སྤེལ་དུས།2018.07.27 ཡོང་ཁུངས།རང་རེའི་ལས་ཁུངས།
271
0

IMG_5520.JPG

ས་སྡེ་ཆེན་ཕར་རི་ཕར་འཁོར་རེད།

ང་གླུ་བ་འཁོར་བ་ལན་གཅིག་རེད།

གླུ་དོན་རྩ་ཅན་ཞིག་ལེན་རྒྱུ་ཡིན།

དེ་ལེན་པའི་གནང་བ་ཨེ་ཡོད་ལགས།

ཟླ་བདུན་པའི་ཚེས་ཉེར་བདུན་ཉིན། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་ཞིང་ཆེན་མི་རིགས་སྐད་གློག་བརྙན་འཕྲིན་བསྒྱུར་སྐྲུན་ལྟེ་གནས་གཉིས་ཀྱིས་མཉམ་འབྲེལ་སྒོས་བསྒྲུབས་པའི་《སྡེ་ཆེན་རྩེད་ར》རྟགས་མའི་བོད་ཀྱི་ལ་གཞས་འགྲན་སྡུར་སྐབས་དྲུག་པའི་ཐོག་མའི་འགྲན་སྡུར་གྱི་ལས་སྒྲུབ་ཚན་ཆུང་རྨ་ལྷོ་ཁུལ་གཅན་ཚ་རྫོང་དུ་འབྱོར་ལ། རྨ་ལྷོ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་དང་། རྨ་ལྷོ་ཁུལ་གདོད་མའི་དམངས་གླུ་སྒྱུ་རྩལ་མཐུན་ཚོགས། གཅན་ཚ་རྫོང་གཅན་ཚ་ཐང་ཞང་མི་དམངས་སྲིད་གཞུང་བཅས་ཀྱིས་རོགས་སྐྱོར་འོག་ཐེངས་འདིའི་འགྲན་སྡུར་གྱི་ཚོགས་ར་གཅན་ཚ་ཐང་གི་ས་སྒ་ཉག་གའི་ཀླད་ཀྱི་སྦྲ་ནག་མགྲོན་བསུ་ཁང་དུ་གཏན་འཁེལ་བྱས།           《སྡེ་ཆེན་རྩེད་ར》རྟགས་མའི་བོད་ཀྱི་ལ་གཞས་འགྲན་སྡུར་སྐབས་དྲུག་པའི་ཐོག་མའི་འགྲན་སྡུར་ལས་རྨ་ལྷོ་འགྲན་ཁུལ་ལ་བསྡོམས་པས་འགྲན་ཞུགས་པ་ཉེར་བརྒྱད་ཡིས་འབྱོར་ཐོ་བཀོད་ཡོད་ལ། འགྲན་ཞུགས་པ་རྣམས་ཀྱིས་འགྲན་སྡུར་ཨང་རིམ་གྱི་རྒྱན་ཤོག་བླངས་ཏེ་ཨང་རིམ་གཏན་ཁེལ་བྱས་པ་དང་། ལས་སྒྲུབ་ཚན་ཆུང་གིས་ཡུལ་དངོས་ནས་འགྲན་སྡུར་དངོས་ལ་གྲ་སྒྲིག་འཐུས་ཚང་བྱས་རྗེས། ཕྱི་དྲོའི་ཆུ་ཚོད་གཉིས་པ་ནས། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་ཞིང་ཆེན་མི་རིགས་སྐད་གློག་བརྙན་འཕྲིན་བསྒྱུར་སྐྲུན་ལྟེ་གནས་གཉིས་ཀྱིས་གཙོ་སྒྲུབ་གནང་ཞིང་། རྨ་ལྷོ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་དང་། རྨ་ལྷོ་ཁུལ་གདོད་མའི་དམངས་གླུ་སྒྱུ་རྩལ་མཐུན་ཚོགས། གཅན་ཚ་རྫོང་གཅན་ཚ་ཐང་ཞང་མི་དམངས་སྲིད་གཞུང་བཅས་ཀྱིས་རོགས་སྒྲུབ་གནང་བའི་སྡེ་ཆེན་རྩེད་ར་རྟགས་མའི་བོད་ཀྱི་ལ་གཞས་འགྲན་སྡུར་སྐབས་དྲུག་པའི་ཐོག་མའི་འགྲན་སྡུར་ལས་རྨ་ལྷོ་འགྲན་ཁུལ་གྱི་འགྲན་སྡུར་དངོས་སུ་མགོ་བརྩམས།             ཐེངས་འདིའི་འགྲན་སྡུར་གྱི་དཔྱད་འདེམས་པ་ནི་རྨ་ལྷོ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གི་འཁྲབ་སྟོན་པ། རྨ་ལྷོ་ཁུལ་གདོད་མའི་དམངས་གླུ་སྒྱུ་རྩལ་མཐུན་ཚོགས་ཀྱི་འགོ་གཙོ་དཀར་འཚོ་སྐྱིད་དང་། གཅན་ཚ་རྫོང་རྩྭ་ཐང་ཁང་གི་འགོ་གཙོ་གཞོན་པ། གཅན་ཚ་རྫོང་གཅན་ཚ་ཐང་ཞང་རྐང་མོ་སྡེ་བའི་ཧྲུའུ་ཅི་དང་པོ་ལྷུན་པོ། སྐབས་རིམ་བྱུང་གི་སྡེ་ཆེན་རྩེད་ར་རྟགས་མའི་བོད་ཀྱི་ལ་གཞས་འགྲན་སྡུར་གྱི་ཇུས་འགོད་པ། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་གྱི་རིག་རྩལ་ཚན་ཁག་གི་ཀྲུའུ་རིན་བསྟན་འཛིན་བཅས་ཡིན།

IMG_5511.JPG

འགྲན་སྡུར་མགོ་མ་བརྩམས་གོང་འགྲན་སྡུར་ཨང་རིམ་རྒྱན་ལེན་པ།

IMG_5550.JPG

རྨ་ལྷོ་འགྲན་ཁུལ་གྱི་དཔྱད་འདེམས་པ་དཀར་འཚོ་སྐྱིད།

IMG_5527.JPG

རྨ་ལྷོ་འགྲན་ཁུལ་གྱི་དཔྱད་འདེམས་པ་ལྷུན་པོ།

IMG_5529.JPG

རྨ་ལྷོ་འགྲན་ཁུལ་གྱི་དཔྱད་འདེམས་པ་བསྟན་འཛིན།

IMG_5539.JPG

མདོ་འཛིན་པ་གནམ་སྐྱབས་རྒྱལ་དང་ཟླ་བཟང་སྒྲོལ་མ།

IMG_5518.JPG

ལག་རྩལ་པས་ཡུལ་དངོས་ནས་སྒྲ་ཕབ་བཞིན་པ།

IMG_5543.JPG

དགུང་ཨ་སྔོན་དང་མའི་གཞི་འཛིན་རེད།  འབྲུག་ཕོ་ཆུང་ད་སླེབས་མགྲོན་པོ་རེད།  སྐུ་མགྱོགས་ཕོ་ཆུང་འབྲུག་ལ་ཞུ།

IMG_5545.JPG

སྦྲ་མཐིང་སྨུག་རྒྱལ་མཚན་སྒོ་དར་ཅན།  སྒོ་གྲུ་བཞི་དུང་གི་ཆ་རུ་ཅན།

དེའི་ནང་ན་ཞང་བཟང་ཚ་མོ་བཞུགས།  ཚིག་དོན་རྩ་ཅན་པོར་ཉན་རྒྱུ་ཡིན།

IMG_5566.JPG

བྱ་ཁུ་བྱུག་གསུང་སྙན་ཚོར་དུས་ན།  ནགས་རྒྱ་རྫོང་དཀྱིལ་ལ་ཐོན་རྟགས་རེད།  སིལ་ཟ་བའི་སྟབས་ཀ་འགྲིག་ནི་རེད།

IMG_5558.JPG

ཁ་ནས་ཕྲ་མོའི་ངག་ཁུགས་དང་།   ཡིད་ཀྱིས་དོན་གཏམ་ཚིག་ཤོད་དང་།  ཞེ་མཐུན་པའི་རྩ་བ་དེ་ཡིན།

IMG_5585.JPG

མཐུན་པའི་མཐུན་ལུང་གོང་མ་ན།  ཉི་ཟླ་ཆ་གཅིག་དགུང་ན་མཐུན།  ཡང་མཐུན་སྐར་ཆེན་ཁྲ་མོ་རེད།

IMG_5582.JPG

རྫ་ཁྲ་ཡག་འབྲོང་གི་གནས་རེད།  རྩྭ་རམ་དཀར་འབྲུ་ཡི་སྐལ་རེད།

འདང་བརྒྱབ་ན་སོ་སོར་གནས་ཀྱང་།  ཞེ་སྣང་བའི་སེམས་པ་མཐུན་ཡོད།

IMG_5571.JPG

ལྟད་མོ་བའི་ཚོགས།

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།