གཉིས་ཀྱི་དྲུང་ཡིག་ཁག་གི་ཚན་ཆུང་སོ་སོས་ཕྱོགས་ཡོངས་ནས་གྲ་སྒྲིག་གང་ལེགས་བྱས་ཏེ། ཚོགས་ཆེན་གཉིས་བདེ་བླག་ངང་འཚོགས་པར་ཞབས་ཞུའི་འགན་སྲུང་གི་ནུས་པ་གལ་ཆེན་བཏོན་ཡོད།

གཞན་ཐེངས་འདིའི་དམངས་ཆེན་ཚོགས་ཆེན་དང་སྲིད་གྲོས་ཚོགས་ཆེན་གཉིས་ལ་སོ་སོར་ཚོགས་སྲོལ་དང་སྒྲིག་ཁྲིམས་ཞིབ་བཤེར་གྱི་ཚོགས་པ་བཙུགས་ཡོད་ལ།  ཚོགས་ཆེན་གཉིས་ཀྱི་སྐབས་སུ། འཐུས་མི་དང་། ཨུ་ཡོན། ཚོགས་ཞུགས་མི་སྣ། ལས་བྱེད་མི་སྣ་སོགས་ཀྱི་འབྲེལ་ཡོད་སྒྲིག་ལམ་གནས་ཚུལ་ལ་ལྟ་སྐུལ་བྱེད་རྒྱུ་ཡིན་པ་དང་།  ཉིན་རེའི་ཚོགས་ཞུགས་གནས་ཚུལ་གྱི་བརྡ་ཁྱབ་སྤེལ་རྒྱུ་རེད། དེ་ལས་གཞན། འཐུས་མི་དང་ཨུ་ཡོན། ཚོགས་ཞུགས་མི་སྣ།  ལས་བྱེད་མི་སྣ་སོགས་རྩ་འཛུགས་བྱས་ནས་ཉེན་རྟོན་སློབ་གསོའི་བརྙན་ཐུང་ལྟ་རུ་བཅུག་སྟེ་སྒྲིག་ལམ་སློབ་གསོ་དང་། ཧུར་ཐག་སྒོས་རྣམ་དག་གི་ཚོགས་སྲོལ་གཟུག་རྒྱུ་རེད།

ཚོགས་ཆེན་གཉིས་ཀྱི་མགོ་རྩོམ་མཛད་སྒོ་མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་ནས་ཐད་གཏོང་བྱ་རྒྱུ་ཡིན་ལ།  ཀུན་གྱིས་དུས་ལྟར་གཟིགས་པར་འཚལ།

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།