སྤེལ་དུས།2018.06.28 ཡོང་ཁུངས།རང་རེའི་ལས་ཁུངས།
579
0

རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་ཚེ་མ་རྒྱལ་ནས་བཀོད་པའི་གསར་འགྱུར།

ཉིན་གཉིས་ཀྱི་ཛ་དྲག་གི་འགྲན་སྡུར་བརྒྱུད། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་ཞིང་ཆེན་མི་རིགས་སྐད་གློག་བརྙན་འཕྲིན་བསྒྱུར་སྐྲུན་ལྟེ་གནས་གཉིས་ཀྱིས་མཉམ་འབྲེལ་སྒོས་བསྒྲུབས་པའི«སྡེ་ཆེན་རྩེད་ར»རྟགས་མའི་བོད་ཀྱི་ལ་གཞས་འགྲན་སྡུར་སྐབས་དྲུག་པའི་ཐོག་མའི་འགྲན་སྡུར་ལས་མཚོ་ལྷོ་འགྲན་ཁུལ་གྱི་འགྲན་སྡུར་ཚེས་ཉེར་བརྒྱད་ཉིན་གྱི་ཕྱི་དྲོའི་དུས་ཚོད་བདུན་སྟེང་ཡོངས་སུ་མཇུག་སྒྲིལ་བ་དང་། དཔྱད་འདེམས་པ་དག་གིས་དྲང་བདེན་དང་དྲང་བཞག འདྲ་མཉམ་བཅས་ཀྱི་རྩ་དོན་གཞིར་བཟུང་ནས། གླུ་བ་གླུ་མ་དག་གི་སྐད་ངག་དང་། ཚིག་འབྲུ་གསལ་མིན། གཞས་ལན་ཁེལ་མིན། ཉམས་འགྱུར་ལྡན་མིན་སོགས་ལ་གཞིགས་ཏེ་འགྲན་ཞུགས་པ་བཅུ་དྲུག་གི་ཁྲོད་ནས་གླུ་བ་བཀྲ་ཤིས་དོན་གྲུབ་དང་། གསང་འགྲུབ་ཡག ཨོ་རྒྱན་རྒྱལ། སྐལ་བཟང་དོན་གྲུབ། རྟ་མགྲིན་ཚེ་བརྟན་དང་། གླུ་མ་སྒྲོལ་མ་རྒྱལ། སངས་རྒྱས་སྐྱིད། འཕགས་མཚོ་སྐྱིད། ཆོས་མཚོ་རྒྱལ། རྡོ་རྗེ་སྐལ་བཟང་བཅས་གླུ་བ་གླུ་མ་བཅུ་བསྐྱར་འགྲན་ཐོག་མའི་འགྲན་སྡུར་དུ་བདམས།

IMG_4001.JPG

རོགས་མེད་ན་མི་སྡུག་ཡོད་ན་སྡུག  རོགས་ཡོད་ཀྱང་ཁ་ཐག་རིང་ན་སྡུག  རོགས་ཐུགས་འཕྲད་མེད་ན་ལྷག་ཏུ་སྡུག

IMG_4039.JPG

ཁྱོད་ཡ་ཆུང་གངས་དཀར་སེམས་ལ། ངས་མི་བརྗེད་ཚིག་གསུམ་བཤད་ཡོད།

ནང་ན་ཟླ་འདྲི་གི་ཡོང་རུང་། ང་མེད་ན་གཞན་ལ་མ་བཤད།

IMG_4041.JPG

སྡེ་ཆེན་པོ་ཡག་པ་མར་སྐུ་རེད། རོགས་ཆུང་ལོ་ཡག་པ་ལྷ་སྐུ་རེད།  ང་ཞི་ལུ་འཁོར་བ་དེའི་དོན་རེད།

IMG_4053.JPG

ཁྱིམ་གཅིག་གི་བཟའ་ཚང་ཟེར་རྒྱུ།  སུ་ཡིན་རུང་སྔོན་ལས་མེད་པས།

སྡེ་ཁ་རུ་ཉུལ་ནས་འགྲོ་དུས།  རོགས་རང་རང་སེམས་ནས་མ་བརྗེད།

IMG_4048.JPG

འདོ་བ་གཉིས་ཁ་ཁར་འགྲོ་དུས། རྔོག་རྩེད་མ་བྱེད་ཡིད་སེམས་སྨྲེང་བྱེད་ཡིན།

འགྲོ་རྩྭ་མ་ཟ་སྡུག་གི་ཁ་སྣོན་ཡིན། སོང་གི་ཕྱི་ཉིན་སེམས་ཀྱི་དྲན་ཤིང་ཡིན།

IMG_4090.JPG

མཚོ་སྔོན་པོའི་ནང་ལུང་ལུག་རེད། ལུག་ཚེར་མོའི་རྒྱན་ཆ་བལ་རེད།

བལ་བྲེག་ནས་འདུག་ཁོམ་མེད་པ། ངའི་སྐྱེ་བ་སྔོན་གྱི་ལས་རེད།

IMG_4098.JPG

ང་དད་ཀྱང་དུང་བ་ཞིག་ལ། ང་ཐང་དཀར་རྒོད་ལ་དུང་གི

འཕུར་དང་ན་དགུང་སྔོན་གནམ་རེད། གཤོག་རྡེབ་ན་སྤྲིན་དཀར་མཚམས་རེད།

IMG_4127.JPG

རོགས་ཆུང་ལོ་ཁ་ཚིག་ཅན་པོས། གཉོམ་དུང་ངེ་སྡུག་གཏམ་བཤད་ན། དོན་དམ་པས་དྲན་པ་ཁྱོད་རེད།

IMG_4173.JPG

བར་བཅུག་མདོ་འཛིན་པའི་སྣང་བརྙན།

IMG_4139.JPG

རོགས་འུ་གཉིས་ཁ་ཁ་འགྲོ་དུས། ངས་མི་དྲན་ཟེར་བ་རྫུན་རེད།

ཁྱོད་རིག་འདྲ་རིག་ན་ལོས་དྲན། སྐད་མཚུངས་འདྲ་གོ་ན་སྨྲེང་གི

IMG_4148.JPG

རོགས་ཆུང་ལོ་དུང་གི་སོ་སྒོ་ཅན། ངས་སྔ་དྲོ་ཁྲ་ཆུང་མིག་གིས་འཚོས།

དགུང་ཕྱི་དྲོ་གངས་དཀར་སེམས་ཀྱིས་འཚོས། ངས་འདི་འདྲའི་གཉོར་སྐྱོང་བྱས་པ་མེད།

IMG_4142.JPG

རོགས་སྐྱེ་གཟུགས་ཅན་པོ་གནམ་གྱིས་སྲུང་། ས་གང་ན་ཡོད་ཀྱང་བདེ་བར་སྨོན།

IMG_4165.JPG

མཚོ་ལྷོ་འགྲན་ཁུལ་ལས་བསྐྱར་འགྲན་ཐོག་མ་རུ་ཚུད་པའི་གླུ་བ་གླུ་མ་དག

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།