རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་འཚོགས་ལ་ཉེ་བའི་སྐབས་འདིར་ས་གནས་སོ་སོའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་རྣམས་པེ་ཅིན་ལ་ཐོན་ཏེ་འཕྲོ་རིམ་འཕྲོར་ཚོགས་ཆེན་མིང་ཐོ་འགོད་བཞིན་ཡོད། ཉིས་སྟོང་བཅུ་དགུ་ལོ་ནི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་བདུན་ཅུ་ལོན་པའི་ལོ་ཡིན་པ་དང་མི་དམངས་སྲིད་གྲོས་བཙུགས་ནས་ལོ་བདུན་ཅུ་ལོན་པའི་ལོ་ཡང་ཡིན། ཨུ་ཡོན་རྣམས་ཀྱིས་ཚོགས་ཆེན་གྱི་སྐབས་སུ་བློ་འདོན་ཇུས་འབུལ་དང་ཐུན་མོང་གི་ལྟ་ཚུལ་གཅིག་སྡུད་བྱེད་པའི་ཐད་ལ་ནུས་ཤུགས་བཏོན་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གོང་འཕེལ་དུ་འགྲོ་བའི་ཐད་ལ་བྱས་རྗེས་གསར་བ་འཇོག་རྒྱུའི་ཚུལ་བསྟན།