སྤེལ་དུས།2019.03.07 ཡོང་ཁུངས།མཚོ་སྔོན་གསར་འགྱུར་དྲ་བ།
36
0

ཟླ་གསུམ་པའི་ཚེས་དྲུག་ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། མུ་མཐུད་དུ་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས། འཐུས་མི་ཧན་ཞའོ་ཝུའུ་དང་ཐིན་ཅཱ་ཚེ། ཀྲང་ཀོང་རུང་སོགས་ཀྱིས་སྔ་གཞུག་ཏུ་གཏམ་བཤད།

ཧན་ཞའོ་ཝུའུ་ཡིས་བཤད་རྒྱུར། ང་རང་ངོས་ནས་སྲིད་གཞུང་བྱ་བའི་སྙན་ཞུ་དང་འཆར་གཞི། སྔོན་རྩིས་བཅས་ཀྱི་སྙན་ཞུར་མོས་མཐུན་ཡོད། སྲིད་གཞུང་བྱ་བའི་སྙན་ཞུས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་དང་ཡོངས་སུ་སྦྲེལ་ཡོད་ཅིང་། ཁྱོན་ཡོངས་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་མཐར་ཕྱིན་བྱས་ཡོད་པས། མི་དམངས་བླ་ནས་བླར་བཀུར་བའི་ཐུགས་དགོངས་ཟབ་མོ་དང་བདེན་འཛིན་དངོས་གཉེར་གྱི་ཁག་ཁུར་ལྕི་མོ་མངོན་པར་མཚོན་ཡོད། འཆར་གཞི་དང་སྔོན་རྩིས་བྱ་བའི་སྙན་ཞུས་མི་དམངས་མང་ཚོགས་ཀྱི་ཆེས་སེམས་ཁུར་བྱེད་ས་དང་། མི་དམངས་མང་ཚོགས་དང་ཐད་ཀར་འབྲེལ་བའི་གནད་དོན་ལ་དྲིས་ལན་གསལ་བོ་བཏབ་ཡོད་ལ། སྙན་ཞུའི་ནང་དོན་བདེན་དངོས་ལ་གཞོལ་ཅིང་ཞིབ་ཕྲ་ཡིན་པ་ལས་གཞན། གཞི་འཛིན་སའི་ནང་དོན་འཛོམས་པོ་ཡིན་པ། གནད་ས་འབུར་དུ་ཐོན་པ་བཅས་ཀྱི་ཁྱད་ཆོས་ལྡན་པར་མ་ཟད། སྲིད་གཞུང་བྱ་བའི་སྙན་ཞུའི་འདེགས་སྐྱོར་གལ་ཆེན་དང་དངོས་འབེབས་ཞིབ་ཕྲ་ཡང་ཡིན་པར་བརྟེན། བདེན་འཚོལ་དངོས་གཉེར་གྱི་སྙན་ཞུ་ལེགས་པོ་ཞིག་རེད། འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལ་བརྩིས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ལེགས་པོ་བཏང་ཡོད་ཟེར།

ཐིན་ཅཱ་ཚེ་ཡིས་བཤད་རྒྱུར། སྙན་ཞུས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་ཁྲིད་སྟོན་དུ་བཟུང་ནས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་དང་ཡོངས་སུ་སྦྲེལ་ཡོད་ཅིང་། མི་དམངས་མང་ཚོགས་ཀྱི་ཆེས་དོ་ཁུར་བྱེད་ཡུལ་ལ་དྲིས་ལན་གསལ་བོ་བཏབ་ཡོད་པར་མ་ཟད། ཏང་དང་འགོ་ཁྲིད་ཀྱི་ལས་རིམ་ཧྲིལ་བོའི་ཁྲོད་ཀྱི་ཆབ་སྲིད་གོ་གནས་མངོན་པར་མཚོན་ཡོད་པས། ང་རང་ངོས་ནས་མོས་མཐུན་དང་རྒྱབ་སྐྱོར་ཡོད། ད་ལོར། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་སྐུལ་ཞིབ་དཔྱོད་མ་ལག་གིས་མུ་མཐུད་དུ་ལྟ་ཞིབ་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་དུ་སྤེལ་ནས། ཁག་ཁུར་གྱི་འདུ་ཤེས་སྔར་ལས་མངོན་སུམ་ཇེ་དྲག་ཏུ་བཏང་ཡོད་ལ། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ལས་སྒོ་གཏིང་ཟབ་དུ་སྤེལ་ནས། བར་མ་ཆད་པའི་སྒོ་ནས་ལམ་ལུགས་དགེ་མཚན་བཅོས་སྐྱོང་ཕན་ནུས་སུ་བསྒྱུར་ཏེ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་གཅིག་བསྡུས་དར་ཐེར་བྱས་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་མཚོ་སྔོན་ནས་རྩ་བ་ཚུགས་ཏེ་རྩེ་མོ་རྒྱས་པར་སྒྲིག་ཁྲིམས་ཀྱི་འགན་སྲུང་སྟོབས་དང་ལྡནཔ་འདོན་སྤྲོད་བྱས་ཟེར།

ཀྲང་ཀོང་རུང་གིས་བཤད་རྒྱུར། སྲིད་གཞུང་བྱ་བའི་སྙན་ཞུར་ཆབ་སྲིད་ཀྱི་རང་བཞིན་དང་བདེན་གཉེར་གྱི་རང་བཞིན། གསར་གཏོད་ཀྱི་རང་བཞིན། མི་དམངས་ཀྱི་རང་བཞིན་བཅས་དྲག་པོ་ལྡན་པས། ང་རང་ངོས་ནས་མོས་མཐུན་ཆེན་པོ་ཡོད། འདས་པའི་ལོ་གཅིག་གི་ནང་དུ། སྲིད་གཞུང་བྱ་བས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་ཁྲིད་སྟོན་དུ་བཟུང་ནས། བརྟན་འཇགས་ཀྱི་ཁྲོད་ནས་འཕེལ་རྒྱས་འབྱུང་བར་བརྩོན་ལེན་བྱེད་པའི་ལས་ཕྱོགས་གཙོ་བོ་རྒྱུན་འཁྱོངས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་དངོས་འབེབས་མཐར་ཕྱིན། མི་དམངས་སྲོག་ཤིང་ཡིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་དུ་སྤེལ་བ་དང་གསར་གཏོད་ལ་སྐུལ་འདེད་གཏོང་བ། འབད་འབུངས་ཧུར་བསྐྱེད་བྱེད་པ། དཀའ་བ་ཁྱད་དུ་གསོད་པ་བཅས་བྱས་མཐར། རྒྱལ་ཡོངས་མི་དམངས་ཀྱི་འདོད་བློ་དང་མཐུན་པའི་གྲུབ་འབྲས་བཟང་བོ་བླངས་ཡོད་ཟེར།

འཐུས་མི་ཁྲིན་ལིས་ཧྥིན་དང་པད་རྒྱལ་བཀྲ་ཤིས། མིན་ཧེ། ཀྲང་ཡུང་ལིས། བཀྲ་ཤིས་རྡོ་རྗེ་སོགས་ཀྱིས་འབག་བཙོག་འགོག་བཅོས་དང་སྐྱེ་ཁམས་འཛུགས་སྐྲུན་སོགས་དཀྱིལ་སྙིང་དུ་བཟུང་ནས་གཏམ་བཤད།


གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།