སྤེལ་དུས།2019.03.05 ཡོང་ཁུངས།མཚོ་སྔོན་གསར་འགྱུར་དྲ་བ།
74
0

ཚེས་ལྔ་ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པ་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་འགོ་བརྩམས།

ཚེས་ལྔ་ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པ་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་འགོ་བརྩམས། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་ལི་ཁི་ཆང་། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་བཅས་ཚོགས་ཆེན་ལ་ཞུགས།

ཚེས་ལྔ་ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པ་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་འགོ་བརྩམས། ལི་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་འགོ་འཛིན་མཛད།

ཚེས་ལྔ་ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པ་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་འགོ་བརྩམས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁི་ཆང་གིས་སྲིད་གཞུང་བྱ་བའི་སྙན་ཞུ་འབུལ་བཞིན་པ། 

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པ་ཚེས་ལྔ་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་འགོ་བརྩམས། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་སྟོང་གསུམ་ལྷག་གིས་མི་དམངས་ཀྱི་འགན་འཁྲི་ལྕི་མོ་ཕྲག་ཏུ་བླངས་ཏེ་གྲོས་ཚོགས་ལ་ཞུགས་པ་དང་། བཅའ་ཁྲིམས་དང་ཁྲིམས་ལུགས་ཀྱིས་བསྩལ་བའི་གཟི་བརྗིད་འོས་འགན་ལག་བསྟར་བྱས།

དཔྱིད་དཔལ་དྲོད་ཀྱིས་ས་གཞི་བརླན་ཞིང་སྐྱེ་དངོས་ཡོད་ཚད་ལ་གསོན་ཤུགས་ཀྱིས་ཁེངས། མི་དམངས་ཚོགས་ཁང་ཆེན་མོའི་ཁྲི་ཤོང་ཚོམས་ཆེན་དུ་བརྗིད་ཉམས་ཀྱི་དགའ་སྤྲོའི་ཡོངས་སུ་ཁེངས་ཡོད་ལ། ཀྲུའུ་ཞི་སྟེགས་བུའི་དཀྱིལ་དུ་བཀལ་ཡོད་པའི་རྒྱལ་རྟགས་དེ་དམར་མདང་བཀྲ་བའི་དར་དམར་གྱི་ཁྲོད་དུ་འོད་ལམ་ལམ་དུ་སྣང་།

ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ལི་ཀྲན་ཧྲུའུ་ཡིས་ཚོགས་ཆེན་ལ་འགོ་འཛིན་མཛད། ཚོགས་ཆེན་གྱི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ཝང་ཁྲིན་དང་ཚའོ་ཅན་མེན། ཀྲང་ཁྲོན་ཞན། ཧྲིན་ཡའོ་ཡའོ། ཅི་པེན་ཞོན། ཨ་ལི་ཀུན་དབྱི་མེན་པ་ཧེ། ཝན་ཨིག་ཞང་། ཁྲིན་ཀྲུའུ། ཝང་ཏུང་མེན། པདྨ་འཕྲིན་ལས། ཏིན་ཀྲུང་ལི། ཧའོ་མེན་ཅིན། ཚེ་ཏ་ཧྥིན། ཝུའུ་ཝེ་ཧྭ། དབྱང་ཀྲིན་ཝུའུ་བཅས་ཀྲུའུ་ཞི་སྟེགས་བུའི་ལག་བསྟར་ཀྲུའུ་ཞིའི་བཞུགས་གྲལ་དུ་བསྡད་ཡོད།  ཞི་ཅིན་ཕིང་དང་ལི་ཁི་ཆང་། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་བཅས་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་དང་མཉམ་དུ་ཀྲུའུ་ཞི་སྟེགས་བུའི་སྟེང་བཞུགས་ཡོད། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་དགོས་པའི་འཐུས་མི་སྟོང་གཉིས་དང་དགུ་བརྒྱ་དོན་ལྔ་ཡོད་ལ། ཚེས་ལྔ་ཉིན་གྱི་སྔ་དྲོའི་ཚོགས་འདུའི་སྟེང་འཐུས་མི་སྟོང་གཉིས་དང་དགུ་བརྒྱ་ཞེ་བརྒྱད་ཞུགས་པ་དང་མི་ཉེར་བདུན་གྲོས་ཚོགས་ལ་ཞུགས་མེད། གྲོས་ཚོགས་ལ་ཞུགས་པའི་མི་གྲངས་བཅའ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་མི་གྲངས་དང་མཐུན།

སྔ་དྲོའི་དུས་ཚོད་དགུའི་སྟེང་ལི་ཀྲན་ཧྲུའུ་ཡིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པ་འགོ་བརྩམས་པ་ཁྱབ་སྒྲོག་བྱས་པ་དང་མཉམ་དུ་ཚོགས་ཞུགས་མི་སྣ་ཚང་མ་ཡར་ལངས་ནས་རྒྱལ་གླུ་བླངས། གྲོས་ཚོགས་ཀྱི་གྲོས་རིམ་ལྟར་དུ་ལི་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ་ཚོགས་ཆེན་ལ་སྲིད་གཞུང་བྱ་བའི་སྙན་ཞུ་ཕུལ། སྙན་ཞུ་ཁྱོན་བསྡོམས་པས་ཁག་གསུམ་དུ་བགོས་ཡོད་པ་སྟེ། གཅིག་ནི་ཉིས་སྟོང་བཅོ་བརྒྱད་ལོའི་བྱ་བར་ཕྱིར་དྲན་བྱེད་པ་དང་། གཉིས་ནི་ཉིས་སྟོང་བཅུ་དགུ་ལོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་རེ་བ་དང་སྲིད་ཇུས་ཀྱི་ཁ་ཕྱོགས། གསུམ་ནི་ཉིས་སྟོང་བཅུ་དགུ་ལོའི་སྲིད་གཞུང་བྱ་བའི་འོས་འགན་བཅས་རེད།

ལི་ཁི་ཆང་གིས་གསུང་རྒྱུར། འདས་པའི་ལོ་གཅིག་གི་རིང་ལ་རང་རྒྱལ་གྱི་འཕེལ་རྒྱས་དེ་ལོ་མང་པོའི་རིང་ལ་འཕྲད་མ་མྱོང་བའི་རྒྱལ་ཁབ་ཕྱི་ནང་གི་རྙོག་འཛིང་ཆེ་བའི་གནས་བབ་ཚབ་ཆེན་ལ་འཕྲད་པ་དང་། དཔལ་འབྱོར་གྱི་ཐད་ནས་མར་འགྲིབ་པའི་གནོན་ཤུགས་གསར་བ་མངོན་ཡོད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་འགོ་ཁྲོད་འོག་ཏུ། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་ཁྲིད་སྟོན་དུ་བཟུང་སྟེ། དཀའ་སྤྱད་འབད་བརྩོན་དང་དཀའ་ཁག་མཁྲེགས་གཏོར་བྱས་ནས་ལོ་ཧྲིལ་བོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་འོས་འགན་གཙོ་བོ་ཡོངས་འགྲུབ་བྱས་ཏེ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པར་སྔར་ལས་ཆེ་བའི་འཕེལ་རིམ་གྱི་གྲུབ་འབྲས་གསར་བ་བླངས་ཡོད། ལི་ཁི་ཆང་གིས་ཕྱོགས་བརྒྱད་ཀྱི་ཐད་ནས་འདས་པའི་ལོ་གཅིག་རིང་གི་བྱ་བར་ཆེད་དུ་ཕྱིར་དྲན་བྱས། ཆེ་ཕྱོགས་སྙོམས་སྒྲིག་གསར་སྐྲུན་འཐུས་ཚང་དུ་བཏང་བ་དང་དཔལ་འབྱོར་རྒྱུན་མཐུད་གཏན་འཇགས་ངང་འཁོར་སྐྱོད་བྱས། མཁྲེག་གཏོར་ཆེན་པོ་གསུམ་ནན་ཏན་གྱིས་ལག་བསྟར་བྱས་པ་དང་འགན་འཁྲི་གལ་ཆེན་གྱི་ཐད་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་བཟང་བོ་བླངས། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་ནས་དངོས་གཉེར་དཔལ་འབྱོར་གསོན་ཤུགས་རྒྱུན་ཆད་མེད་པར་ཕྱིར་གཏོང་བྱས། གསར་སྐྲུན་འཁོར་སྐྱོད་འཕེལ་རྒྱས་ཀྱི་འཐབ་ཇུས་གཏིང་ཟབ་པའི་སྒོ་ནས་ལག་བསྟར་བྱས་ཏེ། གསར་སྐྲུན་ནུས་ཤུགས་དང་ལས་ཆོད་སྔར་ལས་མཐོར་འདེགས་སུ་བཏང་། བཅོས་བསྒྱུར་སྒོ་འབྱེད་ཀྱི་ཤུགས་ཚད་སྔར་ལས་ཇེ་ཆེར་བཏང་སྟེ། འཕེལ་རྒྱས་ཀྱི་སྒུལ་ཤུགས་མུ་མཐུད་དུ་འཕར་སྣོན་བྱས། མཁར་གྲོང་ཁུལ་ཁོངས་ཀྱི་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་བྱས་ནས་ཕན་ཚུན་ལ་སྐུལ་འདེད་གཏོང་བའི་རྣམ་པ་བཟང་བོ་མགྱོགས་མྱུར་གྱིས་ཆགས་པར་བྱས། འཕེལ་རྒྱས་ཀྱི་ཁྲོད་ནས་འགན་སྲུང་དང་དམངས་འཚོ་ལེགས་བཅོས་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། བཅོས་བསྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་མི་དམངས་མང་ཚོགས་སྔར་ལས་མང་པོར་དྲང་བདེན་གྱི་ཁེ་ཕན་ཐོབ་ཏུ་བཅུག ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་དང་གསར་སྐྲུན་ལེགས་བཅོས་བྱེད་པར་སྐུལ་འདེད་བཏང་ནས་སྤྱི་ཚོགས་ཀྱི་འཆམ་མཐུན་གཏན་འཇགས་རྒྱུན་འཁྱོངས་བྱས། ལི་ཁི་ཆང་གིས་བསྟན་དོན། སྐྱིད་དུས་ཉེན་ཁ་དྲན་ཐུབ་ཞེས་པའི་དཔེ་ལྟར། ང་ཚོས་གྲུབ་འབྲས་ཡོད་ཚད་ལ་ཁས་ལེན་བྱེད་པ་དང་མཉམ་དུ་རང་རྒྱལ་གྱི་འཕེལ་རྒྱས་ལ་ཁ་གཏད་པའི་གནད་དོན་དང་འགྲན་རྩོད་ཀྱང་གསལ་བོར་མཐོང་ཐུབ་དགོས། ང་ཚོས་ངེས་པར་དུ་གནད་དོན་དང་འགྲན་རྩོད་ལ་ཆེད་དུ་དམིགས་བཙུགས་ནས་འགན་འཁྲི་ཁག་ཁུར་བྱས་ཏེ། ནུས་པ་གང་ཡོད་ཀྱིས་བྱ་བ་བཟང་བོར་བསྒྲུབ་ནས་མི་དམངས་ཀྱི་རེ་བཅོལ་གཏན་ནས་སྟོང་ཟད་དུ་གཏོང་མི་རུང་།

ལིས་ཁི་ཆང་གིས་གསུངས་རྒྱུར། ཉིས་སྟོང་བཅུ་དགུ་ལོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་གཙོ་བོ་ནི། རྒྱལ་ནང་ཐོན་སྐྱེད་སྤྱིའི་ཐོན་རིན་བརྒྱ་ཆའི་དྲུག་ནས་བརྒྱ་ཆའི་དྲུག་དང་གྲངས་ཆུང་ལྔར་འཕར་ཞིང་མཁར་གྲོང་གི་གསར་དུ་འཕར་བའི་ལས་ཞུགས་མི་གྲངས་བྱེ་བ་གཅིག་དང་ས་ཡ་གཅིག་གི་ཡན་ལ་བསླེབ་པ་དང་། མཁར་གྲོང་དུ་ཞིབ་བཤེར་ལས་ཤོར་གྱི་ཚད་བརྒྱ་ཆའི་ལྔ་དང་གྲངས་ཆུང་ལྔ་ཡས་མས་དང་མཁར་གྲོང་དུ་མིང་ཐོ་བཀོད་པའི་ལས་ཤོར་གྱི་ཚད་བརྒྱ་ཆའི་བཞི་དང་གྲངས་ཆུང་ལྔའི་ནང་དུ་ཚོད་འཛིན་བྱེད་རྒྱུ་ཡིན་ལ། སྡོད་དམངས་འཛད་སྤྱོད་རིན་གོང་འཕར་ཚད་བརྒྱ་ཆའི་གསུམ་ཡས་མས་དང་རྒྱལ་སྤྱིའི་གཏོང་ཡོང་ཕལ་ཆེར་དོ་མཉམ་ཡོང་བར་བྱེད་པ། ཕྱིར་གཏོང་ནང་འདྲེན་བརྟན་འཇགས་ཁྲོད་དུ་ཇེ་མཐོར་གཏོང་ངེས་ཡིན།  ཆེ་ཕྱོགས་འཇའ་ཤིང་གི་ཚད་ཕལ་ཆེར་བརྟན་འཇགས་སུ་གཏོང་བ་དང་དངུལ་རྩའི་ནོར་སྲིད་ཉེན་ཁ་ནུས་ལྡན་སྒོས་འགོག་སེལ་བྱེད་པ། ཞིང་སྡེའི་དབུལ་ཕོངས་མི་གྲངས་བྱེ་བ་གཅིག་གི་ཡན་ལ་ཇེ་ཉུང་དུ་གཏོང་བ། སྡོད་དམངས་ཀྱི་ཡོང་སྒོ་འཕར་ཚད་དང་དཔལ་འབྱོར་འཕར་ཚད་ཕལ་ཆེར་འདྲ་མཉམ་ཡོང་བར་བྱེད་པ། སྐྱེ་ཁམས་ཁོར་ཡུག་སྔར་ལས་ལེགས་བཅོས་བྱེད་པ། ལས་ཁུངས་ཀྱི་རྒྱལ་ནང་ཐོན་སྐྱེད་སྤྱིའི་ཐོན་རིན་ནུས་ཚད་སད་གྲོན་བརྒྱ་ཆའི་གསུམ་ཡས་མས་སུ་ཇེ་དམའ་རུ་གཏོང་བ། བཙོག་བཟོ་དངོས་རྫས་གཙོ་བོ་ཕྱིར་ཕུལ་ཚད་མུ་མཐུད་དུ་ཇེ་དམའ་དུ་གཏོང་རྒྱུ་དེ་ཡིན་ཟེར།

ལིས་ཁི་ཆང་གིས་སྙན་ཞུའི་ནང་བསྟན་དོན། ཉིས་སྟོང་བཅུ་དགུ་ལོའི་སྲིད་གཞུང་བྱ་བ་བཟང་བོར་བསྒྲུབ་སྐབས། གཤམ་གསལ་གྱི་འབྲེལ་བ་གསལ་བོར་ཤེས་པར་བྱེད་པར་ཡིད་འཇོག་བྱེད་དགོས། གཅིག རྒྱལ་ནང་དང་རྒྱལ་སྤྱིའི་འབྲེལ་བར་གཅིག་གྱུར་སྒོས་འཆར་འགོད་བྱས་ཏེ་སེམས་ཤུགས་གཅིག་སྒྲིལ་སྒོས་རང་ཉིད་ཀྱི་དོན་དག་བཟང་བོར་བསྒྲུབ་དགོས། གཉིས། བརྟན་འཇགས་འཕར་སྣོན་དང་ཉེན་ཁ་འགོག་སེལ་བར་གྱི་འབྲེལ་བ་དོ་མཉམ་ཡོང་བར་བྱས་ཏེ། དཔལ་འབྱོར་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བར་སྲུང་འཛིན་བྱེད་དགོས། གསུམ། སྲིད་གཞུང་དང་ཚོང་ར་བར་གྱི་འབྲེལ་བ་ཐག་གཅོད་བཟང་བོ་བྱས་ཏེ། བཅོས་སྒྱུར་སྒོ་འབྱེད་ལ་བརྟེན་ནས་ཚོང་རའི་གཙོ་གཞིའི་གསོན་ཤུགས་ཇེ་ཆེར་གཏོང་དགོས་ཟེར།

ལིས་ཁི་ཆང་གིས་གསུངས་རྒྱུར། ཉིས་སྟོང་བཅུ་དགུ་ལོར་གནད་ས་འབུར་དུ་ཐོན་པར་བྱེད་པ་དང་གནད་འགག་གསལ་བོར་ཤེས་པར་བྱས་ཏེ། ཏན་ཏན་ཏིག་ཏིག་སྒོས་བྱ་བ་བཅུ་བཟང་བོར་བསྒྲུབ་དགོས། གཅིག ཆེ་ཕྱོགས་ཀྱི་ཚོད་འཛིན་དང་སྙོམས་སྒྲིག་སྔར་ལས་འཐུས་ཚང་དུ་བཏང་ནས།  དཔལ་འབྱོར་འཁོར་སྐྱོད་དེ་ལུགས་མཐུན་གྱི་གནས་སུ་སྲུང་འཛིན་བྱེད་དགོས། གཉིས། ཚོང་རའི་གཙོ་གཞིའི་གསོན་ཤུགས་ཇེ་ཆེར་བཏང་ནས་ཚོང་གཉེར་ཁོར་ཡུག་སྔར་ལས་ལེགས་སྒྱུར་བྱེད་དགོས། གསུམ། གསར་སྐྲུན་སྣེ་ཁྲིད་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། སྟོབས་ཤུགས་ཆེ་བའི་སྒུལ་ནུས་གསར་བ་གསོ་སྐྱོང་བྱེད་དགོས། བཞི། སྟོབས་དང་ལྡན་པའི་རྒྱལ་ནང་གི་ཚོང་ར་ཆགས་པར་སྐུལ་འདེད་བཏང་ནས། རྒྱུན་མཐུད་སྒོས་ནང་མཁོའི་སྦས་ཤུགས་ཇེ་ཆེར་གཏོང་དགོས། ལྔ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་ལས་འགན་དང་དམིགས་ཏེ། ཏན་ཏན་ཏིག་ཏིག་སྒོས་དབུལ་ཐར་མཁྲེགས་གཏོར་དང་ཞིང་སྡེ་དར་སྤེལ་བྱེད་པར་སྐུལ་འདེད་གཏང་དགོས། དྲུག ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་རྣམ་པ་གསར་བའི་མཁར་གྲོང་ཅན་གྱི་སྤུས་ཚད་ཇེ་མཐོར་གཏོང་དགོས། བདུན། བཙོག་བཟོ་འགོག་བཅོས་དང་སྐྱེ་ཁམས་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། ཤུགས་ཆེན་པོས་ལྷད་མེད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། བརྒྱད། ཁྱབ་ཁོངས་གཙོ་བོའི་བཅོས་སྒྱུར་ཟབ་སྤེལ་བྱས་ཏེ། ཚོང་རའི་རྐྱེན་སྲོལ་མྱུར་དུ་འཐུས་ཚང་དུ་གཏོང་དགོས། དགུ། ཕྱོགས་ཡོངས་ཀྱི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་བཏང་སྟེ་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་དང་འགྲན་རྩོད་གནས་བབ་གསར་བ་གསོ་སྐྱོང་བྱེད་དགོས། བཅུ། སྤྱི་ཚོགས་ལས་དོན་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་བཏང་སྟེ་དམངས་ཚིས་ལེགས་བཅོས་དང་འགན་སྲུང་བཟང་བོ་བྱེད་དགོས་པ་བཅས་རེད།

ལིས་ཁི་ཆང་གིས་ད་དུང་སྲིད་གཞུང་རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། མི་རིགས་དང་ཆོས་ལུགས། ཕྱི་སྡོད་རང་མི་བཅས་ཀྱི་བྱ་བ། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན། ཞང་ཀང་དང་ཨོ་མིན་འཕེལ་རྒྱས་དང་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ། དེ་མིན་རང་རྒྱལ་གྱི་ཕྱི་འབྲེལ་སྲིད་ཇུས་སོགས་ཀྱི་ཐད་ལ་རྒྱས་བཤད་མཛད།

གྲོས་ཚོགས་ཀྱི་གྲོས་རིམ་ལྟར། ཚོགས་ཆེན་སྟེང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཉིས་སྟོང་བཅོ་བརྒྱད་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་གནས་ཚུལ་དང་ཉིས་སྟོང་བཅུ་དགུ་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་ཞུ་དང་དེ་མིན་ཉིས་སྟོང་བཅུ་དགུ་ལོའི་འཆར་གཞིའི་འཆར་ཟིན་དང་ཉིས་སྟོང་བཅོ་བརྒྱད་ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་ལག་བསྟར་གནས་ཚུལ་དང་ཉིས་སྟོང་བཅུ་དགུ་ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་ཞུ་དང་ཉིས་སྟོང་བཅུ་དགུ་ལོའི་རྒྱལ་ཡོངས་ཀྱི་སྔོན་རྩིས་འཆར་ཟིན་བཅས་ལ་ཞིབ་བཤེར་བྱས།

ཏེན་ཞའོ་ཞང་དང་ལིག་ཧི། ཞུའུ་ཆི་ལེང་། སུན་ཁྲུན་ལན། ལིས་ཞི། ལིས་ཆང་། ལིས་ཧོང་ཀྲུང་། དབྱང་ཅེ་ཁྲི། དབྱང་ཞོ་ཏུའུ། ཀྲང་ཡུག་ཞ། ཁྲིན་ཞི། ཁྲིན་ཆོན་གོ། ཁྲིན་མེན་ཨར། ཧུའུ་ཁྲུན་ཧྭ། གོ་ཧྲིན་ཁུན། ཧོང་ཁུན་མེན། ཚེ་ཆི། ཡུག་ཆོན། ཝེ་ཧྥིན་ཧི། ཝང་ཡུང་། ཝང་དབྱི། ཞོ་ཅེ། ཀྲའོ་ཁི་ཀྲི། ཀྲིག་ཆང་། ཀྲང་ཅུན། ཀྲང་ཆིན་ལིས། ལིག་ཆི་པོ། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཏུང་ཅན་ཧྭ། ཝན་ཀང་། ཧི་ཧིག་ཧྭ། ལུའུ་ཀྲན་ཀོང་། ཝང་ཀྲིན་ཝེ། མ་པེའོ། ཁྲིན་ཞོ་ཀོང་། ལེང་ཀྲིན་དབྱིན། ཞ་པོ་ལུང་། དབྱང་ཁྲོན་ཐང་། ལིས་པེན། པ་ཐར། ཝང་ཡུང་ཆིན། ཧི་ལིས་ཧྥུན། སུའུ་ཧོས། ཀྲིན་ཅན་པང་། ཀུའུ་ཧྲིན་ཙོ། ལིག་ཞིན་ཁྲིན། ཧི་ཝེ། ཧྲའོ་ཧོང་། ཀོ་ཡུན་ལུང་། དེ་མིན་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལིས་ཙོ་ཁྲིན་དང་མེའོ་ཧྭ། ཀྲང་ཧྲིན་མེན་སོགས་ཀྱང་ཀྲུའུ་ཞིའི་སྟེགས་བུའི་སྟེང་བསྡད་ཡོད།

ཞང་ཀང་དམིགས་བསལ་ས་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལིན་ཀྲིན་ཡའོ་ཨི་དང་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ཚོས་ཧྲི་ཨན་གཉིས་ཀ་གྲོས་ཚོགས་ལ་ཟུར་ཞུགས་བྱས་པར་མ་ཟད་ཀྲུའུ་ཞིའི་སྟེགས་བུའི་སྟེང་བསྡད་ཡོད།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་སྲིད་གྲོས་ཨུ་ཡོན་རྣམས་ཚོགས་ཆེན་ལ་ཟུར་ཞུགས་བྱས།

ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་བཅིངས་འགྲོལ་དམག་གི་འབྲེལ་ཡོད་ལས་ཁུངས། མི་དམངས་ཚོགས་ཁག་སོ་སོའི་འབྲེལ་ཡོདའགན་འཁུར་བ་ཚོགས་ཆེན་ལ་ཟུར་ཞུགས་དང་ཡང་ན་ཟུར་ཉན་བྱས།

ཀྲུང་གོར་སྡོད་པའི་རྒྱལ་ཁབ་སོ་སོའི་གཞུང་ཚབ་ཆེན་མོས་ཚོགས་ཆེན་ལ་ཟུར་ཉན་བྱས།

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།