རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པས་ཟླ་གཉིས་པའི་ཚེས་གཉིས་ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཐོག་མ་བསྡུས་པ་དང་། མགྲིན་ཚབ་པ་གའོ་ཝེ་མེན་གྱིས་བསྟན་དོན། 2018ལོར། མི་དམངས་སྲིད་གྲོས་ཀྱིས་བློ་འདོན་ཇུས་འབུལ་དང་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྒྲིལ་བའི་སྟེང་ཤུགས་ཆེན་པོ་བཏོན་ཟེར།
ཀྲུང་གོ་དང་ཨ་མེ་རི་ཁའི་དཔལ་འབྱོར་ཉོ་ཚོང་གྲོས་མོལ་དང་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་འཕེལ་ཕྱོགས་ཐད་ནས་གསར་འགོད་པའི་དྲི་བར་ལན་འདེབས་སྐབས། གའོ་ཝེ་མེན་གྱིས་བསྟན་དོན། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་གཏན་ཁེལ་བྱས་པའི་རྩ་དོན་དང་ཁ་ཕྱོགས་ལྟར། གཉིས་ཕན་མཉམ་རྒྱལ་གྱི་རྨང་གཞིའི་སྟེང་མཉམ་ལས་རྒྱ་སྐྱེད་པ་དང་། ཕན་ཚུན་ལ་བརྩི་བཀུར་བྱེད་པའི་རྨང་གཞིའི་སྟེང་འགལ་རྩོད་ལ་དོ་དམ་ཚོད་འཛིན་བྱེད་འོས་ཟེར།
ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཁང་ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་འགོད་པས་བཏོན་པའི་དྲ་རྒྱའི་སྟེང་ཆབ་སྲིད་གླེང་བའི་གྲུབ་འབྲས་ཐད་ཀྱི་ཉམས་མྱོང་སྐོར་གྱི་དྲི་བར་ལན་འདེབས་སྐབས། གའོ་ཝེ་མེན་གྱིས་བསྟན་དོན། སྤོ་སྒུལ་འགན་སྒྲུབ་ལག་ཁྱེར་ཁ་པར་མཉེན་ཆས་སྤྱོད་རྒྱུ་དེ། ཨུ་ཡོན་ཚོས་འགན་སྒྲུབ་བྱེད་པའི་བྱེད་ཐབས་གསར་བར་གྱུར་ཡོད་ཟེར།
སྲིད་གྲོས་ཀྱིས་ཀོང་ཏུང་དང་ཞང་ཀང་། ཨོ་མིན་ཁུགས་ཁུལ་ཆེན་མོ་འཛུགས་སྐྲུན་བྱེད་པའི་ཐད་ནས་བྱ་བ་ཅི་ལྟར་སྤེལ་རྒྱུའི་ཐད་ནས་གའོ་ཝེ་མེན་གྱིས། རྒྱལ་ཡོངས་སྲིད་གྲོས་ཀྱིས་ད་ལོར་ད་དུང་རྒྱལ་སྤྱིའི་ཚན་རྩལ་གསར་གཏོད་ལྟེ་གནས་སོགས་འཛུགས་སྐྲུན་བྱེད་པའི་བརྗོད་སྙིང་ལ་དམིགས་ནས། བྱེད་ཐབས་སྣ་ཚོགས་བརྒྱུད་དེ་བློ་འདོན་ཇུས་འབུལ་བྱེད་རྒྱུ་ཡིན་ཟེར།
ཚོགས་ཐོག་ནས། མགྲིན་ཚབ་པས་ད་དུང་དམངས་གཉེར་དཔལ་འརབྱོར་འཕེལ་རྒྱས་ཐད་རྒྱབ་སྐྱོར་བྱེད་པ་སོགས་ཀྱི་གནད་དོན་ཐད་ནས་གསར་འགོད་པའི་དྲི་བར་ལན་བཏབ།