སྐལ་བཟང་སྒྲོལ་མ། 1988ལོའི་ཟླ7པར་མཚོ་ལྷོ་ཁུལ་མི་རིགས་དགེ་ཐོན་སློབ་གྲྭ་ནས་སློབ་མཐར་ཕྱིན། 1988ལོའི་ཟླ9པ་ནས1991ལོའི་ཟླ1པོའི་བར་ཐུན་ཏེ་རྫོང་མགོ་མང་སློབ་ཆུང་དུ་དགེ་རྒན་གྱི་བྱ་བ་གཉེར། 1991ལོའི་ཟླ3པར་གུང་ཧོ་རྫོང་རྒྱང་སྒྲོག་ཁང་དུ་ལས་གནས་སྤར་ཏེ་རྒྱང་སྒྲོག་པའི་བྱ་བ་གཉེར། 1994ལོའི་ཟླ4བར་མཚོ་ལྷོ་ཁུལ་བརྙན་འཕྲིན་ཁང་དུ་ལས་གནས་སྤར།
1994ལོ་ནས་ད་ལྟའི་བར་མཚོ་ལྷོ་བརྙན་འཕྲིན་ཁང་དུ་གསར་འགྱུར་སྙན་སྒྲོན་གྱི་ཞོར་དུ་ལོ་ཙཱ། སྒྲིག་སྦྱོར་སོགས་ཀྱི་བྱ་བ་གཉེར་ཞིང་། རྒྱལ་ཡོངས་ཀྱི་ཕུལ་བྱུང་སྙན་སྒྲོན་པ་དང་ཞིང་ཆེན་རིམ་པའི་སྙན་སྒྲོན་གྱི་བྱ་དགའ་མང་པོ་ཐོབ་མྱོང་། ལོ་ངོ་མང་པོའི་རིང་གསལ་དག་སྙན་གསུམ་གྱི་སྨྲ་བརྗོད་ལས་གཞུང་སྒེར་གང་རུང་གི་དགོང་ཚོགས་ལ་མདོ་འཛིན་གནང་ཞིང་། སྒོས་སུ་ཞིང་ཆེན་རིམ་པའི་གསར་འགྱུར་སྨྱན་བྱད་མང་པོར་མཉམ་འབྲེལ་བྱས་ཏེ་ཕྲེང་བསྟར་གསར་འགྱུར་དང་ལེ་ཚན་གང་མང་བསྒྲུབས་པས་རྒྱ་ཆེའི་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ་མྱོང་།