སྤེལ་དུས།2018.09.10 ཡོང་ཁུངས།
655
0

2018ལོའི་ཟླ8པའི་ཚེས15ཉིན། གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་སྐབས་ལྔ་པའི་བརྩམས་ཆོས་དཔྱད་འདེམས་ཚོགས་འདུ་ཟི་ལིང་ནས་བསྡུས་ཤིང་། ཚོགས་འདུར་ཐེངས་འདིའི་དཔྱད་འདེམས་པ་ཚོས་ཐོག་མར་རྩོམ་སྒྲིག་ཁང་གི་རེ་བ་ལྟར། 2015ལོ་ནས2017ལོའི་བར་གྱི《གངས་རྒྱན་མེ་ཏོག》དེབ་བཅུ་གཉིས་པོའི་སྟེང་གི་བརྩམས་ཆོས་རྣམས་རེ་རེ་བཞིན་ཞིབ་ཏུ་བཀླགས་པའི་མྱོང་ཚོར་བརྗོད་པ་མ་ཟད། རང་ངོས་ནས་བདམས་པའི་བརྩམས་ཆོས་ལ་དཔྱད་བརྗོད་ཐུང་ངུ་རེ་བྲིས་ཡོད་པ་ཕན་ཚུན་བརྗེ་རེས་བྱས། དེ་ནས་དྲང་བདེན་དང་དྲང་བཞག་གི་རྩ་དོན་གཞིར་བཟུང་སྟེ། བདམས་པའི་བརྩམས་ཆོས་དག་ལ་གཟབ་ནན་གྱིས་ཞིབ་སྡུར་དང་ཡང་ཡང་གིས་རྩད་སྡུར། ལྟ་ཚུལ་དངོས་གསོང་པོར་བརྗོད་པ་སོགས་དཔྱད་འདེམས་ཀྱི་གོ་རིམ་རབས་དང་རིམ་པ་བརྒྱུད་མཐར། བསམ་ཚུལ་མི་མཐུན་པ་རྣམས་དཀྱུས་གཅིག་ཏུ་འབེབས་པར་བྱས་ནས་ཆེས་མཐའ་མཇུག་གི་བརྡར་ཤ་བཅད་དེ། གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་སྐབས་ལྔ་པའི་བརྩམས་ཆོས་དྲུག་གཏན་ལ་ཕབ་པ་གཤམ་གསལ་ལྟར། 


གཅིག  《ལྷ་སའི་སྙན་ངག》(སྙན་ཚོམ)ལ“གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་སྐབས་ལྔ་པའི་དཔྱད་འདེམས་ཚོགས་པའི་དམིགས་བསལ་གཟེངས་རྟགས” བྱ་དགའ་ཐོབ།

རྩོམ་པ་པོ།  སྨན་བླ་སྐྱབས།(འབར་རྡེའུ)2015ལོའི《གངས་རྒྱན་མེ་ཏོག》དེབ་གསུམ་པ། 


གཉིས།  《སྙན་ངག<སེང་གེ>ཡི་དཔྱད་བརྗོད་དང་གཞན་དག》(སྙན་ངག་དཔྱད་བརྗོད)ལ“གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་སྐབས་ལྔ་པའི”བྱ་དགའ་ཐོབ།

རྩོམ་པ་པོ།  ཕག་མོ་དོན་གྲུབ།(གཅན་ཆེད་འབར)2017ལོའི《གངས་རྒྱན་མེ་ཏོག》དེབ་དང་པོ།


གསུམ།  《ལྷ་སའི་བག་ཆགས》(སྙན་ཚོམ)ལ“གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་སྐབས་ལྔ་པའི”བྱ་དགའ་ཐོབ།

རྩོམ་པ་པོ།  གཡང་འབུམ་ཚེ་རིང་།(གཡུ་སྲས)2016ལོའི《གངས་རྒྱན་མེ་ཏོག》དེབ་བཞི་པ།


བཞི།  《ཁྱེད་མཚོན་བྱེད་དུ(ཞར་བཀོད་བཞི)》(རང་མོས)ལ“གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་སྐབས་ལྔ་པའི”བྱ་དགའ་ཐོབ།

རྩོམ་པ་པོ།  མགོན་པོ་ཚེ་རིང་།(ཉྭ་སྲིན་པོ)2016ལོའི《གངས་རྒྱན་མེ་ཏོག》དེབ་གཉིས་པ།


ལྔ།  《རྫོང་རྒྱབ་ཀླུ་ཁང་གི་ཕྱི་ནང་དུ(ཞར་བཀོད་གཅིག)》(རང་མོས)ལ“གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་སྐབས་ལྔ་པའི”བྱ་དགའ་ཐོབ།

རྩོམ་པ་པོ།  སྤེན་པ་དོན་གྲུབ། 2017ལོའི《གངས་རྒྱན་མེ་ཏོག》དེབ་གསུམ་པ།


དྲུག  《གཏེར་ལེན་ཁའི་རབ་བྱེད》(ཚིགས་བཅད)ལ“གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་སྐབས་ལྔ་པའི”བྱ་དགའ་ཐོབ།

རྩོམ་པ་པོ།  དབྱངས་འབུམ་ཚེ་རིང་། 2016ལོའི《གངས་རྒྱན་མེ་ཏོག》དེབ་གསུམ་པ།


 《གངས་རྒྱན་མེ་ཏོག》རྩོམ་སྒྲིག་ཁང་ནས།

2018ལོའི་ཟླ8པའི་ཚེས24ཉིན།


གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།