སྤེལ་དུས།2019.03.04 ཡོང་ཁུངས།མཚོ་སྔོན་གསར་འགྱུར་དྲ་བ།
33
0

ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཞོགས་འདེགས་ཆེན་པོ་བྱས་ཡོད་ནའང་། དར་གོས་ཚོང་ལམ་དཔལ་འབྱོར་རྒྱུད་དང་དུས་རབས་ཉེར་གཅིག་པའི་མཚོ་ཐོག་དར་གོས་ཚོང་ལམ་ཐད་ལ་མི་འདང་ས་ཡོད་པ་དང་། ནུབ་བྱང་དང་ལྷོ་ནུབ་ས་ཁུལ་ཐད་ཀར་སྦྲེལ་བ་དང་། ནུབ་རྒྱུད་ས་ཁུལ་ཡོངས་ལ་ཞབས་འདེགས་ཞུ་བའི་ལྕགས་ལམ་གཙོ་བོ་ཞིག་ད་དུང་འགྲུབ་མེད། དོན་དེར་དམིགས་ནས། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་མཚོ་སྔོན་གྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་མཱ་ཀྲི་ཝེ་ཡིས། ན་གོར་མོ་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ་མགྱོགས་མྱུར་ངང་བསྐྲུན་ནས། ནུབ་རྒྱུད་ཀྱི་ཚོང་ཟོག་དང་མི་སྐྱེལ་འདྲེན་བྱེད་པའི་བརྒྱུད་ལམ་གལ་ཆེན་ཞིག་ཏུ་འགྱུར་དགོས་པའི་བསམ་ཚུལ་བཏོན། 

གྲོས་གཞིའི་ཁྲོད་བཤད་རྒྱུར། ལྷོ་ཕྱོགས་ཀྱི་བརྒྱུད་ལམ་ནི་བྱང་ཕྱོགས་ཀྱི་དར་གོས་ཚོང་ལམ་དཔལ་འབྱོར་རྒྱུད་དང་འབྲེལ་ཡོད་ཅིང་། ལྷོ་ཕྱོགས་ཀྱི་དུས་རབས་ཉེར་གཅིག་པའི་མཚོ་ཐོག་དར་གོས་ཚོང་ལམ་དང་སྦྲེལ་ཡོད། ཉེ་བའི་ལོ་འདི་དག་གི་རིང་ལ། མཚོ་སྔོན་ཅུང་བཟང་བོའི་སྒོ་ནས་དར་གོས་ཚོང་ལམ་གྱི་དཔལ་འབྱོར་རྒྱུད་འཛུགས་སྐྲུན་ཁྲོད་སིམ་འདྲེས་བྱེད་ཀྱིན་ཡོད་ནའང་། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་བར་དཔལ་འབྱོར་འགྲོ་འོང་བྱེད་པའི་ཞན་ཆ་སྔར་བཞིན་གནས་ཡོད། ལྷོ་ཕྱོགས་བརྒྱུད་ལམ་འདི་ཉིད་མགྱོགས་མྱུར་ངང་ཡོངས་འགྲུབ་བྱས་པ་ཡིན་ན། དེས་མཚོ་སྔོན་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་བར་གྱི་དཔལ་འབྱོར་འགྲོ་འོང་གི་རྒྱ་ཆེ་རུ་བསྐྱེད་དེ། མཚོ་སྔོན་ཁྱོན་ཡོངས་ནས་དུས་རབས་ཉེར་གཅིག་པའི་མཚོ་ཐོག་དར་གོས་ཚོང་ལམ་ཁྲོད་སིམ་འདྲེས་ཡོང་བའི་ཐད་དོན་སྙིང་གལ་ཆེན་ལྡན་ཟེར།  


གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།