སྤེལ་དུས།2019.03.05 ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ།
89
0

ཟླ་གསུམ་པའི་ཚེས་བཞི་ཉིན། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ལིས་ཁི་ཆང་དང་ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན་བཅས་ཀྱིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་ཨུ་ཡོན་རྣམས་ལ་འཚམས་འདྲི་བྱས་པར་མ་ཟད་ཚན་ཆུང་བགར་ནས་གྲོས་བསྡུར་བྱེད་པར་ཞུགས་ཏེ་ཚང་མ་དང་མཉམ་དུ་རྒྱལ་དོན་ལ་གྲོས་བསྡུར་བྱས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་མཐུན་ཚོགས་དང་བཟོ་ཚོང་མཉམ་འབྲེལ་ལས་རིགས་ཀྱི་ཨུ་ཡོན་མཉམ་འབྲེལ་ཚན་ཁག་གི་ཚོགས་འདུར་ཞུགས། ལིས་ཁི་ཆང་གིས་ཨུ་ཡོན་རྣམས་ཀྱི་གཏམ་བཤད་ལ་ཉན་རྗེས་གསུངས་རྒྱུར། ད་ལོར་འཕེལ་རྒྱས་ཁོར་ཡུག་སྔར་ལས་རྙོག་འཛིང་ཆེ་བ་དང་ཛ་དྲག་ཆེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། འཕར་སྣོན་བརྟན་འཇགས་དང་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། སྒྲིག་གཞི་ལེགས་སྒྲིག དམངས་ཚིས་ལེགས་བཅོས། ཉེན་ཁ་འགོག་སེལ་བྱེད་པར་གཅིག་གྱུར་སྒོས་འཆར་འགོད་བྱེད་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཀྲུང་གོ་གོ་མེན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་དང་ཐེ་ཝན་དམངས་གཙོ་རང་སྐྱོང་མནའ་མཐུན། ཐེ་ཝན་མཉམ་འབྲེལ་ལས་རིགས་ཀྱི་ཨུ་ཡོན་མཉམ་འབྲེལ་གྲོས་ཚོགས་ལ་ཞུགས། ལིས་ཀྲན་ཧྲུའུ་ཡིས་ཨུ་ཡོན་རྣམས་ཀྱི་གཏམ་བཤད་ལ་ཉན་རྗེས་བསྟན་དོན། ཀྲུང་གོ་གོ་མེན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་དང་ཐེ་ཝན་དམངས་གཙོ་རང་སྐྱོང་མནའ་འབྲེལ། ཐེ་ཝན་མཉམ་འབྲེལ་ལས་རིགས་ཀྱིས་རང་རྟོགས་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། བློ་བརྟན་འགྱུར་མེད་སྒོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དུ་བསྐྱོད་དགོས་ལ། ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་དང་དམ་པོར་སྦྲེལ་ཏེ་བསམ་ཚུལ་ངོ་མ་བརྗོད་པ་དང་ཇུས་གཞི་ལེགས་པོ་འདོན་པ། བྱེད་ཐབས་ནུས་ལྡན་འདོན་དགོས་པར་མ་ཟད་བློ་འདོན་ཇུས་འབུལ་དང་ཐུན་མོང་གི་ལྟ་ཚུལ་གཅིག་སྡུད་བྱེད་པའི་ཐད་ལ་ནུས་པ་ཆེན་པོ་བཏོན་ནས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་དང་ལྷག་པར་དུ་དུས་རབས་གསར་པའི་ཐེ་ཝན་བྱ་བ་དང་མེས་རྒྱལ་གྱི་ཞི་བའི་གཅིག་གྱུར་ལ་སྐུལ་འདེད་གཏོང་བར་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཆོས་ལུགས་ལས་རིགས་ཀྱི་ཨུ་ཡོན་ཚན་ཆུང་གི་གྲོས་ཚོགས་ལ་ཞུགས། ཝང་དབྱང་གིས་ཨུ་ཡོན་རྣམས་ཀྱི་གཏམ་བཤད་ལ་ཉན་རྗེས་གསུངས་རྒྱུར། ཆོས་ལུགས་གནད་དོན་དེ་སྤྱི་ཚོགས་འཆམ་མཐུན་དང་མི་རིགས་མཐུན་སྒྲིལ། རྒྱལ་ཁབ་བདེ་འཇགས་ལ་འབྲེལ་བ་ཡོད་པས། དུས་དང་རྣམ་པ་ཀུན་ཏུ་རྒྱལ་སྐྱོང་སྲིད་འཛིན་བྱེད་སྐབས་ངེས་པར་དུ་ཐག་གཅོད་བཟང་བོ་བྱེད་དགོས་པའི་གནད་དོན་གལ་ཆེན་ཞིག་རེད། ཆོས་ལུགས་ལས་རིགས་ཀྱི་ཨུ་ཡོན་རྣམས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་རྦད་ཆོད་སྒོས་གོང་བཀུར་བྱེད་པ་དང་། རང་རྟོགས་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་དགོས་ལ། ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་ལག་བསྟར་བྱེད་པ་དང་གསར་དུ་བཟོ་བཅོས་བྱས་པའི་ཆོས་ལུགས་ལས་དོན་སྲོལ་ཡིག་དངོས་འབེབས་བཟང་བོ་བྱེད་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིན་སྤྱི་ཚོགས་ཕན་བདེ་དང་སྤྱི་ཚོགས་འགན་སྲུང་ལས་རིགས། ཆེད་ཞུ་མི་སྣའི་ཚན་ཆུང་མཉམ་འབྲེལ་གྲོས་ཚོགས་ལ་ཞུགས། ལིས་ཅིན་དང་ཀྲུང་ཧའེ་ཏིས། ཏའེ་པེ་ཧྥང་སོགས་ཨུ་ཡོན་གྱི་གཏམ་བཤད་ལ་ཉན་རྗེས། ཝང་ཧུའུ་ཉིན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་རྒྱུས་ལོན་གསལ་བོ་དང་ལག་བསྟར་ནན་མོ་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ནས། རྒྱུད་རིམ་ལྡན་པ་དང་གནས་ཚུལ་དངོས་ལ་འབྲེལ་འདྲིས་བྱས་ནས་སློབ་སྦྱོང་བྱེད་པ་དང་། བསམ་བློ་དང་ཆབ་སྲིད། འགུལ་སྐྱོད་སྟེང་རང་རྟོགས་སྒོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་གཅིག་གྱུར་མཐོན་པོ་བྱེད་དགོས། ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་སྟེང་གི་སྤྱི་ཚོགས་འགན་སྲུང་བྱ་བའི་ཐད་ཀྱི་བཀོད་སྒྲིག་སྣ་ཚོགས་ལག་ལེན་མཐར་ཕྱིན་བྱེད་པ་དང་། མི་དམངས་གཙོར་འཛིན་པའི་འཕེལ་རྒྱས་བསམ་བློ་ལག་བསྟར་བྱེད་པ། རིམ་པ་མི་འདྲ་བའི་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྲུན་བྱེད་པ། སྤྱི་ཚོགས་འགན་སྲུང་ལམ་ལུགས་བཅོས་བསྒྱུར་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་ཚོགས་འགན་སྲུང་ཁྱབ་ཁོངས་ཀྱི་འབུར་ཐོན་གནད་དོན་ཐག་བཅད་དེ། མི་དམངས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་ཇེ་དྲག་ཏུ་གཏོང་དགོས། ཏང་དང་སྲིད་གཞུང་གི་འབྲེལ་ཡོད་སྲིད་ཇུས་བྱེད་ཐབས་ལ་གོ་བ་བཟང་བོ་ལེན་པ་དང་། ངལ་རྩོལ་གྱི་སྙིང་སྟོབས་དང་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། རྒྱ་ཆེའི་མང་ཚོགས་ཀྱིས་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་འཚོ་བར་བསྒྱུར་བཅོས་བྱེད་པར་སྣེ་ཁྲིད་བྱེད་དགོས། སྤྱི་ཚོགས་ཕན་བདེ་དང་སྤྱི་ཚོགས་འགན་སྲུང་ལས་རིགས་ཀྱི་ཨུ་ཡོན་དང་ཆེད་ཞུ་མི་སྣས་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་དཀའ་ཁག་ཅན་གྱི་མང་ཚོགས་ལ་རོགས་སྐྱོར་བྱེད་པ་སོགས་ཕྱོགས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ནས། དམངས་ཚིས་བདེ་སྐྱིད་ཇེ་དྲག་ཏུ་གཏོང་བའི་ཐད་བློ་རིག་དང་སྟོབས་ཤུགས་འབུལ་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ལི་ཅི་གུང་གཞོན་ཚོགས་པ་དང་སྤྱིའི་བཟོ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས། ན་གཞོན་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་ཨུ་ཡོན་གྱི་ཚན་ཆུང་མཉམ་འབྲེལ་གྲོས་ཚོགས་ལ་ཞུགས། ཚུའེ་ཡུས་དང་ཞུས་ཉན་ཧྲ། ཧྥུའུ་ཀྲིན་པང་སོགས་ཨུ་ཡོན་གྱི་གཏམ་བཤད་ལ་ཉན་རྗེས། ཀྲའོ་ལི་ཅི་ཡིས་བཤད་རྒྱུར། འདས་པའི་ལོ་གཅིག་ནང་། སྐབས་གསར་བའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་ལེན་མཐར་ཕྱིན་བྱས་པ་དང་། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་ཆེན་པོ་གཉིས་རྒྱུན་འཁྱོངས་བྱས་ལ། བློ་འདོན་ཇུས་འབུལ་དང་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུས་པའི་ཕྱོགས་སུ་ཤུགས་འདོན་པ་རྒྱུན་འཁྱོངས་བྱས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་འགན་གཙོ་བོར་དམ་དུ་དམིགས་ནས་འགན་བསྒྲུབ་བྱས་པ་དང་ནུས་པ་འདོན་སྤེལ་བྱས་པས། བྱ་བ་ཡོངས་ཀྱི་འགོ་བཟང་བོ་ཞིག་བརྩམས། ཨུ་ཡོན་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་རྒྱུས་ལོན་བཟང་བོ་བྱེད་པ་དང་། ལས་རིགས་སོ་སོའི་མང་ཚོགས་ཀྱི་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཐད་ཀྱི་ཆབ་སྲིད་ཁས་ལེན་དང་བསམ་བློའི་ཁས་ལེན། གཞུང་ལུགས་ཁས་ལེན་ཇེ་དྲག་ཏུ་གཏོང་བར་སྣེ་ཁྲིད་བྱས་ནས། རང་རྟོགས་སྒོས་ཏང་དང་རྒྱལ་ཁབ་ཀྱི་གཏན་ཁེལ་བྱས་པའི་འཕེལ་རྒྱས་དམིགས་འབེན་དེ་རང་ཉིད་ཀྱི་འགུལ་སྐྱོད་དངོས་སུ་བསྒྱུར་ཏེ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་ལས་འགན་གཙོ་བོར་དམིགས་ནས་བློ་འདོན་ཇུས་འབུལ་བྱེད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བྱེད་ཕྱོགས་དྲིལ་སྒྲོག་བྱས་ཏེ། ཏང་དང་སྲིད་གཞུང་གིས་འབྲེལ་བར་མཐུན་སྦྱོར་བྱེད་པ་དང་འགལ་བ་ཐག་གཅོད་པ། ཡིད་ཆེས་ཇེ་དྲག་ཏུ་གཏོང་བའི་བྱ་བ་བཟང་བོ་བསྒྲུབ་པར་གཞོགས་འདེགས་བྱེད་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་ཞང་ཀང་དང་ཨོ་མིན་ས་ཁུལ་གྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་ཚན་ཆུང་མཉམ་འབྲེལ་གྲོས་ཚོགས་ལ་ཞུགས། ཁྲིན་ཧྥུན་ཧྥུའུ་ཀྲིན་དང་ཁི་ལན། ཧོང་ཀྲི་ཞང་སོགས་ཨུ་ཡོན་གྱི་གཏམ་བཤད་ལ་ཉན་རྗེས། ཧན་ཀྲིན་གྱིས་གསུང་རྒྱུར། འདས་པའི་ལོ་གཅིག་ནང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག ཀྲུང་གོ་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་ཐད་ནས་གྲུབ་འབྲས་གསར་བ་བླངས། ཀྲུང་དབྱང་གིས་རྒྱབ་སྐྱོར་ཆེན་པོའི་འོག དམིགས་བསལ་སྲིད་འཛིན་དཔོན་པོ་དང་སྲིད་གཞུང་གི་སྣེ་ཁྲིད་འོག ཞང་ཀང་དང་ཨོ་མིན་གྱི་འཕེལ་རྒྱས་ཐད་ནས་གྲུབ་འབྲས་གསར་བ་བླངས། ཀོང་ཏུང་དང་ཞང་ཀང་། ཨོ་མིན་ཁུགས་ཁུལ་ཆེན་མོ་འཛུགས་སྐྲུན་གྱི་འཐབ་ཇུས་འདོད་བློ་ཁོང་དུ་ཆུད་པར་བྱེད་པ་དང་། ཞང་ཀང་དང་ཨོ་མིན་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་འདྲེས་པར་རྒྱབ་སྐྱོར་བྱེད་པ། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལས་དོན་འཕེལ་རྒྱས་སུ་བཏང་སྟེ། ཞང་ཀང་དང་ཨོ་མིན་གྱི་ཡུན་རིང་གི་དར་རྒྱས་གཏན་འཇགས་རྒྱུན་འཁྱོངས་བྱེད་དགོས་ཟེར།

ཡའོ་ཆོན་སོགས་གྲོས་སྡུར་ལ་ཞུགས།

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།