སྤེལ་དུས།2018.09.14 ཡོང་ཁུངས།
3399
0

        

ཚེས་བཅུ་བཞི་ཉིན་གྱི་ཕྱི་དྲོར། གངས་རྒྱན་མེ་ཏོག་རྟགས་མའི་རྒྱལ་ཡོངས་བོད་ཀྱི་སློབ་ཆེན་སློབ་མའི་གསར་རྩོམ་སྙན་ངག་གྱེར་འདོན་འགྲན་ཚོགས་སྐབས་གསུམ་པའི་བསྐྱར་འགྲན་གྱི་རིམ་པ་དངོས་སུ་མགོ་བརྩམས་ཤིང་། འགྲན་ཞུགས་པ་དག་གིས་འགྲན་ཞུགས་ཀྱི་ཨང་རིམ་ལྟར་རང་རང་གི་གྱེར་བྱའི་བརྩམས་ཆོས་ཡུལ་དངོས་ནས་དངོས་སུ་གྱེར་ལ། དཔྱད་འདེམས་པ་རྣམས་ཀྱི་ལུགས་མཐུན་དྲང་བཞག་གི་དཔྱད་འདེམས་དང་ཛ་དྲག་གི་འགྲན་སྡུར་བརྒྱུད་མཐར། རྔ་བ་དགེ་ཐོན་སློབ་གླིང་གི་དྲི་མེད་ཡེ་ཤེས་དང་ཟི་ཁྲོན་མི་རིགས་སློབ་ཆེན་གྱི་མགོན་དཀར། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་ཡུམ་སྐྱབས་རྒྱལ། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་ཕུན་ཚོགས་རྒྱ་མཚོ། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་རྒྱ་མཚོ། བོད་ལྗོངས་མི་རིགས་སློབ་ཆེན་གྱི་སྐལ་བཟང་། ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་གྱི་སྒྲོལ་མ་ལྷ་མོ། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་ལྷ་མོ་དབྱངས་ཅན། ནུབ་བྱང་མི་རིགས་སློབ་ཆེན་གྱི་མཆོད་སེམས་སྨྲ་ངག་ཚན་སྡེབ( ཨོ་རྒྱན་སྒྲོལ་མ།བཀྲ་ཤིས་དགེ་ལེགས། ཚེ་རིང་དཔལ་མོ།) མཚོ་སྔོན་མི་རིགས་སློབ་ཆེན་གྱི་ཚེ་བརྟན་རྒྱལ། ཟི་ཁྲོན་མི་རིགས་སློབ་ཆེན་གྱི་པད་མ་བདེ་སྐྱིད། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དབྱངས་ཅན་ལྷ་མོ། བོད་ལྗོངས་སློབ་ཆེན་གྱི་བློ་བཟང་ཚེ་རིང་། ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་གྱི་དྭངས་གསལ་ལྷ་མོ་བཅས་འགྲན་ཞུགས་པ་བཅུ་བཞི་ཐེངས་འདིའི་འགྲན་སྡུར་གྱི་རྟིང་རྩོད་འགྲན་བསྡུར་དུ་ཚུད།

སྤྱི་ཟླ་དགུ་པའི་ཚེས་བཅོ་ལྔ་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གཉིས་དང་ཕྱེད་ཀའི་སྟེང་རྟིང་རྩོད་འགྲན་སྡུར་དངོས་སུ་མགོ་རྩོམ་རྒྱུ་ཡིན་པ་དང་། འགྲན་སྡུར་གྱི་རྣམ་པ་མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་དྲ་ངོས་དང་སྤོ་འགུལ་མགྲོན་སྣེ་གངས་ལྗོངས་མེ་ལོང་བརྒྱུད་ནས་ཐད་གཏོང་བྱ་རྒྱུ་རེད། 


དཔྱད་འདེམས་དགེ་རྒན་སྨན་བླ་སྐྱབས།

དཔྱད་འདེམས་དགེ་རྒན་ཀུན་འགྲུབ།

དཔྱད་འདེམས་དགེ་རྒན་འབྲུག་ལྷ་རྒྱལ།

དཔྱད་འདེམས་དགེ་རྒན་བྱམས་པ་རྡོ་རྗེ།

དཔྱད་འདེམས་དགེ་རྒན་སྐལ་བཟང་སྒྲོལ་མ།

མདོ་འཛིན་པའི་ཉམས་སྣང་།

ཁྱོད་ནི་ཚོར་ཤེས་ཀྱི་རླབས་རྩེ་ན་འཕྱོ་བའི་སྙན་ངག་པ་དེ་ཡིན།

ཁྱོད་ནི་ཚིག་གྲུབ་ཀྱི་ཁྲི་སྟེང་ན་འགྱིང་བའི་ཐ་སྙད་པ་དེ་ཡིན།

ཁྱོད་ནི་དབྱངས་གསལ་གྱི་མཚོ་འཇིང་ན་སྐྱོད་པའི་ངག་རིག་པ་དེ་ཡིན།

ཁྱོད་ནི་སྙན་ངག་གི་གར་སྟེགས་ན་རྩེན་པའི་གྱེར་འདོན་པ་དེ་ཡིན།

དུང་བའི་སེམས་དང་སྙན་པའི་ངག་གིས་གྱེར་འདོན་བྱེད་བཞིན་པ།

ལྟད་མོ་བའི་ཚོགས།

ཚོགས་རའི་ཟུར་ཞིག

ལྟད་མོ་བའི་ཚོགས།

ཚོགས་རའི་ཟུར་ཞིག

རྟིང་རྩོད་འགྲན་བསྡུར་ལ་ཚུད་པའི་འགྲན་ཞུགས་པ་ཡོངས།


གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།