སྤེལ་དུས།2018.07.23 ཡོང་ཁུངས།རང་རེའི་ལས་ཁུངས།
304
0

ཤིང་ཙན་དན་ནགས་ཀློང་གོང་མ་ན།

ངའི་འདོ་རིགས་རྟ་བོ་རྐྱང་རྒྱུད་ཡིན།

རྟ་ཡག་པ་རིན་ཆེན་རྒྱན་ཆ་ཡིན།

སྒ་ཡག་པ་གསེར་ནག་པ་ཏྲ་ཡིན།

ཞོན་མ་ཐུབ་བྱང་ལམ་མཚམས་ན་ཡོད།

བརྗེད་མ་ཐུབ་གངས་དཀར་སེམས་ན་ཡོད།

ཟླ་བདུན་པའི་ཚེས་ཉེར་གསུམ་ཉིན། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་ཞིང་ཆེན་མི་རིགས་སྐད་གློག་བརྙན་འཕྲིན་བསྒྱུར་སྐྲུན་ལྟེ་གནས་གཉིས་ཀྱིས་མཉམ་འབྲེལ་སྒོས་བསྒྲུབས་པའི་《སྡེ་ཆེན་རྩེད་ར》རྟགས་མའི་བོད་ཀྱི་ལ་གཞས་འགྲན་སྡུར་སྐབས་དྲུག་པའི་ཐོག་མའི་འགྲན་སྡུར་གྱི་ལས་སྒྲུབ་ཚན་ཆུང་མཚོ་བྱང་ཁུལ་རྐང་ཚ་རྫོང་དུ་འབྱོར་ལ། རྐང་ཚ་རྫོང་ཨུའི་དྲིལ་སྒྲོག་པུའུ་དང་། རྐང་ཚ་རྫོང་རིག་གནས་ཅུའུ། རྐང་ཚ་རྫོང་རིག་གནས་ཁང་བཅས་ཀྱིས་རོགས་སྐྱོར་འོག་ཐེངས་འདིའི་འགྲན་སྡུར་གྱི་ཚོགས་ར་གཡུ་གཞོངས་རྐང་ཚའི་འོམ་ཆུའི་འགྲམ་ངོགས་ཀྱི་གསེར་ཉའི་གཞིས་ཁྱིམ་དུ་གཏན་འཁེལ་བྱས།           《སྡེ་ཆེན་རྩེད་ར》རྟགས་མའི་བོད་ཀྱི་ལ་གཞས་འགྲན་སྡུར་སྐབས་དྲུག་པའི་ཐོག་མའི་འགྲན་སྡུར་ལས་མཚོ་བྱང་འགྲན་ཁུལ་ལ་བསྡོམས་པས་འགྲན་ཞུགས་པ་ཉེར་བཞི་ཡིས་འབྱོར་ཐོ་བཀོད་ཡོད་ལ། ཕྱི་དྲོར་འགྲན་ཞུགས་པ་རྣམས་ཀྱིས་འགྲན་སྡུར་ཨང་རིམ་གྱི་རྒྱན་ཤོག་བླངས་ཏེ་ཨང་རིམ་གཏན་ཁེལ་བྱས་པར་མ་ཟད། ཐེངས་འདིའི་འགྲན་སྡུར་འདྲ་མཉམ་དང་དྲང་བདེན། བདེ་འཇགས་བཅས་ཡོང་ཆེད་དཔྱད་འདེམས་པ་དག་མཉམ་དུ་འཛོམས་ནས་འགྲན་སྡུར་གྱི་གོ་རིམ་དང་དཔྱད་འདེམས་བྱེད་སྟངས་སོགས་ལ་གྲོས་བསྡུར་བྱས་པ་དང་། ལས་སྒྲུབ་ཚན་ཆུང་གིས་ཡུལ་དངོས་ནས་སང་ཉིན་གྱི་འགྲན་སྡུར་དངོས་ལ་གྲ་སྒྲིག་འཐུས་ཚང་བྱས།          ཟླ་བདུན་པའི་ཉེར་བཞི་ཉིན་ནས། 《སྡེ་ཆེན་རྩེད་ར》རྟགས་མའི་བོད་ཀྱི་ལ་གཞས་འགྲན་སྡུར་སྐབས་དྲུག་པའི་ཐོག་མའི་འགྲན་སྡུར་ལས་མཚོ་བྱང་འགྲན་ཁུལ་གྱི་འགྲན་སྡུར་དངོས་སུ་མགོ་རྩོམ་རྒྱུ་རེད།

528817710604172436.jpg

རྐང་ཚ་རྫོང་གི་བཀོད་པ།

45723248687770427.jpg

ཉ་གསེར་མིག་ལྡེམ་མྱུར་ཅན་པོ།  ཁྱོད་ཆུ་ཆེན་ཕྱོགས་ལ་མ་རྐྱལ།

ཁྱོད་ཆུ་ཆུང་ཕྱོགས་ལ་རྐྱོལ་དང་།  ཟླ་བོད་ལོ་དར་ཁ་མི་ཆགས།  དབྱར་དྲུག་པའི་ཙད་ཀྱིས་མི་སྐམ།

668409374152105929.jpg

མཚོ་བྱང་འགྲན་ཁུལ་གྱི་ཚོགས་ར།

IMG_5205.JPG

འགྲན་ཞུགས་པས་འབྱོར་ཐོ་འགོད་བཞིན་པའི་ཚུལ།

IMG_5214.JPG

འགྲན་ཞུགས་ཨང་རིམ་རྒྱན་ལེན་པ།

IMG_5210.JPG

འགྲན་ཞུགས་ཨང་རིམ་རྒྱན་ལེན་པ།

IMG_5233.JPG

འགྲན་ཞུགས་ཨང་རིམ་རྒྱན་ལེན་པ།

77522065332237116.jpg

ལག་རྩལ་པས་ཡུལ་དངོས་ནས་སྒྲ་ཕབ་སྒྲིག་ཆས་ཚོད་ལྟ་བྱེད་བཞིན་པ།

IMG_5197.JPG

དཔྱད་འདེམས་པ་དག་གིས་གྲོས་བསྡུར་བྱེད་བཞིན་པ།

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།