སྤེལ་དུས།2018.01.25 ཡོང་ཁུངས།
74
0

ཟླ་དང་པོའི་ཚེས་ཉེར་གཉིས་ཉིན། གསར་འགོད་པས་འབྲེལ་ཡོད་ཕྱོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་དེ་ཟླ་དང་པོའི་ཚེས་ཉེར་ལྔ་ཉིན་ནས་ཟླ་གཉིས་པའི་ཚེས་གཅིག་ཉིན་བར་ཟི་ལིང་ནས་འཚོག་རྒྱུ་ཡིན་པ་དང་། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོ་དེ་ཟླ་དང་པོའི་ཚེས་ཉེར་བཞི་ཉིན་ནས་ཚེས་སུམ་ཅུ་ཉིན་བར་ཟི་ལིང་ནས་འཚོག་རྒྱུ་ཡིན་ལ། མིག་སྔར་ཚོགས་ཆེན་གཉིས་ཀྱི་གྲ་སྒྲིག་བྱ་བ་སྣ་ཚོགས་མཇུག་སྒྲིལ།
ཐེངས་འདིའི་ཚོགས་ཆེན་གཉིས་ནི་ཞིང་ཆེན་གོང་འོག་ཡོངས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་ལག་བསྟར་བྱེད་པའི་གནད་འགག་གི་ལོར་བསྡུས་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན་པ་དང་། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་དག་གལ་ཆེན་ཞིག་ཡིན་པས། ཆབ་སྲིད་ཀྱི་རང་བཞིན་དྲག་པོ་ལྡན་པ་དང་སྤྱི་ཚོགས་ཀྱིས་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད།

ཐེངས་འདིའི་ཚོགས་ཆེན་གཉིས་བཟང་བོར་བསྡུ་ཆེད། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས། འབྲེལ་ཡོད་སྡེ་ཁག་བཅས་ཀྱིས་ཧ་ཅང་མཐོང་ཆེན་བྱས་ནས། ན་ནིང་གི་ཟླ་བཅུ་བའི་ནང་ནས་བཟུང་འབྲེལ་ཡོད་བྱ་བ་སྤེལ་འགོ་བརྩམས་པ་དང་། ཚོགས་ཆེན་གྱི་གྲ་སྒྲིག་བྱ་བའི་ཚན་ཆུང་བཙུགས་ལ། དེའི་མངའ་འོག་ཏུ་ད་དུང་ཡིག་ཆ་གནད་བསྡུས་དང་དྲིལ་སྒྲོག ཡིག་སྒྱུར་སོགས་ཚན་ཆུང་བཙུགས་པ་དང་། ཚན་ཆུང་སོ་སོས་བྱ་བའི་འགན་འཁྲི་དང་བྱ་བའི་ཇུས་གཞི་གཏན་འབེབས་བཟང་བོ་བྱས་ཏེ། བརྟན་བརླིང་ཞིབ་ཚགས་དང་ཕན་ལྡན་གྱི་བྱ་བ་མང་པོ་བསྒྲུབས། མིག་སྔར། ཚོགས་ཆེན་གཉིས་ཀྱི་སྙན་ཞུ་དང་འབྲེལ་ཡོད་དཔྱད་གཞི་ཡིག་ཆ་སྣ་ཚོགས་དཔར་བཞིན་པའི་སྒང་ཡིན་ལ། འཐུས་མི་དང་ཨུ་ཡོན་གྱི་མིང་ཐོ་འགོད་དེབ་དང་མིང་ཐོ་སོགས་གྲ་སྒྲིག་བྱས་ཟིན། ཚོགས་འདུ་མ་འཚོག་སྔོན་དུ། རྒྱ་ཆེའི་འཐུས་མི་དང་ཨུ་ཡོན་རྣམས་ཀྱིས་རྟོག་ཞིབ་ཟབ་མོ་བྱས་ནས། སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་འདོད་བློ་ལ་རྒྱུས་ལོན་གསལ་བོ་བྱས་ཏེ། ཚོགས་འདུའི་སྐབས་སུ་རྒྱུ་སྤུས་མཐོ་བའི་གྲོས་གཞི་འདོན་པའི་ཐད་ནས་གྲ་སྒྲིག་བཟང་བོ་བྱས། ཚོགས་ཆེན་གཉིས་ཀྱི་དྲུང་ཡིག་ཁྲུའུ་ཡི་ཚན་ཆུང་སོ་སོས་ཕྱོགས་ཡོངས་ནས་གྲ་སྒྲིག་བཟང་བོ་བྱས་ཏེ། ཚོགས་འདུ་བདེ་བླག་ངང་བསྡུ་བའི་ཐད་ཤུགས་ཡོད་ཀྱི་ཞབས་ཞུའི་འགན་སྲུང་འདོན་སྤྲོད་བྱས།

ཐེངས་འདིའི་དམངས་འཐུས་ཚོགས་ཆེན་དང་སྲིད་གྲོས་གྲོས་ཚོགས་སོ་སོས་གྲོས་ཚོགས་སྐབས་ཀྱི་སྒྲིག་ལམ་ལ་ལྟ་སྐུལ་བྱེད་པའི་ལྟ་སྐུལ་ཚན་ཆུང་བཙུགས་ནས། ཚོགས་འདུའི་སྐབས་སུ། འཐུས་མི་དང་ཨུ་ཡོན། ཟུར་ཞུགས་མི་སྣ། ལས་བྱེད་མི་སྣ་བཅས་ཀྱིས་འབྲེལ་ཡོད་སྒྲིག་ལམ་ལག་བསྟར་བྱས་པའི་གནས་ཚུལ་ཐད་ལྟ་སྐུལ་བྱེད་རྒྱུ་ཡིན་པ་མ་ཟད། ཉིན་རེར་ཚོགས་འདུར་ཞུགས་པའི་གནས་ཚུལ་ཁྱབ་བསྒྲགས་བྱེད་རྒྱུ་རེད། དེ་ལས་གཞན། ད་དུང་འཐུས་མི་དང་ཨུ་ཡོན། ཟུར་ཞུགས་མི་སྣ། ལས་བྱེད་མི་སྣ་རྩ་འཛུགས་བྱས་ནས་ཉེན་བརྡའི་སློབ་གསོའི་གློག་བརྙན་ལ་བལྟ་རུ་འཇུག་པ་དང་། སྒྲིག་ལམ་སློབ་གསོ་བཏང་ནས། ཧུར་ཐག་གིས་སྤྱོད་གཙང་སྲོལ་བཟང་གི་ཚོགས་འདུའི་སྣང་ཚུལ་སྐྲུན་རྒྱུ་རེད།

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།