སྤེལ་དུས།2018.09.27 ཡོང་ཁུངས།
3663
0

སྡེ་ཆེན་རྩེད་རའི་བོད་ཀྱི་ལ་གཞས་འགྲན་སྡུར་སྐབས་དྲུག་པ་དེ་སྤྱི་ལོ2018ལོའི་ཟླ6པའི་ཚེས25ཉིན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ནས་ཐོག་མར་མགོ་བརྩམས་ཏེ། ཟླ་བ་བཞི་ཙམ་རིང་ལ། སྔ་རྗེས་སུ་མཚོ་ལྷོ་དང་མཚོ་ནུབ། མགོ་ལོག །མཚོ་བྱང་། རྨ་ལྷོ་བཅས་འགྲན་ཁུལ་ལྔ་ནས་བསལ་འདེམས་བྱས་པ་བརྒྱུད་ཐོག་མའི་འགྲན་ཁུལ་སོ་སོ་ནས་མི་བཅུ་རེ་བདམས་ཏེ་ཟླ9པའི་པའི་ཚེས20ཉིན་ནས་27ཉིན་བར་ཁྲི་ཀ་རུ་གཟའ་འཁོར་གཅིག་གི་རིང་བསྐྱར་འགྲན་འཕར་མ་དང་བསྐྱར་འགྲན། རྟིང་རྩོད། མཇུག་མཐའི་རྟིང་རྩོད་བཅས་ཛ་དྲག་གི་འགྲན་རིམ་རབ་དང་རིམ་པ་བརྒྱུད་མཐར་བདེ་བླག་ངང་ཡོངས་སུ་མཇུག་རྫོགས།

  ཟླ9པའི་ཚེས25ཉིན་རྟིང་རྩོད་འགྲན་སྡུར་བྱས་ཤིང་གླུ་བ་རྣམ་རྒྱལ་མགོན་དང་། ཚེ་སྒྲུབ་རྒྱལ། ཚེ་རིང་དཔལ་འབྱོར། གླུ་མ་ཕུར་མཚམས་ཚེ་སྐྱིད། ཚེ་རིང་སྒྲོལ་མ། བཀྲ་ཤིས་མཚོ་བཅས་གླུ་བ་གླུ་མ་དྲུག་མཇུག་མཐའི་རྟིང་རྩོད་ནང་ཚུད་ཅིང་། ཁོང་ཚོས་རེས་འཁོར་ཚུལABC.BCA. CABགྱི་མཇུག་མཐའི་རྟིང་རྩོད་ལ་ཞུགས་ཏེ་རིམ་བསགས་སྐར་གྲངས་ཀྱི་མཐོ་དམན་ལྟར་བྱ་དགའི་ཨང་རིམ་ཐག་གཅོད་བྱས། མཇུག་མཐའི་རྟིང་རྩོད་འགྲན་སྡུར་མཇུག་རྫོགས་པ་དང་བསྟུན་བོད་ཀྱི་ལ་གཞས་འགྲན་སྡུར་སྐབས་དྲུག་པ་ཡང་ཡོངས་སུ་མཇུག་རྫོགས་ཤིང་།  ཨང་དང་པོ་གླུ་བ་གཅིག་དང་གླུ་མ་གཅིག ། ཨང་གཉིས་པ་གླུ་བ་གཉིས་དང་གླུ་མ་གཉིས། ཨང་གསུམ་པ་གླུ་བ་གསུམ་དང་གླུ་མ་གསུམ།  ཕུལ་བྱུང་བྱ་དགའ་གླུ་བ་གླུ་མ་བཅོ་བརྒྱད་དང་རྟིང་སྐུལ་བཅུ་དྲུག་བཅས་བདམས་ཐོན་བྱུང་བ་དང་། དེའི་ཁྲོད་མཚོ་བྱང་གླུ་བ་རྣམ་རྒྱལ་མགོན་དང་གླུ་མ་ཕུར་མཚམས་ཚེ་སྐྱིད་གཉིས་ལ་ཐེངས་འདིའི་ལ་གཞས་འགྲན་སྡུར་ཁྲོད་ནས་བྱ་དགའ་ཨང་དང་པོ་ཐོབ།

  འགྲན་སྡུར་མཇུག་རྫོགས་རྗེས་ཕུལ་བྱུང་བྱ་དགའ་ཐོབ་པའི་མི་བཅོ་བརྒྱད་ལ་བྱ་དགའི་རྟགས་མ་གནང་བ་དང་། དེའི་རྗེས་རིམ་བཞིན་བྱ་དགའ་ཨང་གསུམ་པ་ཐོབ་མཁན་དང་། བྱ་དགའ་ཨང་གཉིས་པ་ཐོབ་མཁན། ཨང་དང་པོ་ཐོབ་མཁན་བཅས་ལ་གཟི་བརྗིད་དཔང་ཡིག་དང་བྱ་དགའི་དངུལ་བཅས་གནང་། 

མཇུག་མཐར་རེབ་འདིའི་དཔྱད་འདེམས་པའམ་རྩོམ་རིག་གསར་རྩོམ་རིམ་པ་དང་པོའི་རྩོམ་པ་པོ།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲོན་དངུལ་ལོངས་སུ་སྤྱོད་པའི་རྒྱལ་ཁབ་རིམ་པའི་ཆེད་མཁས་པ་ཆབ་འགག་རྡོ་རྗེ་ཚེ་རིང་གིས་སྡེ་ཆེན་རྩེད་རའི་ལ་གཞས་འགྲན་སྡུར་གཙོ་སྒྲུབ་དང་འགན་སྒྲུབ་གནང་བའི་ལས་ཁུངས་དང་ལས་བཟོ་བ། འགྲན་ཞུགས་གླུ་བ་གླུ་མ་རྣམས་ལ་བཀའ་དྲིན་ཞུས་རྗེས་སྡེ་ཆེན་རྩེད་རའི་བརྒྱུད་རིམ་དང་།  ཐེངས་འདིའི་འགྲན་སྡུར་གྱི་སེམས་ཚོར།  ལ་གཞས་སྒྱུ་རྩལ་གྱི་རིན་ཐང་དང་གསར་སྐྱེས་གླུ་བ་གླུ་མའི་མཉམ་འཇོག་བྱེད་དགོས་པའི་སྐོར་ནས་མཇུག་བསྡུའི་གཏམ་བཤད་གནང་། 


རྩོམ་རིག་གསར་རྩོམ་རིམ་པ་དང་པོའི་རྩོམ་པ་པོ།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲོན་དངུལ་ལོངས་སུ་སྤྱོད་པའི་རྒྱལ་ཁབ་རིམ་པའི་ཆེད་མཁས་པ་ཆབ་འགག་རྡོ་རྗེ་ཚེ་རིང་གིས་མཇུག་བསྡུའི་གཏམ་བཤད་གནང་བཞིན་པ།

ཕུལ་བྱུང་བྱ་དགའ་ཐོབ་མཁན་གྱི་གླུ་བ་གླུ་མ་ཡོངས།

བྱ་དགའ་ཨང་གསུམ་པ་ཐོབ་མཁན་གྱི་གླུ་བ་ཨོ་རྒྱན་ཐར་དང་།  འབྲུག་ལྷ་ཚེ་རིང་།   རྟ་མགྲིན་ཚེ་བརྟན་དང་།  གླུ་མ་སྐལ་བཟང་སྐྱིད།  ཕུར་མཚོ།   འཕྲིན་ལས་མཚོ།

བྱ་དགའ་ཨང་གཉིས་པ་ཐོབ་མཁན་གྱི་གླུ་བ་ཚེ་སྒྲུབ་རྒྱལ་དང་།  ཚེ་རིང་དཔལ་འབྱོར།  བཀྲ་ཤིས་མཚོ།  ཚེ་རིང་སྒྲོལ་མ།

བྱ་དགའ་ཨང་དང་པོ་ཐོབ་མཁན་གྱི་གླུ་བ་རྣམ་རྒྱལ་མགོན་དང་ཕུར་མཚམས་ཚེ་སྐྱིད།

བྱ་དགའ་ཐོབ་མཁན་གྱི་གླུ་བ་གླུ་མ་ཡོངས།

ཡར་བལྟས་ཀྱི་སྤང་དཀར་ཀླད་ནས།    ནང་རྟ་བརྒྱ་དུམ་གཅིག་གཤར་གི 

ངའི་བློ་རྟ་ནང་ནས་ལྷང་རེད།    རྟ་འཛམ་གླིང་རྐྱང་ངེ་མིན་ཡང་། 

 ཆགས་འཇོག་སའི་རྟ་ཞིག་མེད་གི    རྟ་སྤང་ནས་མ་བསྡད་འགྲོ་དུས།  

                                                ནང་རྟ་བརྒྱའི་སྐུ་ལུས་བདེ་མོ།

ཡར་བལྟས་ཀྱི་སྡེ་ཆེན་མཐའ་ནས།  ནང་རོགས་བརྒྱ་དུམ་གཅིག་རྩེ་གི  

ངའི་རོགས་ལོ་ནང་ནས་ལྷང་རེད། རྗེ་སེང་ཆེན་ནོར་བུ་མིན་ཡང་། 

 ཆགས་འཇོག་སའི་རོགས་ཤིག་མེད་གི རོགས་སྡེ་ནས་མ་བསྡད་འགྲོ་དུས།  

ནང་རོགས་བརྒྱའི་སྐུ་ལུས་བདེ་མོ།

                                                                                     གསར་འགོད་པ།  ཚེ་མ།

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།