སྤེལ་དུས།2018.07.14 ཡོང་ཁུངས།རང་རེའི་ལས་ཁུངས།
418
0

རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་ཟླ་བཟང་སྒྲོལ་མ་ནས་བཀོད་པའི་གསར་འགྱུར།

ཞེ་མཐུན་ཨ་ལོང་དར་གྱི་མདུད་པ་ཡིན། འདང་ཅན་རོགས་ལོ་སྙིང་གི་ཕྱེད་ཀ་ཡིན། སྡེ་ཆེན་རྩེད་ར་གཅིག་ནས་ཐུག་རྒྱུ་རེད། དྲན་པ་དྲན་པའི་སྙིང་གཏམ་གླེང་རྒྱུ་རེད།

微信图片_20180714184030.jpg

སྲིད་གསུམ་ཟིལ་གནོན་པདྨ་ཐོད་ཕྲེང་གི། འཕྲིན་ལས་སྤྲུལ་བའི་གེ་སར་དབང་གི་རྒྱལ།། མི་བསྲུན་ཕྱོགས་བཞིའི་དགྲ་བཞི་འདུལ་མཛད་པའི། སེང་ཆེན་ནོར་བུ་དགྲ་འདུལ་མཆོག་ལ་འདུད།

微信图片_20180714184045.jpg

དབྱར་ལ་མ་སྐྱེས་དགུན་ལ་སྐྱེས། དགུན་སྟག་ཡོས་གཉིས་ཀྱི་བར་སྒང་དུ།སེར་མོ་སྐྱ་དེ་འཁྲུངས་ཞོགས་དེར། ཨ་སྔོན་དགུང་ནས་འབྲུག་ཅིག་གྲགས། དོག་མོ་ས་ནས་ལྕམ་གཅིག་སྐྱེས། སེང་ལྕམ་འབྲུག་མོ་དེ་ལྟར་ཐོགས།

ཟླ་བདུན་པའི་ཚེས་བཅུ་བཞི་ཉིན། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་ཞིང་ཆེན་མི་རིགས་སྐད་གློག་བརྙན་འཕྲིན་བསྒྱུར་སྐྲུན་ལྟེ་གནས་གཉིས་ཀྱིས་མཉམ་འབྲེལ་སྒོས་བསྒྲུབས་པའི་《སྡེ་ཆེན་རྩེད་ར》རྟགས་མའི་བོད་ཀྱི་ལ་གཞས་འགྲན་སྡུར་སྐབས་དྲུག་པའི་ཐོག་མའི་འགྲན་སྡུར་གྱི་ལས་སྒྲུབ་ཚན་ཆུང་མགོ་ལོག་ཁུལ་རྟ་བོར་གྲོང་བརྡལ་དུ་འབྱོར་བ་དང་།ས་གནས་ཀྱི་འབྲེལ་ཡོད་མི་སྣའི་རོགས་སྐྱོར་འོག་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གི་འཁྲབ་སྦྱོང་ལྟེ་གནས་ཐེངས་འདིའི་འགྲན་སྡུར་གྱི་ཚོགས་རར་གཏན་ཁེལ་བྱས་པ་དང་། འགྲན་ཞུགས་པ་རྣམས་ཡུལ་དངོས་སུ་ཡོང་ནས་འབྱོར་ཐོ་བཀོད།

微信图片_20180714193810.jpg

ཐེངས་འདིའི་འགྲན་སྡུར་གྱི་ཚོགས་ར།

微信图片_20180714193821.jpg

ཚོགས་རའི་ཡུལ་དངོས།

微信图片_20180714184214.jpg

微信图片_20180714192837.jpg

འགྲན་ཞུགས་པ་རྣམས་ཀྱིས་ཡུལ་དངོས་ནས་འབྱོར་ཐོ་འགོད་བཞིན་པ།

སྡེ་ཆེན་རྩེད་ར》རྟགས་མའི་བོད་ཀྱི་ལ་གཞས་འགྲན་སྡུར་སྐབས་དྲུག་པའི་ཐོག་མའི་འགྲན་སྡུར་ལས་མགོ་ལོག་འགྲན་ཁུལ་ལ་བསྡོམས་པས་འགྲན་ཞུགས་པ་བཅོ་བརྒྱད་ལྷག་གིས་འབྱོར་ཐོ་བཀོད་ཡོད་ལ། ཕྱི་དྲོར་འགྲན་ཞུགས་པ་རྣམས་ཀྱིས་འགྲན་སྡུར་ཨང་རིམ་གྱི་རྒྱན་ཤོག་བླངས་ཏེ་ཨང་རིམ་གཏན་ཁེལ་བྱས་པར་མ་ཟད། ཐེངས་འདིའི་འགྲན་སྡུར་འདྲ་མཉམ་དང་དྲང་བདེན། བདེ་འཇགས་བཅས་ཡོང་ཆེད་དཔྱད་འདེམས་པ་དག་མཉམ་དུ་འཛོམས་ནས་འགྲན་སྡུར་གྱི་གོ་རིམ་དང་དཔྱད་འདེམས་བྱེད་སྟངས་སོགས་ལ་གྲོས་བསྡུར་བྱས་པ་དང་། ལས་སྒྲུབ་ཚན་ཆུང་གིས་ཡུལ་དངོས་ནས་སང་ཉིན་གྱི་འགྲན་སྡུར་དངོས་ལ་གྲ་སྒྲིག་འཐུས་ཚང་བྱས།

微信图片_20180714184158.jpg

འགྲན་ཞུགས་པས་འགྲན་སྡུར་ཨང་རིམ་རྒྱན་ལེན་བཞིན་པ།

微信图片_20180714184134.jpg

དཔྱད་འདེམས་པ་རྣམས་ཀྱིས་གྲོས་སྡུར་བྱེད་བཞིན་པ།

微信图片_20180714184103.jpg

ལག་རྩལ་པས་སྒྲིག་ཆས་ཚོད་ལྟ་བྱེད་བཞིན་པ།

ཟླ་བདུན་པའི་ཚེས་བཅོ་ལྔ་ཉིན་གྱི་སྔ་དྲོའི་དུས་ཚོད་དགུའི་སྟེང་ནས། 《སྡེ་ཆེན་རྩེད་ར》རྟགས་མའི་བོད་ཀྱི་ལ་གཞས་འགྲན་སྡུར་སྐབས་དྲུག་པའི་ཐོག་མའི་འགྲན་སྡུར་ལས་མགོ་ལོག་འགྲན་ཁུལ་གྱི་འགྲན་སྡུར་དངོས་སུ་མགོ་རྩོམ་རྒྱུ་ཡིན་པས་ཚང་མས་མུ་མཐུད་དུ་དོ་ཁུར་བྱེད་རོགས།

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།