སྤེལ་དུས།2018.09.11 ཡོང་ཁུངས།
768
0

བྱམས་པ་རྡོ་རྗེ། ཁམས་པའི་བརྙན་འཕྲིན་ཁང་རིག་རྩལ་སྡེ་ཁག་གི་འགན་གཙོ་དང་། 《བྱམས་པའི་ཁ་བརྡ》ལེ་ཚན་གྱི་བརྙན་སྐྲུན་པ་ཡིན་ལ། 《གངས་རི་རྩྭ་ཐང》དང་།  《བྱམས་པའི་ཁ་བརྡ》ལེ་ཚན་སོགས་ཀྱི་མདོ་འཛིན་པའང་ཡིན།

ཁོང་གིས་ཁམས་དཀར་མཛེས་ནས་ལོ་ངོ་བཅུ་ལྷག་ལ་དགེ་རྒན་གྱི་བྱ་བ་བསྒྲུབས་ནས། ཕ་ཡུལ་མི་དམངས་ཀྱིས་ཁས་ལེན་དང་གདེངས་འཇོག་ཚད་མེད་ཐོབ་པ་དང་། སྤྱི་ལོ2009ལོར་ཁམས་པའི་བརྙན་འཕྲིན་ཁང་དུ་ལས་གནས་སྤར་བ་ནས་ལོ་སར་སྤྲོ་ཚོགས་དང་། བྱམས་པའི་ཁ་བརྡ་སོགས་ལ་མདོ་འཛིན་བྱས་པས་བོད་ཁུལ་གྱི་མིང་དུ་གྲགས་པའི་མདོ་འཛིན་པ་ཞིག་ཏུ་གྱུར།

བོད་མདོ་དབུས་ཁམས་གསུམ་གྱི་ས་གནས་མང་པོ་ནས་རིག་རྩལ་ལེ་ཚན་སྣ་མང་ལ་མདོ་འཛིན་བྱས་པས་ཀུན་གྱིས་དགའ་བསུ་ཆེན་པོ་ཐོབ་ཅིང་། དེ་དག་ལས་ཀྱང་《བྱམས་པའི་ཁ་བརྡ》ལེ་ཚན་ནི་གངས་ཅན་ཕོ་མོ་ཡོངས་ཀྱི་རྣ་བའི་བུ་རམ་དང་མིག་གི་དགའ་སྟོན་དུ་གྱུར་ཡོད།

དེ་ལས་གཞན་ཁོང་ལ་རྒྱལ་ཡོངས་རིག་རྩལ་ལེ་ཚན་གྱི་ཕུལ་བྱུང་མདོ་འཛིན་པའི་མཚན་སྙན་ཐོབ་ཅིང་། ཁོང་གིས་བྲིས་པའི《ཁམས་སྐད་ཞིབ་འཇུག》ལ་རྒྱལ་ཡོངས་བོད་སྐད་དཔྱད་རྩོམ་ལས་ཨང་དང་པོ་ཐོབ་ཡོད།

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།