སྤེལ་དུས།2019.03.06 ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ།
47
0

ཟླ་གསུམ་པའི་ཚེས་ལྔ་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ལི་ཅི་ཧེ་ལུང་ཅང་འཐུས་ཚབ་ཚོགས་པར་ཕེབས་ཏེ་སྲིད་གཞུང་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱས། 

ཟླ་གསུམ་པའི་ཚེས་ལྔ་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ལི་ཅི་ཧེ་ལུང་ཅང་འཐུས་ཚབ་ཚོགས་པར་ཕེབས་ཏེ་སྲིད་གཞུང་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱས། ཀྲའོ་ལི་ཅི་ཡིས་གསུངས་རྒྱུར། ཙུང་ལི་ལིས་ཁི་ཆང་གིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུ་ལས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ་གྲུབ་འབྲས་ལ་སྤྱི་བསྡོམས་བྱས་ཤིང་གནད་དོན་ལ་དབྱེ་ཞིབ་བྱས་པ་དང་བདེན་འཚོལ་དངོས་གཉེར་ཡིན་ལ། ད་ལོའི་བྱ་བའི་དམིགས་འབེན་དང་ལས་འགན་བཀོད་སྒྲིག་ལེགས་པོ་བྱས་ཡོད་པ་དང་དེ་ནི་བློ་བསྡུས་དགེ་འཚོལ་དང་སེམས་ཤུགས་གཅིག་སྒྲིལ། བརྩོན་སེམས་རྒྱ་ཆེར་བསྐྱེད་པའི་སྙན་ཞུ་ལེགས་པོ་ཞིག་ཡིན་པས། བདག་གིས་གཟེངས་བསྟོད་བྱེད་པ་ཡིན་ཟེར།

ཀྲའོ་ལི་ཅི་ཡིས་ཧེ་ལུང་ཅང་གིས་ཉིས་སྟོང་བཅོ་བརྒྱད་ལོར་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོང་གིས་གསུངས་རྒྱུར། ཧེ་ལུང་ཅང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧེ་ལུང་ཅང་གི་བྱ་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་བཟང་བོ་བྱས་ཏེ། བསམ་བློ་བཅིངས་འགྲོལ་དང་དཀའ་སྤྱད་བརྩོན་ལེན། གོ་སྐབས་དམ་འཛིན། བབ་བསྟུན་མདུན་སྐྱོད་བཅས་བྱེད་པ་དང་། ཏ་ཆིན་སྙིང་སྟོབས་དར་སྤེལ་དང་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱས་ནས། ཁྱོན་ཡོངས་དར་སྤེལ་དང་ཕྱོགས་ཡོངས་དར་སྤེལ་བྱེད་པའི་བགྲོད་ལམ་གསར་བར་བསྐྱོད་དགོས་ཟེར།

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།