སྤེལ་དུས།2018.09.15 ཡོང་ཁུངས།
3616
0

གཞན་སེམས་ཀྱི་བག་གསར་འགུག་པའི་སྒྱུ་འཕྲུལ་གྱི་ལྕགས་ཀྱུ།

རང་སེམས་ཀྱི་བུ་ཆུང་བཙས་པའི་དགའ་སྡུག་གི་མིག་ཆུ།

དུས་གསུམ་གྱི་བདེན་པ་གྱེར་བའི་སྙན་ངག་གི་ལྷ་མོ།

མཚར་སྡུག་གི་ལང་ཚོ་དཀྲོལ་བའི་སྙན་འཇེབས་ཀྱི་མཆོད་དབྱངས།

སྤྱི་ཟླ9པའི་ཚེས15ཉིན་གྱི་ཕྱི་དྲོར། “གངས་རྒྱན་མེ་ཏོག་རྟགས་མའི”རྒྱལ་ཡོངས་བོད་ཀྱི་སློབ་ཆེན་སློབ་མའི་གསར་རྩོམ་སྙན་ངག་གྱེར་འདོན་འགྲན་ཚོགས་སྐབས་གསུམ་པ་སྟེ། ལང་ཚོའི་མཆོད་དབྱངས་ཀྱི་རྟིང་རྩོད་འགྲན་སྡུར་གྱེར་འདོན་པ་རྣམས་ཀྱི་གསལ་དག་སྙན་གསུམ་དང་། དཔྱད་འདེམས་པ་རྣམས་ཀྱི་དྲང་བདེན་གསལ་གསུམ་གྱི་དཔྱད་འདེམས་ཁྲོད་མཐའ་མའི་རྟིང་ཐག་བཅད་དེ་འགྲན་སྡུར་གྱི་མཇུག་བདེ་བླག་ངང་བསྡུས་ཤིང་། ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་གྱི་སྒྲོལ་མ་ལྷ་མོས་ཨང་དང་པོ་བླངས།

ཐེངས་འདིའི་འགྲན་སྡུར་འདི་ནི་རང་རྒྱལ་གྱི་བཅོས་སྒྱུར་སྒོ་འབྱེད་བྱས་ཏེ་ལོ་འཁོར་བཞི་བཅུ་ལོན་པར་བཀྲ་ཤིས་རྟེན་འབྲེལ་ཞུ་བ་དང་། རྒྱལ་ཡོངས་བོད་ཀྱི་སློབ་ཆེན་སློབ་མའི་སྙན་ངག་གསར་རྩོམ་ལ་རྒྱབ་སྐྱོར་དང་། བོད་ཀྱི་རྩོམ་པ་པོའི་རྩོམ་རིག་གསར་རྩོམ་ལ་རྒྱབ་སྐྱོར། གངས་རྒྱན་མེ་ཏོག་དུས་དེབ་ཀྱིས་བོད་ཀྱི་རྩོམ་པ་པོའི་སྡེའི་གསར་རྩོམ་གྱི་ལམ་ཁ་སྔར་ལས་ཡངས་པ་དང་། རྩོམ་རིག་གསར་རྩོམ་གྱི་མེ་ཏོག་རྣམ་པར་བཞད་དེ་གངས་ཅན་ཁ་བའི་ལྗོངས་ཀྱི་ཡུལ་གྲུ་ཀུན་ལ་མཛེས་སྡུག་གི་དཔལ་བཀྲ་བར་རང་ནུས་ཅི་ལྕོགས་ཀྱི་སྟོབས་ཤུགས་འབུལ་བའི་རྟེན་འབྲེལ་དུ། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་གྱི་ཨུ་ཡོན་ལྷན་ཁང་དང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས།  མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་བཅས་ཀྱིས་གཙོ་སྒྲུབ་བྱས་ཤིང་།  མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་མཚོ་ནུབ་ཁུལ་མི་རིགས་རྩོམ་རིག་དུས་དེབ་ཁང་།《གངས་རྒྱན་མེ་ཏོག》རྩོམ་སྒྲིག་ཁང་།  མཚོ་སྔོན་རི་དཀར་པོ་གློག་བརྙན་འཕྲིན་རིག་གནས་སྨྱན་སྦྱོར་ཚད་ཡོད་ཀུང་ཟི་བཅས་ཀྱིས་མཉམ་དུ་འགན་སྒྲུབ་བྱས་ཏེ་བསྡུས་པ་ཡིན།

ཐེངས་འདིའི་འགྲན་སྡུར་ལ་ཞུགས་པའི་སློབ་ཆེན་དག་ནི་ཀྲུང་དབྱང་མི་རིགས་སློབ་ཆེན་དང་། ལྷོ་ནུབ་མི་རིགས་སློབ་ཆེན། ནུབ་བྱང་མི་རིགས་སློབ་ཆེན། བོད་ལྗོངས་སློབ་ཆེན། བོད་ལྗོངས་མི་རིགས་སློབ་ཆེན། སི་ཁྲོན་མི་རིགས་སློབ་ཆེན། རྔ་བ་དགེ་ཐོན་སློབ་ཆེན། ཀན་སུའུ་མི་རིགས་དགེ་ཐོན་སློབ་ཆེན། མཚོ་སྔོན་དགེ་ཐོན་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན་བཅས་བོད་ཀྱི་སློབ་གྲྭ་ཆེན་མོ་བཅུའི་སློབ་གྲོགས་སུམ་ཅུ་ཞུགས་ཡོད།

ཐེངས་འདིའི་འགྲན་སྡུར་གྱི་དཔྱད་འདེམས་པ་ནི་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་སྙན་སྒྲོན་པ་དང་། སྙན་སྒྲོན་མཛུབ་སྟོན་དགེ་རྒན་ཀུན་འགྲུབ་དང་། བོད་ཀྱི་སྒྱུ་རྩལ་པ་དང་། སྙན་ངག་པ་སྨན་བླ་སྐྱབས། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་སྙན་སྒྲོན་པ་དང་།  སྙན་ངག་པ། གྱེར་འདོན་པ་འབྲུག་ལྷ་རྒྱལ། ཁམས་པའི་བརྙན་འཕྲིན་གྱི་མདོ་འཛིན་པ་བྱམས་པ་རྡོ་རྗེ། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བརྙན་འཕྲིན་ཁང་གི་སྙན་སྒྲོན་པ་སྐལ་བཟང་སྒྲོལ་མ་བཅས་ཡིན།

བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་སྙན་སྒྲོན་པ་དང་། སྙན་སྒྲོན་མཛུབ་སྟོན་དགེ་རྒན་ཀུན་འགྲུབ།

བོད་ཀྱི་སྒྱུ་རྩལ་པ་དང་། སྙན་ངག་པ་སྨན་བླ་སྐྱབས།

མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་སྙན་སྒྲོན་པ་དང་།  སྙན་ངག་པ། གྱེར་འདོན་པ་འབྲུག་ལྷ་རྒྱལ།

ཁམས་པའི་བརྙན་འཕྲིན་གྱི་མདོ་འཛིན་པ་བྱམས་པ་རྡོ་རྗེ།

མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བརྙན་འཕྲིན་ཁང་གི་སྙན་སྒྲོན་པ་སྐལ་བཟང་སྒྲོལ་མ།

ཐེངས་འདིའི་འགྲན་སྡུར་གྱི་ཚད་གཞི་དང་རྩ་དོན་ནི། གྱེར་བྱའི་སྙན་ངག་བརྩམས་ཆོས་ནི་སྔར་དུས་དེབ་སོགས་སུ་མ་བཀོད་པའི་བརྩམས་ཆོས་གསར་བ་ཡིན་དགོས་པའི་རྨང་གཞིའི་སྟེང་། གྱེར་འདོན་པའི་སྐད་ངག་གི་འདེགས་འཇོག་དང་སྨྲ་བརྗོད་དག་མིན།  གར་སྟེགས་སྟེང་ནས་མངོན་པའི་ནང་སེམས་ཀྱི་འགྱུར་བ་དང་ཕྱི་ལུས་ཀྱི་ཉམས་སྣང་སོགས་ལ་གཞིགས་ནས་དཔྱད་འདེམས་བྱས་པ་རེད།

ཚེས14ཉིན་གྱི་ཕྱི་དྲོར། བསྐྱར་འགྲན་གྱི་རིམ་པ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཁྲབ་སྟོན་ཚོམས་ཆེན་དུ་བསྡུས་ཤིང་། ཛ་དྲག་གི་འགྲན་སྡུར་འགྲན་ཞུགས་སློབ་མ་སུམ་ཅུའི་ཁྲོད་ནས། སློབ་མ་བཅུ་བཞི་མཐའ་མའི་རྟིང་རྩོད་འགྲན་སྡུར་དུ་ཚུད་ལ། ཚེས15ཉིན་གྱི་ཕྱི་དྲོར། འགྲན་ཞུགས་སློབ་མ་བཅུ་བཞིས་མུ་མཐུད་དུ་མདོ་དབུས་ཁམས་གསུམ་གྱི་ཡུལ་སྐད་གསུམ་ལ་བརྟེན་ནས། ཡིད་སེམས་ཀྱི་གཏིང་ན་སྐྱོམ་པའི་ཚོར་བ་ཟབ་མོ་དེ་དབྱངས་གསལ་སོ་བཞིའི་དབྱངས་རྟ་ལ་དྲངས་ཤིང་། ཁྲ་ཆིལ་གྱི་གློག་འོད་ཀྱིས་རབ་ཏུ་བརྒྱན་པའི་བརྗིད་ཆགས་ཀྱི་གར་སྟེགས་སྟེང་། བོད་ཀྱི་སྙན་ངག་གི་གཟི་མདངས་དང་། ཞུན་མར་གྲུབ་པའི་ཐ་སྙད་ཀྱི་རང་མདངས་རབ་ཏུ་མངོན་པས། ཕྱོགས་སོ་སོ་ནས་ཕེབས་པའི་ལྟད་མོ་རྣམས་ཀྱི་དབང་བོ་རྣམ་པར་འཕྲོག་ཅིང་། ཡིད་སེམས་རབ་ཏུ་མྱོས་ཏེ་དགའ་བའི་ཐལ་མོ་རྡེབ་ནས། བོད་ཀྱི་སློབ་ཆེན་པའི་སྙན་ངག་གི་རྨད་དུ་བྱུང་བའི་སྒྱུ་རྩལ་ལ་བསྟོད་བསྔགས་བྱེད་པའི་ཡོ་ལང་ཁྲོད་“གངས་རྒྱན་མེ་ཏོག་རྟགས་མའི”རྒྱལ་ཡོངས་བོད་ཀྱི་སློབ་ཆེན་སློབ་མའི་གསར་རྩོམ་སྙན་ངག་གྱེར་འདོན་འགྲན་ཚོགས་སྐབས་གསུམ་པའི་མཛད་སྒོ་ལེགས་པར་བསྡུས་སོ། །

འགྲན་ཞུགས་སློབ་མའི་ངང་སྒུག་གི་ཚུལ།

མཐའ་མའི་རྟིང་རྩོད་ཀྱི་རྒྱན་ཤོག་ལེན་པ།

གྱེར་བྱའི་རྩོམ་ཡིག་ལེན་པ།

སྙན་ངག་གྱེར་བཞིན་པ།

སྐར་ཆ་སུམ་ཅུའི་གྲ་སྒྲིག

གྱེར་འདོན་པའི་ཉམས་སྣང་།

གྱེར་འདོན་པའི་ཉམས་སྣང་།

གྱེར་འདོན་པའི་ཉམས་སྣང་།

གྱེར་འདོན་པའི་ཉམས་སྣང་།

གྱེར་འདོན་པའི་ཉམས་སྣང་།

གྱེར་འདོན་པའི་ཉམས་སྣང་།

གྱེར་འདོན་པའི་ཉམས་སྣང་།

གྱེར་འདོན་པའི་ཉམས་སྣང་།

གྱེར་འདོན་པའི་ཉམས་སྣང་།

གྱེར་འདོན་པའི་ཉམས་སྣང་།

ལྟད་མོ་བའི་ཚོགས།

ལྟད་མོ་བའི་ཚོགས།

ལྟད་མོ་བའི་ཚོགས།

ལྟད་མོ་བའི་ཚོགས།

འགྲན་སྡུར་གྱི་ཡུལ་དངོས།

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།