སྤེལ་དུས།2018.09.24 ཡོང་ཁུངས།
1927
0

   

 ཉིན་གཉིས་ཀྱི་རིང་བསྐྱར་འགྲན་དུ་ཚུད་པའི་གླུ་བ་གླུ་མ་སུམ་ཅུས་ཚིག་ལ་དོན་གྱི་བབ་ཆགས་ཤིང་སྐད་ལ་སྙན་པའི་འགྱུར་ཁུག་གིས་སྤྲས་ནས་འགྲན་སྡུར་བྱས་ལ།  དཔྱད་འདེམས་པ་རྣམས་ཀྱིས་དྲང་བཞག་དང་།  འདྲ་མཉམ།  ཡོངས་བསྒྲགས་བཅས་ཀྱི་སྒོ་ནས་གླུ་བ་གླུ་མ་དག་ལ་དཔྱད་འཇོག་བྱས་པས་བསྐྱར་འགྲན་གྱི་རིམ་པ་ཟླ་དགུ་བའི་ཚེས་ཉེར་བཞིའི་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་དྲུག་གི་སྟེང་བདེ་བླག་ངང་མཇུག་སྒྲིལ་བ་དང་།  འགྲན་ཞུགས་གླུ་བ་ཚེ་སྒྲུབ་རྒྱལ་དང་།   རྣམ་རྒྱལ་མགོན།  ཚེ་རིང་དཔལ་འབྱོར།  ཨོ་རྒྱན་ཐར།  རྟ་མགྲིན་ཚེ་བརྟན།  འབྲུག་ལྷ་ཚེ་རིང་དང་།  གླུ་མ་ཕུར་མཚམས་ཚེ་སྐྱིད།  ཚེ་རིང་སྒྲོལ་མ།  ཕུར་མཚོ།  སྐལ་བཟང་སྐྱིད།  བཀྲ་ཤིས་མཚོ།  འཕྲིན་ལས་མཚོ་བཅས་བསྡོམས་པས་གླུ་བ་གླུ་མ་བཅུ་གཉིས་སྡེ་ཆེན་རྩེད་ར་རྟགས་མའི་བོད་ཀྱི་ལ་གཞས་འགྲན་སྡུར་སྐབས་དྲུག་པའི་རྟིང་རྩོད་འགྲན་རིམ་དུ་ཚུད། རེབ་འདིའི་ལ་གཞས་འགྲན་ཚོགས་ཀྱི་ཡུལ་དངོས་སུ་ས་གནས་འདིའི་རྒན་དར་གཞོན་གསུམ་དང་།ཕྱོགས་ཡོངས་ཀྱི་སྐུ་མགྲོན་མང་པོ་འདུས་ཡོང་ལ་འཁྲུག་ཆ་དོད་པའི་འགྲན་སྡུར་གྱི་རྣམ་པས་ཉན་མཁན་ཁྲི་སྟོང་གི་སེམས་ཀྱི་སྨྲེང་བ་དྲངས་ཤིང་། ཡིད་ཀྱི་སྐྱོ་བ་སེལ།  

    སྡེ་ཆེན་རྩེད་ར་རྟགས་མའི་བོད་ཀྱི་ལ་གཞས་འགྲན་སྡུར་སྐབས་དྲུག་པའི་རྟིང་རྩོད་འགྲན་སྡུར་དང་མཇུག་མཐའི་རྟིང་རྩོད་ཟླ་དགུ་བའི་ཚེས་ཉེར་ལྔ་སྟེ་སང་ཉིན་ནས་མགོ་བརྩམས་ཏེ་ཉིན་གསུམ་གྱི་རིང་ལ་སྔ་དྲོའི་དུས་ཚོད་དགུ་དང་། ཕྱི་དྲོའི་དུས་ཚོད་གཉིས་དང་ཕྱེད་ཀའི་སྟེང་༼གངས་ལྗོངས་མེ་ལོང༽ཁ་པར་མགྲོན་སྣེ་དང་མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གཞུང་ཕྱོགས་དྲ་ངོས་ནས་ཐད་གཏོང་བྱ་རྒྱུ་ཡིན་པས། ཀུན་གྱིས་གཟིགས་པར་དགའ་བསུ་ཞུ། 

རྟིང་རྩོད་འགྲན་སྡུར་དུ་ཚུད་པའི་གླུ་བ་ཚེ་སྒྲུབ་རྒྱལ།

རྟིང་རྩོད་འགྲན་སྡུར་དུ་ཚུད་པའི་གླུ་མ་ཕུར་མཚམས་ཚེ་སྐྱིད།

རྟིང་རྩོད་འགྲན་སྡུར་དུ་ཚུད་པའི་གླུ་བ་རྣམ་རྒྱལ་མགོན།

རྟིང་རྩོད་འགྲན་སྡུར་དུ་ཚུད་པའི་གླུ་མ་ཚེ་རིང་སྒྲོལ་མ།

རྟིང་རྩོད་འགྲན་སྡུར་དུ་ཚུད་པའི་གླུ་བ་ཚེ་རིང་དཔལ་འབྱོར།

རྟིང་རྩོད་འགྲན་སྡུར་དུ་ཚུད་པའི་གླུ་མ་ཕུར་མཚོ།

རྟིང་རྩོད་འགྲན་སྡུར་དུ་ཚུད་པའི་གླུ་བ་ཨོ་རྒྱན་ཐར།

རྟིང་རྩོད་འགྲན་སྡུར་དུ་ཚུད་པའི་གླུ་མ་སྐལ་བཟང་སྐྱིད།

རྟིང་རྩོད་འགྲན་སྡུར་དུ་ཚུད་པའི་གླུ་བ་རྟ་མགྲིན་ཚེ་བརྟན།

རྟིང་རྩོད་འགྲན་སྡུར་དུ་ཚུད་པའི་གླུ་མ་བཀྲ་ཤིས་མཚོ།

རྟིང་རྩོད་འགྲན་སྡུར་དུ་ཚུད་པའི་གླུ་བ་འབྲུག་ལྷ་ཚེ་རིང་།

རྟིང་རྩོད་འགྲན་སྡུར་དུ་ཚུད་པའི་གླུ་མ་འཕྲིན་ལས་མཚོ།

རྟིང་རྩོད་འགྲན་སྡུར་དུ་ཚུད་པའི་གླུ་བ་གླུ་མ་དག

                                                      གསར་འགོད་པ།   ཚེ་མ་རྒྱལ།

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།