སྤེལ་དུས།2019.03.07 ཡོང་ཁུངས།མཚོ་སྔོན་གསར་འགྱུར་དྲ་བ།
49
0

འདས་པའི་ཉིན་གཉིས་ཀྱི་རིང་ལ། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་མཚོ་སྔོན་གྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས། ཙུང་ལི་ལིས་ཁི་ཆང་གིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་སྡུར་ནན་མོ་བྱས།

ཨུ་ཡོན་རྡོ་རྗེ་རབ་བརྟན་གྱིས་བཤད་རྒྱུར། སྲིད་གཞུང་བྱ་བའི་སྙན་ཞུས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་དངོས་འབེབས་ནན་མོ་བྱས་ཡོད། ཉིས་སྟོང་བཅོ་བརྒྱད་ལོར། ང་ཚོས་དཀའ་ངལ་གྱི་ཁྲོད་ནས་མདུན་བསྐྱོད་དང་གནོན་ཤུགས་ཆེན་པོའི་འོག་ནས་འཕེལ་རྒྱས་འབྱུང་བར་བརྩོན་ལེན་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་ལེགས་པོ་བླངས་ཡོད་པར་མ་ཟད། མི་དམངས་མང་ཚོགས་ཀྱི་དཀའ་ངལ་ཁྱད་དུ་གསོད་པའི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་བཏང་། གྲུབ་འབྲས་འདི་འདྲ་ཞིག་ལེན་ཐུབ་པའི་གནད་འགག་ནི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་ལས་བྱུང་བ་དང་། ཧུར་བརྩོན་ཆེན་པོས་སྤྱི་ཁོག་སྙོམ་སྒྲིག་གི་སྲིད་ཇུས་ཇེ་བརྟན་དུ་བཏང་ནས། དཔལ་འབྱོར་བརྟན་འཇགས་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་འགན་སྲུང་བྱས། མཁྲེགས་གཏོར་ཆེན་པོ་གསུམ་གཏིང་ཟབ་དུ་སྤེལ་བ་དང་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལས་སྒོ་གཏིང་ཟབ་དུ་སྤེལ་བ། རིམ་པ་མཐོ་ས་ནས་བཅོས་སྒྱུར་སྒོ་འབྱེད་དང་ཁྲོམ་རའི་རང་བདག་གསོན་ཤུགས་ལ་ངར་སློང་བ་སོགས་ཁྱབ་ཁོངས་གཙོ་བོའི་གནད་དོན་འབུར་ཐོན་ཡོང་བར་བྱས་ནས། མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་ཇེ་མཐོར་བཏང་སྟེ། མི་སེམས་བརྟན་བརླིང་ཡོང་བར་བྱེད་ནུས་མི་དམན་པ་བཏོན་ཟེར།

ཨུ་ཡོན་རིན་ཆེན་རྣམ་རྒྱལ་གྱིས་བཤད་རྒྱུར། སྲིད་གཞུང་བྱ་བའི་སྙན་ཞུས་ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་དངོས་འབེབས་མཐར་ཕྱིན་བྱས་ཏེ། མི་དམངས་སྲོག་ཤིང་ཡིན་པའི་སྲིད་འཛིན་འདུ་ཤེས་དང་ཚན་རིག་འཕེལ་རྒྱས། སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ཀྱི་བླང་བྱ་ལ་དམ་པོར་སྦྲེལ་ཡོད་པས། མུ་མཐུད་དུ་མདུན་དུ་བསྐྱོད་པར་སྐུལ་བ་དང་འབད་འབུངས་ལ་སྐུལ་ལྕག་གཏོང་བ། དམངས་ཚིས་དམ་དུ་འབྲེལ་བ། བདེན་གཉེར་གསར་གཏོད་བཅས་ཀྱི་སྙན་ཞུ་ལེགས་པོ་ཞིག་རེད། སྙན་ཞུའི་དགེ་མཚན་འབུར་དུ་ཐོན་པ་དང་། མི་དམངས་ཀྱི་རང་བཞིན་དང་ཚན་རིག་གི་རང་བཞིན། གསར་གཏོད་ཀྱི་རང་བཞིན་བཅས་འབུར་དུ་ཐོན་ཡོད་པར་བརྟེན། ང་རང་ངོས་ནས་མོས་མཐུན་ཆེན་པོ་ཡོད་ཟེར།

ཨུ་ཡོན་ཝང་ཅན་གྱིས་བཤད་རྒྱུར། སྙན་ཞུའི་ཆབ་སྲིད་ཀྱི་གོ་གནས་མཐོ་ལ་བཅོས་སྒྱུར་གྱི་ནང་སྙིང་འཛོམས་པ། མི་དམངས་ཀྱི་ཆེད་དུ་བྱེད་ཕྱོགས་འཐེན་པ་བཟང་བར་མ་ཟད། ནང་སྙིང་ཆེན་པོ་དང་སྦྱོར་དངོས་རང་བཞིན་དྲག་པོ་ལྡན་པས། བརྟན་འཇགས་ཀྱི་ཁྲོད་ནས་འཕེལ་རྒྱས་ལ་བརྩོན་པ་དང་བཅོས་སྒྱུར་གསར་གཏོད་ཀྱི་ནང་དོན་མངོན་པར་མཚོན་ཡོད་ལ། ཡིད་ཆེས་དང་ཆོད་སེམས། ཁག་ཁུར་གྱི་འདུ་ཤེས་བཅས་མངོན་པར་མཚོན་ཡོད་ཟེར། 

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།