སྤེལ་དུས།2018.07.16 ཡོང་ཁུངས།རང་རེའི་ལས་ཁུངས།
303
0

སྤྲིན་ནག་པོ་འཐིབ་ནས་ཡོང་དུས།
འབྲུག་ཕོ་ཆུང་གྲགས་ནས་ཐོན་ཐལ།
ཆར་བསིལ་མ་བབས་པའི་མཚམས་ལ།
ང་འབྲུག་ཆུང་མི་འདུག་བུད་འགྲོ།
ང་གྲགས་སའི་དགུང་སྔོན་བདེ་མོ།

རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་ཟླ་བཟང་སྒྲོལ་མས་བཀོད་པའི་གསར་འགྱུར།    ཉིན་གཉིས་ཀྱི་འགྲན་སྡུར་བརྒྱུད། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་ཞིང་ཆེན་མི་རིགས་སྐད་གློག་བརྙན་འཕྲིན་བསྒྱུར་སྐྲུན་ལྟེ་གནས་གཉིས་ཀྱིས་མཉམ་འབྲེལ་སྒོས་བསྒྲུབས་པའི«སྡེ་ཆེན་རྩེད་ར»རྟགས་མའི་བོད་ཀྱི་ལ་གཞས་འགྲན་སྡུར་སྐབས་དྲུག་པའི་ཐོག་མའི་འགྲན་སྡུར་ལས་མགོ་ལོག་འགྲན་ཁུལ་གྱི་འགྲན་སྡུར་ཟླ་བདུན་པའི་ཚེས་བཅུ་དྲུག་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་དྲུག་གི་སྟེང་ཡོངས་སུ་མཇུག་སྒྲིལ་བ་དང་། འགྲན་ཞུགས་པ་བཅོ་བརྒྱད་ལས་གླུ་བ་རྡོ་རེ་དང་ཆོས་དབྱངས་རྡོ་རྗེ། གུར་མགོན། ཚེ་རིང་དཔལ་འབྱོར། དངོས་གྲུབ། གླུ་མ་བཀྲ་ཤིས་སྐྱིད་དང་འཕྲིན་ལས་མཚོ། སྒྲོལ་ལོ་བཅས་གླུ་བ་གླུ་མ་བརྒྱད་བསྐྱར་འགྲན་ཐོག་མའི་འགྲན་སྡུར་ཁྲོད་བདམས་ཐོན་བྱུང་།

微信图片_20180716200453.jpg

མགོ་ལོག་འགྲན་ཁུལ་ནས་བསྐྱར་འགྲན་ཐོག་མ་རུ་ཚུད་པའི་གླུ་བ་གླུ་མ་དག

微信图片_20180716200927.jpg

བྱ་ཁུ་ལོ་མི་འདུག་འགྲོ་ནོ་རེད།                བྱེའུ་འཇོལ་མོ་མི་འགྲོ་འདུག་ནོ་རེད།        ང་འགྲོ་བའི་འགྲོ་ལམ་འཚམས་པོ་བྱེད།         ཁྱོད་འདུག་གི་སྐུ་ལུས་བདེ་མོ་བྱོས།

微信图片_20180715170528.jpg

མཚོ་སྔོན་མོ་མར་ཁུ་འཁྱིལ་འདྲ་རེད།          ཉ་གསེར་མིག་བྱི་རུའི་པ་ཏྲ་རེད།                  མཚོ་རྒས་ནས་ཐིག་ལེ་གཏོང་རག་ལ།             ཉ་གསེར་མིག་མ་བརྗེད་ཡིད་ལ་ཟུངས།

微信图片_20180716200503.jpg

སྡེའི་རོགས་བརྒྱ་རོགས་མང་གྲས་ནས།       རོགས་གཅིག་ལ་ཚིག་གསུམ་བཤད་ཡོད།

ཁྱོས་ཚིག་གསུམ་ཡིད་ནས་མ་བརྗེད།   ངས་ཚེ་གང་སེམས་ནས་མི་བརྗེད།


  མཐར་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གི་ལས་བྱེད་མི་སྣ་ཡོངས་ཀྱིས་ཐེངས་འདིའི་འགྲན་སྡུར་གྱི་བྱ་བར་རོགས་སྒྲུབ་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུ། ཐེངས་རྗེས་མར་ང་ཚོ་མཚོ་བྱང་འགྲན་ཁུལ་ནས་མཇལ་ཡོང་། བཀྲ་ཤིས་བདེ་ལེགས།

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།