སྤེལ་དུས།2018.09.25 ཡོང་ཁུངས།
2081
0

དེ་རིང་སྟེ་ཟླ་དགུ་བའི་ཚེས་ཉེར་ལྔ་ཉིན་གྱི་སྔ་དྲོའི་དུས་ཚོད་དགུའི་སྟེང་། སྡེ་ཆེན་རྩེད་རའི་བོད་ཀྱི་ལ་གཞས་འགྲན་སྡུར་སྐབས་དྲུག་པའི་རྟིང་རྩོད་འགྲན་སྡུར་དངོས་སུ་མགོ་བརྩམས་པ་དང་། ནངས་སྔ་མོ་ནས་ཉན་ལ་སྤྲོ་བའི་ལྟད་མོ་བའི་ཚོགས་གཅིག་རྗེས་གཉིས་མཐུད་དུ་ཚོགས་རར་སླེབས། 

རྟིང་རྩོད་འགྲན་སྡུར་ལས་ཐོག་མར་གར་སྟེགས་སུ་བུད་ནས་འགྲན་སྡུར་བྱེད་མཁན་ནི་རྨ་ལྷོའི་གླུ་བ་ཚེ་སྒྲུབ་རྒྱལ་དང་མགོ་ལོག་གླུ་མ་ཚེ་རིང་སྒྲོལ་མ་གཉིས་ཡིན་ལ། སྔོན་ལ་གླུ་བ་ཚེ་སྒྲུབ་རྒྱལ་གྱིས་སྡེ་ཆེན་པའི་ཁྲོམ་ལ་འཚམས་འདྲི་ལེགས་པོ་ཞིག་བྱས་རྗེས་རྩེད་མགོ་མའི་ལ་གཞས་སྙན་མོ་ངག་གི་སྒོ་མོ་ལ་དྲངས་པ་དང་། ཁོང་གཉིས་ཀྱིས་རྩེད་མགོའི་རྗེས་སུ་འགྲོགས་པའི་སྐོར་དང་སྨྲེང་བའི་སྐོར་བླངས་པ་ན་འདབ་ཆགས་བྱའང་སྨྲེང་བའི་གླུ་ལ་སྨྲེང་ནས་གཤོག་རྩ་གཉོམ་པར་གྱུར་ལ། སྟག་ཤར་དར་མ་དག་ཀྱང་དྲག་པོའི་ཆ་ཤོར་ནས་གཉོམ་གྱི་ལེར་གྱུར། 

འགྲན་སྐོར་གཉིས་པ་ནི་མཚོ་ལྷོའི་གླུ་བ་རྟ་མགྲིན་ཚེ་བརྟན་དང་མཚོ་བྱང་གླུ་མ་ཕུར་མཚོ་གཉིས་ཡིན་ལ། ཁོང་གཉིས་ཀྱིས་འགྲོགས་པའི་སྐོར་བླངས་པ་དང་། གླུ་བ་རྟ་མགྲིན་ཚེ་བརྟན་གྱིས་དྲན་གདུང་གི་ལྕི་བའི་དབྱངས་རྟས་སྡེ་ཆེན་ཁྲོམ་པའི་སྙན་དབང་གསོས་ལ། གླུ་མ་ཕུར་མཚོ་ཡིས་སྲོལ་རྒྱུན་ཁྱད་ཆོས་ཀྱིས་ཕྱུག་པའི་ལ་གཞས་བླངས་པས་རྣ་བར་ཤིན་ཏུ་སྙན་པོ་བྱུང་སོང་།

འགྲན་སྐོར་གསུམ་པ་ནི་མཚོ་བྱང་གླུ་བ་རྣམ་རྒྱལ་མགོན་དང་མགོ་ལོག་གླུ་མ་འཕྲིན་ལས་མཚོ་གཉིས་ཡིན་ལ། ཁོང་གཉིས་ཀྱིས་ཀྱང་དྲན་པའི་སྐོར་དང་འགྲོགས་པའི་སྐོར་བླངས་ཤིང་། སྐད་ངག་བདེ་ལ་ལ་སྐད་སྙན་ཞིང་འབྲུ་ལེགས་པས་སྡེ་ཆེན་ཁྲོམ་པས་དགའ་འབོད་ཡང་ཡང་བྱས་སོང་།

དེའི་རྗེས་འགྲན་སྐོར་བཞི་བ་མགོ་ལོག་གླུ་བ་ཚེ་རིང་དཔལ་འབྱོར་དང་མཚོ་བྱང་གླུ་མ་ཕུར་མཚམས་ཚེ་སྐྱིད། འགྲན་སྐོར་ལྔ་བ་མཚོ་ནུབ་གླུ་བ་ཨོ་རྒྱན་ཐར་དང་རྨ་ལྷོའི་གླུ་མ་སྐལ་བཟང་སྐྱིད། འགྲན་སྐོར་དྲུག་པ་མཚོ་ནུབ་གླུ་བ་འབྲུག་ལྷ་ཚེ་རིང་དང་མཚོ་ལྷོའི་གླུ་མ་བཀྲ་ཤིས་མཚོ་བཅས་རིམ་པ་བཞིན་གར་སྟེགས་སྟེང་བུད་ནས་འགྲན་སྡུར་བྱས་པ་དང་། ཁོང་ཚོའི་རོགས་དྲན་པའི་སྐོར་དང་། མཐུན་པའི་སྐོར། འགྲོགས་པའི་སྐོར། བྲལ་བའི་སྐོར། ཞེ་སྨྲེང་བའི་སྐོར་སོགས་བླངས་པ་ན། ཡུལ་དངོས་ལྟད་མོ་བ་དང་ཐད་གཏོང་མདུན་གྱི་རྒྱ་ཆེའི་དྲ་གྲོགས་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ།

དུས་ཚོད་དྲུག་ལྷག་གི་འགྲན་སྡུར་བརྒྱུད་སྡེ་ཆེན་རྩེད་རའི་བོད་ཀྱི་ལ་གཞས་འགྲན་སྡུར་སྐབས་དྲུག་པའི་རྟིང་རྩོད་འགྲན་སྡུར་རེ་ཞིག་མཇུག་རྫོགས་པ་དང་།  གླུ་བ་རྣམ་རྒྱལ་མགོན་དང་།  ཚེ་རིང་དཔལ་འབྱོར།  ཚེ་སྒྲུབ་རྒྱལ་བཅས་དང་།  གླུ་མ་ཚེ་རིང་སྒྲོལ་མ།  ཕུར་མཚམས་ཚེ་སྐྱིད།  བཀྲ་ཤིས་མཚོ་བཅས་འགྲན་ཞུགས་གླུ་བ་གླུ་བ་དྲུག་མཇུག་མཐའི་རྟིང་རྩོད་ཁྲོད་ཚུད།  སང་ཉིན་ཏེ་ཟླ་དགུ་བའི་ཚེས་ཉེར་དྲུག་ནས་ཉེར་བདུན་ཉིན་བར།   སྡེ་ཆེན་རྩེད་རའི་བོད་ཀྱི་ལ་གཞས་འགྲན་སྡུར་སྐབས་དྲུག་པའི་མཇུག་མཐའི་རྟིང་རྩོད་མུ་མཐུད་དུ་སྤེལ་རྒྱུ་ཡིན་ལ།  ཐད་གཏོང་གནས་ཚུལ་སྔར་བཞིན་སྔ་དྲོའི་དུས་ཚོད་དགུ་དང་། ཕྱི་དྲོའི་དུས་ཚོད་གཉིས་དང་ཕྱེད་ཀའི་སྟེང་༼གངས་ལྗོངས་མེ་ལོང༽ཁ་པར་མགྲོན་སྣེ་དང་མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གཞུང་ཕྱོགས་དྲ་ངོས་ནས་ཐད་གཏོང་བྱ་རྒྱུ་ཡིན།

མཇུག་མཐའི་རྟིང་རྩོད་དུ་ཚུད་པའི་གླུ་བ་རྣམ་རྒྱལ་མགོན།

མཇུག་མཐའི་རྟིང་རྩོད་དུ་ཚུད་པའི་གླུ་མ་ཚེ་རིང་སྒྲོལ་མ།

མཇུག་མཐའི་རྟིང་རྩོད་དུ་ཚུད་པའི་གླུ་བ་ཚེ་རིང་དཔལ་འབྱོར།

མཇུག་མཐའི་རྟིང་རྩོད་དུ་ཚུད་པའི་གླུ་མ་ཕུར་མཚམས་ཚེ་སྐྱིད།

མཇུག་མཐའི་རྟིང་རྩོད་དུ་ཚུད་པའི་གླུ་བ་ཚེ་སྒྲུབ་རྒྱལ།

མཇུག་མཐའི་རྟིང་རྩོད་དུ་ཚུད་པའི་གླུ་མ་བཀྲ་ཤིས་མཚོ།

མདོ་འཛིན་པའི་སྣང་བརྙན།

                                                           གསར་འགོད་པ།  ཚེ་མ་རྒྱལ།

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།