སྤེལ་དུས།2018.09.22 ཡོང་ཁུངས།
3638
0

ཉིན་གསུམ་གྱི་ཛ་དྲག་གི་འགྲན་སྡུར་བརྒྱུད།  མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་ཞིང་ཆེན་མི་རིགས་སྐད་གློག་བརྙན་འཕྲིན་བསྒྱུར་སྐྲུན་ལྟེ་གནས་གཉིས་ཀྱིས་མཉམ་འབྲེལ་སྒོས་བསྒྲུབས་པའི«སྡེ་ཆེན་རྩེད་ར»རྟགས་མའི་བོད་ཀྱི་ལ་གཞས་འགྲན་སྡུར་སྐབས་དྲུག་པའི་བསྐྱར་འགྲན་འཕར་མའི་འགྲན་སྡུར་ཟླ་དགུ་བའི་ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་དྲུག་གི་སྟེངཡོངས་སུ་མཇུག་སྒྲིལ་བ་དང་།   ཐོག་མའི་འགྲན་སྡུར་གྱི་འགྲན་ཁུལ་སོ་སོ་ནས་བདམས་ཐོན་བྱུང་བའི་གླུ་བ་གླུ་མ་ལྔ་བཅུའི་གྲས་སུ་གླུ་བ་ཚེ་སྒྲུབ་རྒྱལ་དང་།   རྣམ་རྒྱལ་མགོན།  ཨོ་རྒྱན་ཐར།  ཚེ་དཔལ་རྒྱལ།  དགེ་ལེགས་རྣམ་རྒྱལ།  གུར་མགོན།  ཚེ་བརྟན་རྡོ་རྗེ།  འབྲུག་ལྷ་ཚེ་རིང་།  ཨོ་རྒྱན་རྒྱལ།  ཚེ་རིང་དཔལ་འབྱོར།  རྟ་མགྲིན་ཚེ་བརྟན།  རྒྱལ་ཁོ།  ཁོན་ཐར་རྒྱལ།  བསོད་ནམས་རིན་ཆེན།  བསོད་ནམས་དཔལ་འབུམ་བཅས་གླུ་བ་བཅོ་ལྔ་དང་།  གླུ་མ་ཕུར་མཚམས་ཚེ་སྐྱིད་དང་།  སྐལ་བཟང་སྐྱིད།  ཕུར་མཚོ།  བཀྲ་ཤིས་མཚོ།  ཚེ་རིང་མེ་ཏོག  ཤ་བོ་མཚོ།  ཕུན་ཚོགས་སྐྱིད།  ཆོས་མཚོ་རྒྱལ།  ཚེ་རིང་སྒྲོལ་མ།  སྒྲོལ་མ་མཚོ།  སངས་རྒྱས་སྐྱིད།  བདེ་སྐྱིད་འཚོ།  གདུགས་ལོ།  འཕྲིན་ལས་མཚོ།  ཚེ་རིང་སྐྱིད་བཅས་གླུ་མ་བཅོ་ལྔ་བསྡོམས་པས་འགྲན་ཞུགས་པ་སུམ་ཅུ་ཐེངས་འདིའི་འགྲན་སྡུར་གྱི་བསྐྱར་འགྲན་ཁྲོད་བདམས་ཐོན་བྱུང་།

ཟླ་དགུ་བའི་ཚེས་ཉེར་གསུམ་ཉིན་གྱི་སྔ་དྲོའི་ཆུ་ཚོད་བརྒྱད་ནས།  «སྡེ་ཆེན་རྩེད་ར»རྟགས་མའི་བོད་ཀྱི་ལ་གཞས་འགྲན་སྡུར་སྐབས་དྲུག་པའི་བསྐྱར་འགྲན་དངོས་སུ་མགོ་རྩོམ་རྒྱུ་རེད།  

ང་གཞན་ནས་ཡོང་བའི་ཐང་དཀར་ཡིན།  ང་གཞན་གྱི་ཕྱོགས་ནས་ཡོང་དོན་ནི།

ནགས་ཙན་དན་བསམ་ནས་ཡོང་བ་ཡིན།  འདིའི་ཡན་གྱི་ཡོང་དོན་ང་ལ་མེད།

རི་ཨུཏྤལ་འདྲ་བའི་ཡར་ནང་ནས།  ཆུ་ཤེལ་དཀར་འདྲ་བའི་རོགས་ལོས་ཉོན།

ཆུ་དྭངས་སྙིགས་མེད་ལ་བཞུར་ཟེར་ན།  ངས་བདེན་པས་ཐོམ་གསུམ་བཅུ་རྒྱུ་ཡིན།

བོད་ཚོ་ཆེན་ལྷ་སྡེ་དཀར་བོ་ན།  ཞེ་སྣང་བ་མཐུན་པའི་རོགས་ཤིག་སྣང་།

རོགས་འདི་ཚོར་ཚིག་གསུམ་བཤད་ཐུབ་ན།  གཏམ་མི་ཁས་མི་ཐུབ་ཁས་ལེན་ཡོད།

སྟོད་ཨ་རིག་ལུག་རྒྱའི་ཁྱུ་ནས།  ངས་ཚེ་གཅིག་གི་ལྷ་ལུག་བསལ་ཡོད།

ལུག་ཚེར་མོའི་སེམས་རྩ་མ་དམའ་ན།  ཚེ་གཅིག་གི་ལུག་བདག་ང་ཉན་ན།

བར་བ་ཡན་ཐང་སྐྱ་གོང་མ་ན།  འབྲུག་རི་མོ་བབས་པའི་འདོ་བ་ཡོད།

ས་བྱང་ལམ་རིང་ན་རྐང་ཆད་ཡིན།  ལམ་བར་ཆད་བྱུང་རུང་འགྱོད་པ་མེད།  

མར་བལྟས་ཀྱི་སྡེ་ཆེན་གྲོང་ནས།  ངས་འདང་ཆེན་རོགས་ཤིག་བཙལ་ཡོད།

ཚིག་སྙན་མོ་མགོ་རྐང་བསྒྲིགས་ཡོད།  འདང་ཞེ་བརྩེ་སེམས་ལ་བཟུང་ཡོད།

བསྐྱར་འགྲན་ཁྲོད་ཚུད་པའི་གླུ་བ་དག

བསྐྱར་འགྲན་ཁྲོད་ཚུད་པའི་གླུ་མ་དག

                                                                                            གསར་འགོད་པ།  ཚེ་མ་རྒྱལ།

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།