སྤེལ་དུས།2018.07.29 ཡོང་ཁུངས།རང་རེའི་ལས་ཁུངས།
1065
0

ཉིན་གསུམ་གྱི་འགྲན་སྡུར་བརྒྱུད། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་ཞིང་ཆེན་མི་རིགས་སྐད་གློག་བརྙན་འཕྲིན་བསྒྱུར་སྐྲུན་ལྟེ་གནས་གཉིས་ཀྱིས་མཉམ་འབྲེལ་སྒོས་བསྒྲུབས་པའི«སྡེ་ཆེན་རྩེད་ར»རྟགས་མའི་བོད་ཀྱི་ལ་གཞས་འགྲན་སྡུར་སྐབས་དྲུག་པའི་ཐོག་མའི་འགྲན་སྡུར་ལས་རྨ་ལྷོ་འགྲན་ཁུལ་གྱི་འགྲན་སྡུར་ཟླ་བདུན་པའི་ཚེས་ཉེར་དགུ་ཉིན་ཡོངས་སུ་མཇུག་སྒྲིལ་བ་དང་། འགྲན་ཞུགས་པ་ཉེར་བརྒྱད་ཀྱི་གྲས་སུ་གླུ་བ་དཔལ་མགོན་སྐྱབས་དང་། ཚེ་སྒྲུབ་རྒྱལ། དགེ་ལེགས་རྣམ་རྒྱལ། ཚེ་དཔལ་སྐྱབས། རྒྱ་ཁོ། གླུ་མ་ཤ་བོ་འཚོ་དང་། གདུགས་དཀར་སྐྱིད། ཚེ་དཔལ་འཚོ། བདེ་སྐྱིད་འཚོ། ཀུན་དགའ་འཚོ། སྐལ་བཟང་སྐྱིད་བཅས་གླུ་བ་གླུ་མ་བཅུ་བསྐྱར་འགྲན་ཐོག་མའི་འགྲན་སྡུར་ཁྲོད་བདམས་ཐོན་བྱུང་།
       རྨ་ལྷོ་འགྲན་ཁུལ་གྱི་འགྲན་སྡུར་མཇུག་སྒྲིལ་བ་དང་ཆབས་ཅིག«སྡེ་ཆེན་རྩེད་ར»རྟགས་མའི་བོད་ཀྱི་ལ་གཞས་འགྲན་སྡུར་སྐབས་དྲུག་པའི་ཐོག་མའི་འགྲན་སྡུར་གྱི་འགྲན་རིམ་ཡོངས་སུ་མཇུག་རྫོགས་ལ།  བསྐྱར་འགྲན་དང་རྟིང་རྩོད་འགྲན་སྡུར་དེ། ད་ལོའི་ཟླ8པའི་ཟླ་མཇུག་གམ་ཟླ9པའི་ཟླ་སྟོད་དུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁྲི་ཀ་རྫོང་ནས་སྤེལ་རྒྱུ་རེད། འདིར་སྡེ་ཆེན་རྩེད་ར་རྟགས་མའི་བོད་ཀྱི་ལ་གཞས་འགྲན་སྡུར་སྐབས་དྲུག་པའི་ཐོག་མའི་འགྲན་སྡུར་གྱི་མཚོ་ལྷོ་འགྲན་ཁུལ་དང་།  མཚོ་ནུབ་འགྲན་ཁུལ།  མགོ་ལོག་འགྲན་ཁུལ།  མཚོ་བྱང་འགྲན་ཁུལ།  རྨ་ལྷོ་འགྲན་ཁུལ་བཅས་ཀྱི་རོགས་སྒྲུབ་ལས་ཁུངས་དག་གིས་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཞུ།

IMG_5589.JPG

གསེར་ལ་རི་ཡི་མགོ་ནས།  གསེར་ཏོག་འདྲ་བའི་འདོ་བ། གསེར་སེར་བོའི་སྒ་ཞིག་བསྟད་ན།

དངུལ་དཀར་པོའི་སྲབ་ཅིག་བསྐོན་ན།  རྒྱུག་མི་རྒྱུག་མེད་ནི་ཨེ་ཡིན།

IMG_5592.JPG

རྨ་ཕ་རིའི་གཅན་ཚའི་ཐང་ན།   སྤྱང་དར་མ་འགྲོ་སྡོད་རྒོད་གི

ཕོ་སྙིང་སྟོབས་ཅན་ཞིག་མིན་ན།  རྭ་ཐང་ལ་འཛུགས་ཁ་དཀའ་གི

IMG_5634.JPG

རོགས་ང་ཚོའི་གངས་དཀར་སེམས་ལ།  ཚིག་སྙན་མོ་གཅིག་བཤད་གཉིས་བཤད།

ཚིག་སྙན་མོར་ཡོ་གཟུར་མེད་ན།  མ་ང་ཚོར་ཡོ་གཟུར་ཅི་ཡོད།

IMG_5600.JPG

ས་སྡེ་ཆེན་རོགས་ལོ་རྩོད་དུས།  ཡུལ་ཕ་མ་འདྲ་བའི་སེམས་དགོས།

ནང་བུ་ཕྲུག་འདྲ་བའི་འདང་དགོས།  དེ་ཡོད་ན་རྩོད་ཁ་བདེ་གི

IMG_5595.JPG

བཀྲ་ཤིས་པའི་སྡེ་ཆེན་དཀྱིལ་ནས།  དོན་འགྲུབ་གི་ཞི་མོ་ང་ཡིན།

ཕྱི་མོ་སྒོ་ལྟ་ས་མེད་རུང་།  ཞེ་སྣང་བ་མཐུན་པའི་རོགས་ཡིན།

IMG_5616.JPG

ངས་གངས་རི་དཀར་པོར་དཔེ་ལེན།  དགུང་གི་ཉི་མ་ཆགས་འཇོག

ལོ་ཕར་བཏབ་སྐྱེས་པས་མ་ཚད།  ལོ་ལྗང་མོ་འབྲས་བུ་ཐོགས་ཡོད།  ངས་ད་རུང་རོགས་ལོ་བརྗེད་མེད།

IMG_5607.JPG

རོགས་ཆུང་ལོ་སོང་གི་ཕྱི་ཉིན་ནས། ང་སྡེ་ཆེན་དཀྱིལ་ནས་མི་སྐྱིད་གི

ཚིག་སྙན་མོ་བཤད་ན་མི་འདོད་གི  རོགས་དྲན་ནས་ཉི་མ་མི་ཆོད་གི

IMG_5644.JPG

རོགས་ཡག་པ་མེ་ཏོག་འདྲ་བོ།  གེ་སར་འབྲུག་མོའི་མན་ཆད་ན།  ཆགས་འཇོག་སའི་རོགས་ཤིག་མེད་གི

དུས་ད་རེབ་རྩེད་ཁོམ་མེད་རུང།  ཕྱིར་འཁོར་ནས་རྩེད་རག་ཞིག་ལ།   ཁྱེད་གསེར་ལུས་རིན་ཆེན་བདེ་མོ།

IMG_5656.JPG

རྨ་ལྷོ་འགྲན་ཁུལ་ནས་བསྐྱར་འགྲན་དུ་ཚུད་པའི་གླུ་བ་དག

IMG_5662.JPG

རྨ་ལྷོ་འགྲན་ཁུལ་ནས་བསྐྱར་འགྲན་དུ་ཚུད་པའི་གླུ་མ་དག

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།