སྤེལ་དུས།2018.07.24 ཡོང་ཁུངས།རང་རེའི་ལས་ཁུངས།
862
0

བྱ་ཁུ་བྱུག་ཕྱོགས་ཀྱི་མགྲོན་པོ་རེད།

བྱིའུ་འཇོལ་མོ་ནགས་ཀྱི་གཞི་འཛིན་རེད།

ནགས་ཡར་ནང་སྐྱིད་ལ་མར་ནང་སྐྱིད།

ནགས་སྐྱིད་ས་ཞིག་ལ་འབབ་རྒྱུ་ཡིན།

ཤིད་དྲང་ས་ཞིག་ནས་གྲགས་རྒྱུ་ཡིན།

ཟླ་བདུན་པའི་ཚེས་ཉེར་བཞི་ཉིན། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་ཞིང་ཆེན་མི་རིགས་སྐད་གློག་བརྙན་འཕྲིན་བསྒྱུར་སྐྲུན་ལྟེ་གནས་གཉིས་ཀྱིས་གཙོ་སྒྲུབ་གནང་ཞིང་། མཚོ་བྱང་ཁུལ་རྐང་ཚ་རྫོང་ཨུའི་དྲིལ་སྒྲོག་པུའུ་དང་། རྐང་ཚ་རྫོང་རིག་གནས་ཅུའུ། རྐང་ཚ་རྫོང་རིག་གནས་ཁང་བཅས་ཀྱིས་རོགས་སྒྲུབ་གནང་བའི་«སྡེ་ཆེན་རྩེད་ར»རྟགས་མའི་བོད་ཀྱི་ལ་གཞས་འགྲན་སྡུར་སྐབས་དྲུག་པའི་ཐོག་མའི་འགྲན་སྡུར་ལས་མཚོ་བྱང་འགྲན་ཁུལ་གྱི་འགྲན་སྡུར་རྐང་ཚ་རྫོང་གི་གསེར་ཉའི་གཞིས་ཁྱིམ་ནས་དངོས་སུ་མགོ་བརྩམས།            ཐེངས་འདིའི་འགྲན་སྡུར་གྱི་དཔྱད་འདེམས་པ་ནི་མཚོ་བྱང་ཁུལ་རྐང་ཚ་རྫོང་ཆོས་ལུགས་ཅུའུ་ཡི་ཅུའུ་ཀྲང་ཟུར་པ་བཀྲ་ཤིས་ཚེ་རིང་དང་། རྐང་ཚ་རྫོང་རིག་གནས་ཅུའུ་ན་བྱ་བ་གཉེར་བཞིན་པའི་བོད་ཀྱི་རྩོམ་པ་པོ་ཚེ་རིང་བསམ་གྲུབ། སྐབས་རིམ་བྱུང་གི་«སྡེ་ཆེན་རྩེད་ར»རྟགས་མའི་བོད་ཀྱི་ལ་གཞས་འགྲན་སྡུར་གྱི་ཇུས་འགོད་པ། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་གྱི་རིག་རྩལ་ཚན་ཁག་གི་ཀྲུའུ་རིན་བསྟན་འཛིན་བཅས་ཡིན།           ལ་གཞས་སྒྱུ་རྩལ་ནི་དམངས་ཁྲོད་དུ་དར་ཁྱབ་ཤིན་ཏུ་ཆེ་ཞིང་བོད་ཀྱི་རིག་གཞུང་ཁྱབ་སྤེལ་བྱེད་པའི་རྩོམ་རིག་ཕུན་སུམ་ཚོགས་པ་ཞིག་ཡིན་ལ། དེའི་ངག་གི་དབྱངས་རྟ་དང་། ཚིག་གི་སྒྱུ་རྩལ། དོན་གྱི་ཟབ་ཚད་ཀྱི་གསེང་རུམ་རེ་རེའི་ཁྲོད་ནས་དམངས་ཀྱི་དགའ་སྐྱོ་ཆགས་སྡང་དང་། ལྷན་སྐྱེས་ཀྱི་ཤེས་རབ། འཚོ་བའི་གོམས་སྲོལ། ངལ་རྩོལ་གྱི་སྙིང་སྟོབས་སོགས་མངོན་སུམ་དུ་མཚོན་ཡོད་པར་མ་ཟད།  འདི་ལས་མི་རིགས་ཤིག་གིས་ཚེ་སྲོག་གི་འཚོ་བ་དང་། ལྷད་མེད་བརྩེ་འདང་། ནང་སེམས་ཀྱི་འགྱུར་བ་ཡོད་ཚད་སྲིད་པའི་གླུ་ལ་བརྒྱུས་ནས་ཡོད།

668409374152105929.jpg

མཚོ་བྱང་འགྲན་ཁུལ་གྱི་འགྲན་སྡུར་ཡུལ་དངོས།

IMG_5291.JPG

མཚོ་བྱང་འགྲན་ཁུལ་གྱི་དཔྱད་འདེམས་པ་བཀྲ་ཤིས་ཚེ་རིང་།

IMG_5294.JPG

མཚོ་བྱང་འགྲན་ཁུལ་གྱི་དཔྱད་འདེམས་པ་ཚེ་རིང་བསམ་གྲུབ།

IMG_5290.JPG

མཚོ་བྱང་འགྲན་ཁུལ་གྱི་དཔྱད་འདེམས་པ་བསྟན་འཛིན།

IMG_5373.JPG

མདོ་འཛིན་པ་ཟླ་བཟང་སྒྲོལ་མ།

IMG_5313.JPG

ཚིག་སྙན་མོའི་མགོ་རྐང་ངས་སྒྲིག  ཚིག་བཤད་པའི་སྟབས་ཀ་འགྲིག་ན།  འགྲོགས་རྔ་མ་ཡུན་གྱིས་ངས་སྐྱོང་།

IMG_5317.JPG

ང་མིང་ཆེན་རོགས་ཤིག་མིན་ཡང་། ཁྱེད་དོན་ཆེན་ཚིག་གསུམ་ཤོད་དང་། རོགས་རྩེད་རྔ་སྐྱོང་རྒྱུ་ང་ལྟོས།

IMG_5329.JPG

རོགས་ཞེ་མཐུན་ཅན་གྱི་དགའ་ལོ། སྡེ་ཆེ་ས་ཞིག་ལ་འགྲོ་རྒྱུ་ཡིན།

རྒྱུད་ཡག་ས་ཞིག་ནས་འདུག་རྒྱུ་ཡིན། ཞེ་མཐུན་ས་ཞིག་ནས་རྩེད་རྒྱུ་ཡིན།

IMG_5320.JPG

སྨད་རྒྱ་ནག་གོས་ཁང་ནང་ན།  གོས་མི་གཅིག་གོས་སྣ་གསུམ་ཡོད།

གོས་གྲངས་ཀ་མང་བས་མི་ཆོག  ཞེ་བསམ་པའི་ཤོམ་ལྭ་ཉན་དགོས།

IMG_5340.JPG

རྒོད་ཐང་དཀར་ཐག་རིང་མགྲོན་པོ་རེད།  བྲག་དམར་པོ་ལམ་གྱི་གནས་ཚང་རེད།

ཁྱོད་ལམ་གྱི་གནས་ཚང་མ་འགྱུར་ན།  ང་ཐག་རིང་མགྲོན་པོ་འགྱུར་མེད་ཡིན།

IMG_5344.JPG

སྡེ་ཆེན་པོ་གྲུ་བཞི་གླིང་བརྒྱད་རེད། གླིང་བརྒྱད་པོ་ཡིད་ལ་མི་འོང་གི  རོགས་ཁྱོད་ཚོ་ཡིད་ནས་བརྗེད་མེད་ཡིན།

IMG_5392.JPG

མཚོ་སྔོན་པོའི་ནང་ལུང་ལུག་རེད། ལུག་གཡང་དཀར་རྒྱན་ཆ་བལ་རེད།

ལུག་འཚོ་བའི་དབང་སྐལ་མེད་རུང་། བལ་འབྲེག་པའི་སྟབས་ཀ་ལོས་འགྲིག

IMG_5385.JPG

ལམ་སྐྱ་མོའི་སྣ་ནས་འདུག་དུས། སེམས་སྐྱ་མོའི་འགོ་ཁུངས་དགའ་གི

རྟ་འདོ་བ་ཡུལ་ན་མེད་ན། ཞེ་ཡ་ཆུང་ནང་ནས་སྡུག་གི

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།