སྤེལ་དུས།2018.09.15 ཡོང་ཁུངས།
2767
9

སྙན་ངག་ནི་གསེར་མདོག་གི་ཉི་མའི་ཀློང་ནས་འཕྲོས་པའི་གངས་རི་དཀར་པོའི་གཟི་འོད་དེ་ཡིན་ལ།

སྙན་ངག་ནི་རྒྱ་མཚོ་སྔོན་མོའི་གཏིང་རུམ་ནས་བཏོན་པའི་དམར་ཆུང་གི་བྱུ་རུ་དེ་ཡིན།

སྙན་ངག་ནི་འཚོ་བའི་དགའ་སྐྱོ་ཆགས་སྡང་ལས་བྱུང་བའི་འགྱུར་ཁུགས་དྭངས་མ་དེ་ཡིན་ལ།

སྙན་ངག་ནི་དབྱངས་གསལ་སོ་བཞིའི་དཀྱིལ་འཁོར་ནས་འཁྲུངས་པའི་མངོན་འཕགས་ཀྱི་ཕོ་བྲང་དཀར་དམར་དེ་ཡིན།

གངས་རྒྱན་མེ་ཏོག་རྟགས་མའི་རྒྱལ་ཡོངས་བོད་ཀྱི་སློབ་ཆེན་སློབ་མའི་གསར་རྩོམ་སྙན་ངག་གྱེར་འདོན་འགྲན་ཚོགས་སྐབས་གསུམ་པ་ད་ལྟ་ཐོག་མའི་འགྲན་སྡུར་དང་། བསྐྱར་འགྲན་གྱི་རིམ་པ་བརྒྱུད། རྟིང་རྩོད་འགྲན་སྡུར་གྱི་སྐབས་ལ་སླེབས་ཡོད་ཅིང་། ཚོར་ཤེས་ཀྱི་རླབས་རྩེ་ནས་འཕྱོས་ཤིང་། ཚིག་གྲུབ་ཀྱི་ཁྲི་སྟེང་ནས་འགྱིང་ལ།  དབྱངས་གསལ་གྱི་མཚོ་འཇིངས་ནས་སྐྱོད་པའི་ངག་རིག་པ་དང་། སྙན་ངག་གི་གར་སྟེགས་ནས་རྩེན་པའི་གྱེར་འདོན་པ་དག་གིས་མགྲིན་པ་གཟེངས་སུ་བཏོན་ནས་གསལ་དག་སྙན་གསུམ་དང་། ཚོར་ཉམས་ཀུན་ཕྱུག་གི་སྒོས་གསར་དུ་བརྩམས་པའི་སྙན་ངག་བརྩམས་ཆོས་དག་གྱེར་བས། ད་ལྟ་སློབ་གྲོགས་བཅུ་བཞི་རྟིང་རྩོད་དུ་ཚུད་ཡོད་ལ། ཁོང་ཅག་གིས་མུ་མཐུད་དུ་དེ་རིང་ཕྱི་དྲོར་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཁྲབ་སྟོན་ཚོམས་ཆེན་ནས་འགྲན་སྡུར་བྱ་རྒྱུ་ཡིན།

རྟིང་རྩོད་འགྲན་སྡུར་གྱི་ཡུལ་དངོས་གནས་ཚུལ་མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་དྲ་ཚིགས་དང་། སྤོ་འགུལ་མགྲོན་སྣེ་གངས་ལྗོངས་མེ་ལོང་གཉིས་ལས་ཐད་གཏོང་བྱ་རྒྱུ་ཡིན་པས་ཀུན་པོས་ཐུགས་སྣང་མཛད་དེ་དུས་ལྟར་རྩ་གཉིས་ཨང་བཤེར་ནས་བལྟ་རྒྱུ་གལ་ཆེའོ། །

སྐབས་གསུམ་པའི་འགྲན་ཚོགས་འདི་བསྒྲུབ་མཁན་གྱི་ལས་ཁུངས་དག་ནི། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་གྱི་ཨུ་ཡོན་དང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས། མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་བཅས་ཀྱིས་གཙོ་སྒྲུབ་བྱས་ཤིང་། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་མཚོ་ནུབ་ཁུལ་མི་རིགས་རྩོམ་རིག་དུས་དེབ་ཁང་། གངས་རྒྱན་མེ་ཏོག་རྩོམ་སྒྲིག་ཁང་། མཚོ་སྔོན་རི་དཀར་པོ་གློག་བརྙན་འཕྲིན་རིག་གནས་སྨྱན་སྦྱོར་ཚད་ཡོད་ཀུང་ཟི་བཅས་ཀྱིས་མཉམ་དུ་འགན་སྒྲུབ་གནང་བ་ཡིན།

རྟིང་རྩོད་འགྲན་སྡུར་དུ་ཚུད་པའི་སློབ་གྲོགས་བཅུ་བཞི་ནི་གཤམ་གསལ།

མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་གྲོགས་རྒྱ་མཚོ།

མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་གྲོགས་ཕུན་ཚོགས་རྒྱ་མཚོ།

ཟི་ཁྲོན་མི་རིགས་སློབ་ཆེན་གྱི་སློབ་གྲོགས་པདྨ་བདེ་སྐྱིད།

ཟིཁྲོན་མི་རིགས་སློབ་ཆེན་གྱི་སློབ་གྲོགས་མགོན་དཀར།

བོད་ལྗོངས་མི་རིགས་སློབ་ཆེན་གྱི་སློབ་གྲོགས་སྐལ་བཟང་།

ཀན་སུའུ་མི་རིགས་དགེ་ཐོན་སློབ་ཆེན་གྱི་སློབ་གྲོགས་སྒྲོལ་མ་ལྷ་མོ།

རྔ་བ་དགེ་ཐོན་སློབ་གླིང་གི་སློབ་གྲོགས་དྲི་མེད་ཡེ་ཤེས།

ཀན་སུའུ་མི་རིགས་དགེ་ཐོན་སློབ་ཆེན་གྱི་སློབ་གྲོགས་དྭངས་གསལ་ལྷ་མོ།

ནུབ་བྱང་མི་རིགས་སློབ་ཆེན་གྱི་མཆོད་གསུམ་སྨྲ་ངག་ཚན་སྡེབ། (ཨོ་རྒྱན་སྒྲོལ་མ། བཀྲ་ཤིས་དགེ་ལེགས། ཚེ་རིང་དཔལ་མོ)

བོད་ལྗོངས་སློབ་ཆེན་གྱི་སློབ་གྲོགས་བློ་བཟང་ཚེ་རིང་།

ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སློབ་གྲོགས་ཡུམ་སྐྱབས་རྒྱལ།

ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སློབ་གྲོགས་དབྱངས་ཅན་ལྷ་མོ།

ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སློབ་གྲོགས་ལྷ་མོ་དབྱངས་ཅན།

མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་གྲོགས་ཚེ་བརྟན་རྒྱལ།

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།