སྤེལ་དུས།2018.07.02 ཡོང་ཁུངས།རང་རེའི་ལས་ཁུངས།
580
0

རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་ཚེ་མ་རྒྱལ་ནས་བཀོད་པའི་གསར་འགྱུར།

དེ་རིང་སྟེ་ཟླ་བདུན་པའི་ཚེས་གཉིས་ཉིན། «སྡེ་ཆེན་རྩེད་ར»རྟགས་མའི་བོད་ཀྱི་ལ་གཞས་འགྲན་སྡུར་སྐབས་དྲུག་པའི་ཐོག་མའི་འགྲན་སྡུར་ལས་མཚོ་ནུབ་འགྲན་ཁུལ་གྱི་འགྲན་སྡུར་མུ་མཐུད་དུ་སྤེལ་བ་ཡིན་ལ། འགྲན་ཞུགས་པ་དག་གིས་རི་མཐོན་པོའི་ཕ་རོལ་ནས་ལམ་ལ་ཆས་པ་ནས། ཆུ་གཙང་མོའི་ཚུར་ངོགས་ནས་ཕྱི་མིག་བཞག་པ་ནས། སེམས་ཀྱི་སྨྲེང་བ་ཐམས་ཅད་རོགས་འདང་ཅན་གླུ་བའི་ཚིག་སྣེ་ལས་གྲོལ་ཞིང་། ཞེ་འདང་དར་གྱི་མདུད་པ་ཞེ་མཐུན་གླུ་བའི་ལྕགས་ཀྱི་ཨ་ལུང་དུ་མདུད་ལ། བྲལ་དཀའི་དྲན་ཤིང་རིང་མོ་རོགས་ལོའི་ཞེ་རུས་བརྟན་པོར་བརྫངས་བས་ཉན་མཁན་མང་པོས་སེམས་པ་རབ་ཏུ་སྐྱོམ་པར་བྱས་ལ། གླུ་ཚིག་དང་འགུག་རྟ་སོགས་ཕྱོགས་གང་ཐད་ནས་རང་རང་གི་ཁྱད་ཆོས་འབུར་དུ་ཐོན་པས་དཔྱད་འདེམས་པ་དང་ལྟད་མོ་བ་དག་གིས་དགའ་བསུ་དང་གདེངས་འཇོག་ཆེན་པོ་ཐོབ།

IMG_4478.JPG

དགུང་ཨ་སྔོན་ཕར་རི་ཕར་འཁོར་རེད། འབྲུག་ཕོ་ཆུང་འཁོར་བ་ལན་གཅིག་རེད།

ཆར་ཤག་སྒྲ་ཅན་ཞིག་འབབ་རྒྱུ་རེད། དེ་འབབ་པའི་གནང་བ་ཨེ་ཡོད་ལགས།

IMG_4469.JPG

རོགས་ཆུང་ལོ་མཐུན་པ་དྲུག་སྐོར་རེད། ཁས་ཅི་བཤད་ཆུ་དང་འོ་མ་རེད།

IMG_4659.JPG

མ་ཁྱོད་ཚོ་གྱོ་རྒྱ་འདོ་བ་བྱོས། ཕོ་ངེད་ཚོ་ཁྱུང་ཆེན་གསེར་སྒ་བྱེད། བསྟད་བཏང་ན་ཡོ་རྒྱུ་མེད་ནི་བྱེད།

IMG_4575.JPG

ནགས་རྒྱ་རྫོང་དཀྱིལ་གྱི་ཁུ་ལོ། ཁྱོད་ནགས་རི་བརྒྱུད་ནས་སོང་རུང་།།

ང་འཇོལ་མོ་ནགས་ནས་ལུས་རུང་། བྱ་མི་བརྗེད་སེམས་ལ་བཟུང་ཡོད།

IMG_4640.JPG

སྨད་རྒྱ་ནག་གོས་ཀྱི་ཚོང་ར་ནས། གོས་ཁ་དོག་འཇའ་ཚོན་ཤར་འདྲ་རེད།

ངས་བལྟས་པའི་གོས་ཆེན་འཁོར་ལོ་མ། དངུལ་དུང་ཙེ་མེད་རུང་བསམ་པ་ཡིན། རྒྱ་ཁེ་བའི་ལག་ནས་སྐྱུར་འདང་མེད།

IMG_4656.JPG

རོགས་ཆུང་ལོ་དུང་གི་སོ་སྒོ་ཅན། ཁ་ཚིག་གསུམ་རྗེ་བཙུན་མགུར་མ་རེད།

IMG_4678.JPG

སྡེ་ཆེན་པོ་རྩེད་ར་ནང་ནས། སྨན་བུ་མོའི་འཛུམ་ཆུང་མང་གི

ངས་སྟོང་ཚོགས་ལྷ་མོའི་ནང་གི  མིག་གཏད་ས་རོགས་ལོ་ཁྱེད་ཡིན།

IMG_4619.JPG

གོས་གསེར་མ་ནོར་བུ་ཆ་བདུན་ཅན། གོས་གོང་བ་ཟ་འོག་སྨུག་པོ་རེད། སྟེང་རི་མོ་བཀྲ་ཤིས་རྟགས་བརྒྱད་རེད།

IMG_4632.JPG

སེམས་ཀྱི་བརྩེ་བ་འདི་ན་ཆགས།

IMG_4443.JPG

བོད་ལྭའི་འཕྱོར་ཉམས།

IMG_4450.JPG

རི་བུམ་པ་འདྲ་བའི་གཡས་ཟུར་ནས། གཡུ་དྲུག་དཀར་འདྲ་བའི་ཁུ་ལོ་ཁྱོད། སེམས་བསམ་པའི་གཏིང་གི་དྲན་ཤིང་ཡིན།

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།