སྤེལ་དུས།2019.03.08 ཡོང་ཁུངས།མཚོ་སྔོན་གསར་འགྱུར་དྲ་བ།
32
0

ཟླ་གསུམ་པའི་ཚེས་དྲུག་ཉིན་ནས་ཚེས་བདུན་ཉིན་བར་དུ། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། མུ་མཐུད་དུ་སྲིད་གཞུང་བྱ་བའི་སྙན་ཞུ་དང་འཆར་གཞིའི་ཞིབ་བཤེར་བྱ་བ། སྔོན་རྩིས་བྱ་བའི་སྙན་ཞུ་བཅས་ལ་གྲོས་ཞིབ་ནན་མོ་བྱས། འཐུས་མི་ཝང་ཅན་ཅུན་དང་ལིག་ཉིང་། ཝང་ཡུས་པོ། ཀྲང་ཀོང་རུང་སོགས་ཀྱིས་སྔ་གཞུག་ཏུ་གཏམ་བཤད་པ་དང་། ཁྲིམས་འཛིན་པུའུ་ཡི་པུའུ་ཀྲང་ཧྥུའུ་ཀྲིན་ཧྭ་ཚོགས་རར་ཐོན་ནས་གྲོས་འདོན་བསམ་འཆར་ལ་ཉན།

ཝང་ཅན་ཅུན་གྱིས་བཤད་རྒྱུར། འཆར་འགོད་སྙན་ཞུ་དང་སྔོན་རྩིས་བྱ་བའི་སྙན་ཞུས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་ཁྲིད་སྟོན་དུ་བཟུང་ནས། ཏང་གི་ཁྱོན་ཡོངས་འགོ་ཁྲིད་ལ་ཤུགས་སྣོན་དང་རྒྱུན་འཁྱོངས་བྱས་ཏེ། བརྟན་འཇགས་ཀྱི་ཁྲོད་ནས་འཕེལ་རྒྱས་འབྱུང་བར་བརྩོན་པའི་ལས་དོན་སྤྱིའི་སྒྲུབ་ཕྱོགས་རྒྱུན་འཁྱོངས་བྱས་པར་མ་ཟད། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་དང་ཆབ་སྲིད་སྣེ་འདོམས་སུ་འཛིན་པ། དམངས་ཚིས་གཙོ་གནད་དུ་འཛིན་པ། འཕེལ་རྒྱས་ལ་བརྟེན་ནས་བཀོད་འགྲེམ་བྱེད་པ། རྒྱལ་སྐྱོར་ལ་བརྟེན་ནས་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ་བཅས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཡོད་པ་ལས་གཞན། སྲིད་གཞུང་བྱ་བའི་སྙན་ཞུའི་འདེགས་སྐྱོར་གལ་ཆེན་ཞིག་ཏུ་གྲུབ་ཡོད་པར་བརྟེན། ང་རང་ངོས་ནས་དེར་མོས་མཐུན་ཆེན་པོ་ཡོད། སྙན་ཞུ་གཉིས་དངོས་འབེབས་མཐར་ཕྱིན་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར།། ཁྲིམས་སྐྱོང་གི་ཁོར་ཡུག་ལེགས་པོ་ཞིག་གི་འགན་སྲུང་ཅིས་ཀྱང་མཁོ་བ་ཡིན་ཟེར།

ལིག་ཉིང་གིས་བཤད་རྒྱུར། འཆར་འགོད་བྱ་བའི་སྙན་ཞུ་དང་སྔོན་རྩིས་བྱ་བའི་སྙན་ཞུའི་ལངས་ཕྱོགས་མཐོ་ཞིང་ཁ་ཕྱོགས་གསལ་བ། བྱེད་ཐབས་དོན་གནས་ཡིན་པ། ཁེ་ཕན་མང་བ་བཅས་ཀྱི་ཁྱད་ཆོས་ཚང་བར་མ་ཟད། བྱེད་ཐབས་སྣ་མང་སྤྱད་དེ་འཕར་སྣོན་བརྟན་པོ་ཡོང་བར་བྱེད་པ་དང་། ཤུགས་ཆེན་པོས་མཁྲེགས་གཏོར་ལེགས་པོ་བྱེད་པ། དངོས་འབེབས་དོན་འཁྱོལ་བྱས་ནས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ། དམངས་ཚིས་ལ་སྟོབས་ཤུགས་འབུལ་བ་བཅས་ཀྱི་ཁྱད་ཆོས་ཚང་བ་ལས་གཞན། སྲིད་གཞུང་བྱ་བའི་སྙན་ཞུར་དམིགས་འབེན་འགན་འཁྲི་ཡོངས་འགྲུབ་བྱེད་པར་རྒྱབ་སྐྱོར་དོན་ལྡན་འདོན་སྤྲོད་བྱས་ཡོད་པས། ང་རང་ངོས་ནས་དེར་མོས་མཐུན་ཆེན་པོ་ཡོད། སྙན་ཞུ་འདི་གཉིས་ནི་དམངས་ཆེན་གྱི་ཡིག་ཆ་གལ་ཆེན་ཡིན་པར་མ་ཟད། ཁྲིམས་ལྟར་སྲིད་འཛིན་བྱེད་པའི་གཞི་འཛིན་ས་གལ་ཆེན་ཞིག་ཀྱང་ཡིན་ཟེར།

ཝང་ཡུས་པོ་ཡིས་བཤད་རྒྱུར། ང་རང་ངོས་ནས་འཆར་གཞི་བྱ་བའི་སྙན་ཞུ་དང་སྔོན་རྩིས་བྱ་བའི་སྙན་ཞུར་མོས་མཐུན་ཆེན་པོ་ཡོད། སྙན་ཞུ་འདི་གཉིས་ལ་ཁྱད་ཆོད་བཞི་ཚང་བར་འདོད་དེ། གཅིག་ནས་ཆབ་སྲིད་ཀྱི་རང་བཞིན་དྲག་པོ་ལྡན་ལ། གཉིས་ནས་ཁ་གཏད་ཀྱི་རང་བཞིན་མངོན་གསལ་ལྡན། གསུམ་ནས་གནད་ཕིགས་ཀྱི་རང་བཞིན་ལྡན་ལ། བཞི་ནས་མི་དམངས་ཀྱི་ལངས་ཕྱོགས་དང་བརྩེ་བ་མངོན་གསལ་ལྡན་ཟེར།

འཐུས་མི་ཀྲང་ཞའོ་རུང་དང་མེན་ཧེ། པད་རྒྱལ་བཀྲ་ཤིས་སོགས་ཀྱིས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་དགོས་པ་སོགས་བརྗོད་གཞིར་བཟུང་ནས་གཏམ་བཤད།


གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།