སྤེལ་དུས།2019.03.07 ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ།
79
0


ཟླ་གསུམ་པའི་ཚེས་དྲུག་ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཀོང་ཞི་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཚེས་དྲུག་ཉིན་གྱི་སྔ་དྲོར་ཁོང་ཡོད་སའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་ཀོང་ཞི་འཐུས་ཚབ་ཚོགས་པ་རུ་སོང་ནས། འཐུས་མི་ཚོ་དང་མཉམ་དུ་སྲིད་གཞུང་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱས། ལིས་ཁི་ཆང་གིས་གསུང་བཤད་ཁྲོད་བསྟན་དོན། ན་ནིང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག ཀོང་ཞི་ཡིས་རྒྱལ་ཡོངས་དང་འདྲ་བར་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་གྲུབ་འབྲས་གསར་བ་བླངས། ཀོང་ཞི་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀོང་ཞི་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་བཟང་བོར་བསྒྲུབ་པ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱེད་པ། བྱ་བ་བརྟན་བརླིང་ངང་བསྒྲུབ་ནས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་དགོས་ཟེར།

ལིས་ཁི་ཆང་གིས་བསྟན་དོན། ད་ལོར་རང་རྒྱལ་གྱི་འཕེལ་རྒྱས་ཐད་ནས་ཉེན་ཁ་དང་འགྲན་རྩོད་སྔར་ལས་ཆེན་པོར་ཐུག་ཡོད་པས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས་བྱེད་པ། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ། བཅོས་བསྒྱུར་སྒོ་འབྱེད་དང་གསར་གཏོད་བྱེད་པ། ཚོང་རའི་གཙོ་གཞིའི་གསོན་ཤུགས་ཆེ་རུ་སྐྱེད་པ། དཔལ་འབྱོར་མར་འགྲིབ་པའི་གནོན་ཤུགས་ཐེག་ཐུབ་པར་བྱེད་པ། དཔལ་འབྱོར་འོས་འཚམ་གྱི་བར་སྟོང་དུ་འཁོར་རྒྱུག་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།

ལིས་ཁི་ཆང་གིས་གསུང་རྒྱུར། ཁྲལ་བསྡུ་ཇེ་ཉུང་དུ་གཏོང་བ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་ལག་བསྟར་ནན་མོ་བྱས་ནས། དངོས་ཕུང་དཔལ་འབྱོར་ཐད་ཀྱི་འགན་ཁུར་ཇེ་ཡང་དུ་གཏོང་བ་དང་། ཚོང་གཉེར་ཁོར་ཡུག་ལེགས་བསྒྱུར་བྱེད་པ། ཚོང་རའི་གཙོ་གཞིའི་གསོན་ཤུགས་ཆེ་རུ་སྐྱེད་དགོས། སྒོ་འབྱེད་བྱ་བ་བཟང་བོར་བསྒྲུབ་ནས། དངུལ་གཏོང་ཉོ་ཚོང་གི་སྟབས་བདེ་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་དགོས་ཟེར།

ལིས་ཁི་ཆང་གིས་ནན་གྱིས་བསྟན་དོན། མུ་མཐུད་དུ་འཕྲོ་ལྷག་དང་རྗེས་ལུས་ཀྱི་ཐོན་ནུས་མེད་པར་བཟོ་བ་དང་། སྲོལ་རྒྱུན་ཐོན་ལས་ཀྱི་བསྒྱུར་བཀོད་རིམ་སྤོར་ལ་སྐུལ་འདེད་གཏོང་བ། ལག་རྩལ་གསར་བ་དང་རྣམ་པ་གསར་བ། ལས་རྣམ་གསར་བ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ། སྒུལ་ནུས་གསར་རྙིང་མྱུར་དུ་བརྗེ་སྤོར་བྱེད་པ། ཞན་ཆ་ཁ་གསབ་བྱེད་པའི་ལས་གཞི་གལ་ཆེན་འཛུགས་སྐྲུན་བྱེད་པ། ནང་མཁོ་སྦས་ཤུགས་རྒྱུན་མཐུད་ངང་ཕྱིར་བཏང་སྟེ། འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་ཇེ་དྲག་ཏུ་གཏོང་དགོས་ཟེར།

ལིས་ཁི་ཆང་གིས་གསུང་རྒྱུར། འཕེལ་རྒྱས་དམངས་ཚིས་ལེགས་བསྒྱུར་སྟེང་མངོན་པར་བྱེད་དགོས། སློབ་ཆེན་གྱི་མཐར་ཕྱིན་སློབ་མ་དང་ལས་གནས་བརྗེ་སྤོར་བྱས་པའི་ལས་བཟོ་བ་སོགས་མི་ཚོགས་གཙོ་བོའི་ལས་ཞུགས་དམ་འཛིན་བྱེད་དགོས། ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། ཐོན་ལས་དབུལ་སྐྱོར་བྱ་བ་བཟང་བོར་བསྒྲུབ་དགོས། དམངས་ཚིས་ཁྱབ་ཁོངས་ཀྱི་ཉམས་ཞན་སའི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། སྐྱེ་ཁམས་སྲུང་སྐྱོབ་ལ་ཤུགས་སྣོན་པ་དང་། ལྗང་མདོག་རྒྱུ་ནོར་ཇེ་མང་དུ་གཏོང་དགོས། མི་དམངས་མང་ཚོགས་ཀྱི་འཚོ་བ་སྔར་ལས་ཇེ་བཟང་དུ་གཏོང་དགོས་ཟེར།

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།