སྤེལ་དུས།2018.09.20 ཡོང་ཁུངས།
5192
0

དེ་ཡང་བོད་མི་རིགས་ཀྱི་ཕུལ་དུ་བྱུང་བའི་གཟུགས་འདས་རིག་གནས་སམ་ངག་བརྒྱུད་རིག་གནས་ཉམས་པ་སོར་ཆུད་དང་མ་ཉམས་གོང་འཕེལ་དུ་གཏོང་བ་དང་། སྲོལ་རྒྱུན་གྱི་རིག་གནས་རྩ་ཆེན་འདིའི་རྒྱུད་འཛིན་པ་གསོ་སྐྱོང་བྱེད་པ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པར་གཏོང་བ་བཅས་ཀྱི་ཆེད།  ཉིས་སྟོང་དགུའི་ལོ་ནས་བཟུང་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱིས«སྡེ་ཆེན་རྩེད་ར»རྟགས་མའི་བོད་ཀྱི་ལ་གཞས་འགྲན་སྡུར་སྤེལ་མགོ་བརྩམས་པ་དང་། ད་ལོ་སྐབས་དྲུག་པ་ལ་ཐོན་ཡོད་ལ། «སྡེ་ཆེན་རྩེད་རའི»ལེ་ཚན་ནས་བརྒྱུད་གཏོང་བྱས་པས་རྒྱ་ཆེའི་གསན་མཁན་དག་གིས་དགའ་བསུ་ཆེན་པོ་ཐོབ་ཡོད།

ད་ལོའི་ཟླ་དྲུག་པར། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་ཞིང་ཆེན་མི་རིགས་སྐད་གློག་བརྙན་བརྙན་འཕྲིན་བསྒྱུར་སྐྲུན་ལྟེ་གནས་གཉིས་ཀྱིས་མཉམ་འབྲེལ་སྒོས་སྒྲུབ་པའི་སྡེ་ཆེན་རྩེད་ར་རྟགས་མའི་བོད་ཀྱི་ལ་གཞས་འགྲན་སྡུར་སྐབས་དྲུག་པ་དེ་རོགས་སྒྲུབ་ལས་ཁུངས་དག་གི་རྒྱབ་སྐྱོར་འོག་གུང་ཧོ་རྫོང་ནས་དངོས་སུ་མགོ་བརྩམས་ཤིང་། མཚོ་ལྷོ་དང་མཚོ་ནུབ། མགོ་ལོག  མཚོ་བྱང་། རྨ་ལྷོ་བཅས་འགྲན་ཁུལ་ལྔ་ནས་ཐོག་མའི་འགྲན་སྡུར་བྱས་ལ་འགྲན་ཁུལ་སོ་སོ་ནས་བདམས་ཐོན་བྱུང་བའི་གླུ་བ་ཉེར་ལྔ་དང་གླུ་མ་ཉེར་ལྔ་བཅས་འགྲན་ཞུགས་པ་ལྔ་བཅུ་བོ་རིམ་འཕར་འགྲན་སྡུར་ལ་ཞུགས་དགོས་པ་དང་།ཟླ་དགུ་བའི་ཚེས་བཅུ་དགུ་ཉིན། འགྲན་ཞུགས་པ་དག་ཐེངས་འདིའི་བསྐྱར་འགྲན་དང་རྟིང་རྩོད་ཀྱི་འགྲན་སྡུར་ཡུལ་དངོས་ཏེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་གི་སིལ་ཏོག་གླིང་ཀ་རུ་ཡོང་ནས་འབྱོར་ཐོ་བཀོད་པ་དང་འགྲན་སྡུར་ཨང་རིམ་གྱི་རྒྱན་ཤོག་བླངས་ཏེ་ཨང་རིམ་གཏན་ཁེལ་བྱས་པར་མ་ཟད། ཐེངས་འདིའི་འགྲན་སྡུར་འདྲ་མཉམ་དང་དྲང་བདེན། བདེ་འཇགས་བཅས་ཡོང་ཆེད་དཔྱད་འདེམས་པ་དག་མཉམ་དུ་འཛོམས་ནས་འགྲན་སྡུར་གྱི་གོ་རིམ་དང་དཔྱད་འདེམས་བྱེད་སྟངས་སོགས་ལ་གྲོས་བསྡུར་བྱས་པ་དང་། ལས་སྒྲུབ་ཚན་ཆུང་གིས་ཡུལ་དངོས་ནས་འགྲན་སྡུར་དངོས་ལ་གྲ་སྒྲིག་འཐུས་ཚང་བྱས།

དེ་རིང་སྟེ་ཟླ་དགུ་བའི་ཚེས་ཉི་ཤུ་ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུའི་སྟེང་། སྡེ་ཆེན་རྩེད་ར་རྟགས་མའི་བོད་ཀྱི་ལ་གཞས་འགྲན་སྡུར་སྐབས་དྲུག་པའི་བསྐྱར་འགྲན་འཕར་མའི་འགྲན་སྡུར་དེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་གི་སིལ་ཏོག་གླིང་ཀ་རུ་དངོས་སུ་འཚོགས་ནས་མགོ་བརྩམས་ལ། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་གྱི་སྤྱིའི་ལྟ་སྐུལ་བ་ཆོས་ཕྱུག་རྒྱལ་གྱིས་ལ་གཞས་འགྲན་སྡུར་ལ་ཤིས་ཚིག་ཕུལ་བ་དང་ལྷན། དམངས་སྲོལ་རིག་གནས་འཛིན་སྐྱོང་སྤེལ་བྱེད་དགོས་པའི་གལ་ཆེའི་རང་བཞིན་གྱི་དགེ་མཚན་གླེང་།

ཐེངས་འདིའི་འགྲན་སྡུར་གྱི་དཔྱད་འདེམས་པ་ནི་རྩོམ་རིག་གསར་རྩོམ་རིམ་པ་དང་པོའི་རྩོམ་པ་པོ།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲོན་དངུལ་ལོངས་སུ་སྤྱོད་པའི་རྒྱལ་ཁབ་རིམ་པའི་ཆེད་མཁས་པ་ཆབ་འགག་རྡོ་རྗེ་ཚེ་རིང་དང་།  མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་གྱི་སྤྱིའི་ལྟ་སྐུལ་བ་གཞོན་པ་ལྷ་བརྟན།  མཚོ་བྱང་ཁུལ་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གི་ཀྲུའུ་རིན་རིན་ཆེན་ཚེ་རིང་།  བོད་ཀྱི་དམངས་སྲོལ་རིག་གནས་ཆེད་མཁས་པ།  རྐང་ཚ་རྫོང་མི་དམངས་ཆོས་ལུགས་ཅུའུ་ཡི་ཅུའུ་ཀྲང་ཟུར་པ་བཀྲ་ཤིས་ཚེ་རིང་།  མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་གི་གླུ་བ་རྒན་པ་འབྲུག་རྒྱལ་འབུམ་བཅས་ཡིན།

ལ་གཞས་སྒྱུ་རྩལ་ནི་དམངས་ཁྲོད་དུ་དར་ཁྱབ་ཤིན་ཏུ་ཆེ་ཞིང་བོད་ཀྱི་རིག་གཞུང་ཁྱབ་སྤེལ་བྱེད་པའི་རྩོམ་རིག་ཕུན་སུམ་ཚོགས་པ་ཞིག་ཡིན་ལ། དེའི་ངག་གི་དབྱངས་རྟ་དང་། ཚིག་གི་སྒྱུ་རྩལ། དོན་གྱི་ཟབ་ཚད་ཀྱི་གསེང་རུམ་རེ་རེའི་ཁྲོད་ནས་དམངས་ཀྱི་དགའ་སྐྱོ་ཆགས་སྡང་དང་། ལྷན་སྐྱེས་ཀྱི་ཤེས་རབ། འཚོ་བའི་གོམས་སྲོལ། ངལ་རྩོལ་གྱི་སྙིང་སྟོབས་སོགས་མངོན་སུམ་དུ་མཚོན་ཡོད་པར་མ་ཟད།  འདི་ལས་མི་རིགས་ཤིག་གིས་ཚེ་སྲོག་གི་འཚོ་བ་དང་། ལྷད་མེད་བརྩེ་འདང་། ནང་སེམས་ཀྱི་འགྱུར་བ་ཡོད་ཚད་སྲིད་པའི་གླུ་ལ་བརྒྱུས་ནས་ཡོད།

འགྲན་ཞུགས་པ་དག་གིས་འབྱོར་ཐོ་འགོད་བཞིན་པ།

འབྱོར་ཐོ་འགོད་བཞིན་པའི་རྣམ་པ།

འགྲན་ཞུགས་ཨང་རིམ་རྒྱན་ལེན་པ།

འགྲན་ཞུགས་ཨང་རིམ་རྒྱན་ལེན་པ།

ཐེངས་འདིའི་འགྲན་སྡུར་གྱི་ཡུལ་དངོས།

མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་གྱི་སྤྱིའི་ལྟ་སྐུལ་བ་ཆོས་ཕྱུག་རྒྱལ་གྱིས་ཤིས་ཚིག་འབུལ་བཞིན་པ།

ཐེངས་འདིའི་འགྲན་སྡུར་གྱི་དཔྱད་འདེམས་པ་ཆབ་འགག་རྡོ་རྗེ་ཚེ་རིང་།

ཐེངས་འདིའི་འགྲན་སྡུར་གྱི་དཔྱད་འདེམས་པ་ལྷ་བརྟན།

ཐེངས་འདིའི་འགྲན་སྡུར་གྱི་དཔྱད་འདེམས་པ་རིན་ཆེན་ཚེ་རིང་།

ཐེངས་འདིའི་འགྲན་སྡུར་གྱི་དཔྱད་འདེམས་པ་བཀྲ་ཤིས་ཚེ་རིང་།

ཐེངས་འདིའི་འགྲན་སྡུར་གྱི་དཔྱད་འདེམས་པ་འབྲུག་རྒྱལ་འབུམ།

མདོ་འཛིན་པ་ཚེ་རིང་བཀྲ་ཤིས་དང་ནོར་བུ་མཚོ།

སྐུ་རྒྱལ་བོད་ཀྱི་དཔེ་བཞིན་འདིར་ཚོགས་ཁྲོམ་པར་གླུ་ཡི་གནང་བ་ཞུ་བཞིན་པ།

ས་སྡེ་ཆེན་རྩེད་རའི་ནང་ནས།  རོགས་ཆུང་ལོ་ཁ་ཚིག་རང་བྱོན་ཅན།  

ཚིག་དོན་ཅན་རྣ་ལ་སྙན་གི   གཟུགས་སྐྱེ་ལུས་མིག་ལ་ཡག་གི

ཁ་བགད་ལས་ཚིག་གསུམ་བཤད་ནས།  ཞེ་བསམཔས་འགྲོག་རྔ་བསྐྱངས་ན།

སང་ཕྱིན་ཆད་རྩེད་བའི་གྲས་ནས།  ང་མ་བརྗེད་སེམས་ལ་འཛིན་རོགས།

དགུང་སྔོན་པོ་འཁོར་བ་ལན་གཅིག་རེད།  འབྲུག་ཕོ་ཆུང་འཁོར་བ་ཚེ་གཅིག་རེད།  དགུང་འདི་ནས་རྩེ་ལ་ཆར་ཞིག་འབབ།

ཚོགས་རའི་ཡུལ་དངོས།

ཚོགས་རའི་ཡུལ་དངོས།

ཡིད་ཀྱི་དང་བ་འདྲེན་པའི་དམངས་སྲོལ་གྱི་རིག་གནས།

                                                                              གསར་འགོད་པ།  ཚེ་མ་རྒྱལ།

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།