སྤེལ་དུས།2019.03.08 ཡོང་ཁུངས།མཚོ་སྔོན་གསར་འགྱུར་དྲ་བ།
88
0

ཟླ་གསུམ་པའི་ཚེས་བདུན་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ཁྲོད་ཞུགས།

ཟླ་གསུམ་པའི་ཚེས་བདུན་ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་མི་དམངས་ཚོགས་ཁང་ཆེན་མོའི་མཚོ་སྔོན་ཚོམས་ཁང་དུ་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། མུ་མཐུད་དུ་སྲིད་གཞུང་བྱ་བའི་སྙན་ཞུ་དང་འཆར་གཞིའི་ཞིབ་བཤེར། སྔོན་རྩིས་བྱ་བའི་སྙན་ཞུ་བཅས་ལ་གྲོས་ཞིབ་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གྲོས་ཞིབ་ལ་ཞུགས།

རྒྱལ་ཡོངས་དམངས་ཆེན་ཀྱི་འཐུས་མི། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཁྲིན་ཞི་དང་། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་བཅས་གྲོས་ཞིབ་ཁྲོད་ཞུགས།

གྲོས་ཞིབ་ཀྱི་ཁྲོད་དུ། འཐུས་མི་ཝང་ཅན་ཅུན་དང་ལིག་ཉིང་། མིན་ཧེ། པད་རྒྱལ་བཀྲ་ཤིས། ཀྲང་ཡུང་ལིས། པིས་ཧྲིན་ཀྲུང་སོགས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་། སྒུལ་ནུས་གསར་རྙིང་ཚུལ་བཞིན་བརྗེ་སྤོར་བྱེད་པ། དམངས་ཚིས་ལེགས་བཅོས། འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས། ཆེས་དབུལ་ཕོངས་ས་ཁུལ་གྱི་དབུལ་ཐར་ལས་དོན། ཤར་ནུབ་ས་ཁུལ་གྱི་མཉམ་ལས་བྱ་བ། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར། གྲོང་གསེབ་དར་སྤེལ། ཞིང་སྡེ་གསར་བ་འཛུགས་སྐྲུན་སོགས་བརྗོད་དོན་དུ་བཟུང་ནས་གཏམ་བཤད། ལིས་ཁི་ཆང་གིས་འཐུས་མི་རྣམས་ཀྱི་བསམ་ཚུལ་ལ་གཟབ་ཉན་བྱས་རྗེས། ཚང་མ་དང་ལྷན་དུ་བསམ་ཚུལ་བརྗེ་རེས་བྱས་པར་བརྟེན། ཚོགས་རའི་ཡུལ་དངོས་ཀྱི་བགྲོ་གླེང་མཁའ་དབུགས་ཇེ་རྒྱས་ཇེ་ལེགས་སུ་ཕྱིན།

ལིས་ཁི་ཆང་གིས་གསུངས་རྒྱུར། མཚོ་སྔོན་གྱིས་ན་ནིང་ལོར་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་སུ་ཕྱིན་པ་དང་དམངས་ཚིས་ལེགས་བཅོས་བྱ་བར་འཕེལ་རྒྱས་གསར་བ་བྱུང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས་བྱས་ནས། དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་མཐུན་སྦྱོར་ངང་སྐུལ་འདེད་གཏོང་དགོས་ཤིང་། དཔལ་འབྱོར་བརྟན་འཇགས་ངང་འཁོར་རྒྱུག་བྱེད་པར་འགན་སྲུང་བྱེད་དགོས། ཤུགས་ཆེན་པོས་ལྗང་མདོག་དཔལ་འབྱོར་དང་འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་སུ་བཏང་ནས། སྐྱེ་ཁམས་བཟོ་སྐྲུན་ཆེ་གྲས་ལག་བསྟར་བྱས་ཏེ། ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་གང་ལེགས་བྱས་མཐར། རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་བཀན་མོ་བསྐྲུན་པར་འགན་ལེན་ཁག་ཐེག་བྱེད་དགོས། ཐོན་ལས་ཀྱི་སྒྲིག་གཞིའི་རིམ་པ་ཇེ་མཐོར་གཏང་དེ། ནང་གནས་ཀྱི་སྟོབས་ཤུགས་སྔོག་འདོན་དང་ཕྱིའི་མཐུན་རྐྱེན་ཇེ་འཛོམས་སུ་བཏང་ནས། ནུས་ཁུངས་དག་གཙང་གི་ལས་སྒོ་དང་ཡུལ་སྐོར་སོགས་ཁྱད་ལྡན་དགེ་མཚན་ཐོན་ལས་སྔར་ལས་འཕེལ་རྒྱས་སུ་གཏོང་བ། ཚོང་གཉེར་གྱི་ཁོར་ཡུག་ལ་ཤུགས་སྣོན་པ། རྨང་གཞིའི་སྒྲིག་ཆས་སོགས་མཉེན་མཁྲེགས་གང་རུང་འཛོམས་པའི་ཁོར་ཡུག་འཛུགས་སྐྲུན་བྱས་ནས། ཁེ་ལས་པ་དང་འཇོན་ཐང་མི་སྣ་སྔར་ལས་མང་པོ་ཞིག་མཚོ་སྔོན་གྱི་འཕེལ་རྒྱས་ལས་དོན་ཁྲོད་ཞུགས་པར་བསྡུ་འགུགས་བྱེད་དགོས། ཀྲུང་དབྱང་གི་རྒྱབ་སྐྱོར་དང་ཕྱོགས་སོ་སོའི་མཐུན་སྦྱོར། རང་སྟེང་གི་འབད་འཐབ་བཅས་གཞི་གཅིག་ཏུ་སྦྲེལ་ནས། དབུལ་ཐར་མཁྲེགས་གཏོར་ལས་སྒོ་གཏིང་ཟབ་དུ་སྤེལ་དགོས་ལ། སློབ་གསོ་དང་སྨན་བཅོས་སོགས་ཀྱི་ལས་དོན་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་གཏོང་དགོས་པར་མ་ཟད། དམངས་ཚིས་ཕྱོགས་ཀྱི་ཞན་ཆ་དུས་ལྟར་གསབ་ནས། མི་རིགས་མཐུན་སྒྲིལ་ལས་དོན་ཡར་ཐོན་ཡོང་བར་སྐུལ་འདེད་བཏང་མཐར། རིགས་སོ་སོའི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་བར་མ་ཆད་པའི་སྒོ་ནས་ཇེ་མཐོར་གཏོད་དགོས་ཟེར།

ཝང་ཅན་ཅུན་གྱིས་འགོ་འཛིན་བྱེད་སྐབས་བཤད་རྒྱུར། ཙུང་ལི་ལིས་ཁི་ཆང་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ཁྲོད་ཞུགས་པ་འདིས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མཚོ་སྔོན་གྱི་བྱ་བར་མཐོང་ཆེན་བླ་མེད་གནང་གིན་པ་མཚོན་པར་མ་ཟད། ཙུང་ལི་ལིས་ཁི་ཆང་གིས་མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ས་ཡ་དྲུག་ལ་ཐུགས་ཁུར་ཟབ་བཞེས་གནང་གིན་ཡོད་པའང་མངོན་པར་མཚོན་ཡོད། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་ཁྲིད་སྟོན་དུ་བཟུང་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཚོ་སྔོན་ལ་རེ་ལྟོས་ཆེན་པོ་བཅངས་པ་ལས་སྒྲུབ་ལས་སྐྲུན་གྱི་སྒུལ་ཤུགས་གཙོ་བོར་བརྩིས་ཏེ། སྐྱེ་ཁམས་སྔོན་དུ་འགྲོ་དགོས་པ་དང་ལྗང་མདོག་འཕེལ་རྒྱས་སུ་གཏོང་དགོས་པ་རྒྱུན་འཁྱོངས་བྱེད་དགོས། ཤུགས་ཆེན་པོས་མཚོ་སྔོན་གསར་བའི་སྙིང་སྟོབས་དར་སྤེལ་གང་ལེགས་བྱས་ནས། བཞི་ལྔ་འཐབ་ཇུས་ལག་བསྟར་ནན་མོ་བྱེད་པ་དང་། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ལ་སྐུལ་འདེད་གཏོང་བར་སྟོབས་ཤུགས་གང་ཡོད་ཕུལ་ནས་ཕན་འབྲས་ལོན་པར་བྱས་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་རྒྱུགས་ལན་བཟང་པོ་ཞིག་སྤྲོད་དགོས་ཟེར།


གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།