སྤེལ་དུས།2019.03.08 ཡོང་ཁུངས།མཚོ་སྔོན་གསར་འགྱུར་དྲ་བ།
37
0

ཟླ་གསུམ་པའི་ཚེས་དྲུག་ནས་ཚེས་བདུན་ཉིན་བར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་སྟེང་ཞུགས་པའི་མཚོ་སྔོན་གྱི་ཨུ་ཡོན་བཅོ་བརྒྱད་ཚོ་སོ་སོར་རང་རང་ལས་རིགས་ཀྱི་ཚན་ཆུང་གྲོས་ཚོགས་སུ་ཞུགས་ནས། སྲིད་གཞུང་བྱ་བའི་སྙན་ཞུ་དང་འཆར་འགོད་སྙན་ཞུ། སྔོན་རྩིས་སྙན་ཞུ་བཅས་ཀྱི་ཐད་ལ་གྲོས་མོལ་དཔྱད་བྱས།

ཨུ་ཡོན་རྣམས་ཀྱིས་འདས་པའི་ལོ་གཅིག་རིང་གི་རང་རྒྱལ་དཔལ་འབྱོར་འཕེལ་རྒྱས་ཀྱི་ཕྱོགས་སོ་སོ་བྱ་བའི་ཐད་ཁས་ལེན་དང་གདེང་འཇོག་ཚད་མཐོན་པོ་བྱས་ལ། གྲུབ་འབྲས་ནི་ཐོབ་དཀའ་ལ། ཉམས་མྱོང་ནི་རིན་ཐང་གིས་ཕྱུག་པའི་ཚུལ་བསྟན། ཚང་མས་མགྲིན་གཅིག་གིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་ཁྲིད་སྟོན་དུ་བཟུང་ནས། འདུ་ཤེས་བཞི་དང་ཡིད་རྟོན་བཞི་ཇེ་བརྟན་དུ་གཏོང་པ་དང་། སྲུང་སྐྱོབ་གཉིས་དོན་ཐོག་འཁྱོལ་བར་བྱས་ནས། མཚོ་སྔོན་གྱི་དངོས་ཡོད་གནས་ཚུལ་ལ་རྐང་བཙུགས་ནས་འགན་ནུས་ལག་བསྟར་ནན་མོ་བྱེད་པ་དང་། ཀུན་གྱི་བསམ་བློ་གཅིག་བསྡུས་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་ཟེར།

ཨུ་ཡོན་ལིག་ཐུང་ཏེ་ཡིས་བཤད་རྒྱུར། ཙུང་ལི་ལིས་ཁུ་ཆང་གིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུ་ལ་ཆབ་སྲིད་ཀྱི་ལངས་གནས་མཐོ་ཞིང་། དམིགས་འབེན་གསལ་ལ། དངོས་གཉེར་གྱི་བྱེད་ཕྱོགས་འབུར་ཐོན་རེད། བྱ་བའི་སྤྱི་བསྡོམས་ལ་ཕྱོགས་ཡོངས་རང་བཞིན་ལྡན་ལ། གནད་དོན་དབྱེ་ཞིབ་བྱས་པ་ལེགས་ཤིང་། གནས་བབ་ལ་ངོས་འཛིན་བྱས་པ་གཏིང་ཟབ་ཅིང་། བཀོད་སྒྲིག་བྱ་བའི་གཙོ་གནད་འབུར་ཐོན་ཡིན་པས། སྙན་ཞུ་འདི་ནི་གཅིག་གྱུར་གྱི་བསམ་བློ་དང་། ཁ་ཕྱོགས་གསལ་བ། གཅིག་བསྡུས་ཀྱི་སྟོབས་ཤུགས་འཛོམས་པའི་སྙན་ཞུ་བཟང་པོ་ཞིག་རེད། སྙན་ཞུ་ལས་སྤྱི་ཚོགས་ཀྱི་དོ་འཁུར་ལ་ཚུར་སྣང་བྱས་ཤིང་། མི་དམངས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་འཇགས་ཀྱི་ཚོར་བ་མཐོར་འདེགས་སུ་གཏོང་རྒྱུ་གཞི་འཛིན་ས་བྱེད་དགོསབྱས་ཟེར།

ཨུ་ཡོན་ཏུའུ་ཝེ་ཀྲི་ཡིས་བཤད་རྒྱུར། ཙུང་ལི་ལིས་ཁུ་ཆང་གིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུ་ཡིས་སྐུལ་མ་ཆེན་པོ་ཐེབས་སོང་། སྙན་ཞུ་ལས་དམངས་ཀྱི་ཆེད་དུ་སྲིད་སྐྱོང་བའི་འདུ་ཤེས་དང་བརྩེ་སེམས་ཚོར་ཡོང་ལ། མདུན་བསྐྱོད་ཀྱི་བགྲོད་ལམ་སྟེང་དཀའ་ངལ་སྣ་ཚོགས་ལས་རྣམ་པར་རྒྱལ་བའི་ཆོད་སེམས་མངོན་བྱུང་ལ། དཀའ་ངལ་གདོང་གིས་བསུ་བའི་འགན་འཁུར་གྱི་སྤོབས་པ་མངོན་པ་མ་ཟད། སྙན་ཞུ་ལས་ཁྲལ་ཇེ་ཉུང་དུ་བཏང་ནས་ཁུར་བོ་ཇེ་ཡང་དུ་གཏོང་པ་དང་། ཁེ་ལས་ཀྱི་འགན་འཁུར་ཇེ་ཡང་དུ་གཏོང་པ། ཚན་རྩལ་མི་སྣའི་ཧུར་ཐག་རང་བཞིན་བརྗེ་སྤོར། གསར་སྐྲུན་གྱི་གསོན་ཤུགས་རྒྱས་སུ་འཇུག་པ་སོགས་ལ་ཚད་མཐོན་པོས་གདེང་འཇོག་བྱས་པས། སྙན་ཞུ་འདི་ནི་གསར་སྐྲུན་དང་དངོས་གཉེར་བདེན་འཚོལ། མི་སེམས་ལ་ངར་སློང་པའི་སྙན་ཞུ་བཟང་པོ་ཞིག་རེད་ཟེར།

ཨུ་ཡོན་ལིས་ཆིན་གྱིས་བཤད་རྒྱུར། སྲིད་གཞུང་བྱ་བའི་སྙན་ཞུ་ཡིས་ཀྲུང་དབྱང་གི་རེ་བ་དང་མང་ཚོགས་ཀྱི་ཁེ་ཕན་གཉིས་དམ་དུ་སྦྲེལ་ནས། ང་ཚོ་ལ་རང་རྟོན་དང་སྐུལ་ཤུགས་ཀྱི་སྙིང་སྟོབས་བླ་ན་མེད་པ་སྩལ་པས། ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འགན་འཁྲི་ཡིད་ལ་དམ་པོར་ཉར་ནས། འགན་ནུས་གཟབ་ནན་གྱིས་ལག་བསྟར་བྱེད་དགོས་ཟེར། ཨུ་ཡོན་ལིས་ཆིན་གྱིས་མུ་མཐུད་དུ་བསྟན་དོན། སྙན་ཞུ་ལས་སློབ་གསོ་དང་རིག་གནས། ལུས་རྩལ་སོགས་ལས་དོན་འཕེལ་རྒྱས་ཀྱི་སྐྱ་ཐིག་ཡག་པོ་བྲིས་ཤིང་། ང་ཚོའི་སེམས་ཁོང་ལ་ཆོད་སེམས་དང་དྲོད་སྣང་གིས་ཁྱབ་དུ་བཅུག་བྱུང་། སྙན་ཞུའི་ཁྲོད་དུ་ཐེངས་མང་པོར་སློབ་གསོ་བཅོས་སྒྱུར་གྱི་གནད་དོན་གླེང་བྱུང་བས། སློབ་གསོ་འཕེལ་རྒྱས་སུ་གཏོང་པའི་འགན་འཁུར་གྱི་ཚོར་བ་ཇེ་དྲག་ཏུ་བཏང་སོང་ཟེར།


གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།