སྤེལ་དུས།2019.03.09 ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ།
79
0

ཟླ་གསུམ་པའི་ཚེས་བརྒྱད་ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངག་བཅོལ་ལྟར། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཚོགས་ཆེན་ལ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ཕུལ། ཚོགས་ཐོག་ནས་ཕྱི་ཚོང་དངུལ་གཏོང་བཅའ་ཁྲིམས་འཆར་ཟིན་སྐོར་གྱི་གསལ་བཤད་ལ་ཉན།

ཞི་ཅིན་ཕིང་དང་ལིས་ཁི་ཆང་། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་སོགས་གྲོས་ཚོགས་ལ་ཞུགས།

ཚོགས་ཆེན་ལ་འཐུས་མི་སྟོང་གཉིས་པ་དང་དགུ་བརྒྱ་དོན་ལྔ་ཞུགས་དགོས་པ་དང་ཉིན་དེའི་ཚོགས་འདུར་འཐུས་མི་སྟོང་གཉིས་དང་དགུ་བརྒྱ་ཞེ་བརྒྱད་ཞུགས་པས་བཅའ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་མི་གྲངས་དང་མཐུན།

ཚོགས་ཐོག་ཏུ་ལིས་ཀྲན་ཧྲུའུ་ཡིས་ཕྱོགས་བདུན་ནས་འདས་པའི་ལོ་གཅིག་གི་བྱ་བ་གཙོ་བོ་ཕྱིར་དྲན་བྱས། གཅིག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། དམངས་ཆེན་བྱ་བའི་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་འགན་སྲུང་བྱས། གཉིས། གསར་དུ་བཟོ་བཅོས་བྱས་པའི་རྩ་ཁྲིམས་ལ་ཁྱོན་ཡོངས་ནས་སློབ་སྦྱོང་དང་དེ་དྲིལ་སྒྲོག་དང་ལག་བསྟར་བྱས་ཏེ། རྩ་ཁྲིམས་སྔར་ལས་ལག་བསྟར་བཟང་བོ་བྱེད་པར་སྐུལ་འདེད་བཏང་། གསུམ། དུས་རབས་གསར་པའི་ཁྲིམས་འཛུགས་བྱ་བར་ཤུགས་སྣོན་དང་ལེགས་སྒྱུར་བྱས་ཏེ། བཅོས་སྒྱུར་དང་འཕེལ་རྒྱས། བརྟན་འཇགས་བཅས་ལ་ཁྲིམས་སྐྱོང་འགན་སྲུང་འདོན་སྤྲོད་བྱས། བཞི། ཁྲིམས་ལྟར་དམངས་ཆེན་ལྟ་སྐུལ་འགན་འཁྲི་ལག་བསྟར་བཟང་བོ་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་བཅོས་སྒྱུར་མཁྲེགས་གཏོར་ལས་འགན་ཡོངས་འགྲུབ་བྱེད་པར་རོགས་འདེགས་བྱས། ལྔ། འཐུས་མིར་འབྲེལ་འདྲིས་བྱེད་པའི་ཐབས་ལམ་རྒྱ་སྐྱེད་དེ་འཐུས་མིས་ཁྲིམས་ལྟར་འགན་འཁྲི་ལག་བསྟར་བྱེད་པར་རྒྱབ་སྐྱོར་དང་འགན་སྲུང་བྱས། དྲུག རྒྱལ་ཁབ་ཕྱི་འབྲེལ་གྱི་ཁྱོན་ཡོངས་ལ་ཞབས་ཞུ་སྒྲུབ་སྟེ་དམངས་ཆེན་གྱི་ཕྱི་ཕྱོགས་འབྲེལ་འདྲིས་བྱ་བ་བཟང་བོར་བསྒྲུབས། བདུན། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རང་ཉིད་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་བསྣན་ཏེ། ཁྲིམས་ལྟར་འགན་འཁྲི་ལག་བསྟར་བྱེད་པའི་ནུས་པ་ཇེ་ཆེ་དང་ཆུ་ཚད་ཇེ་མཐོར་བཏང་བ་བཅས་རེད།

ལིས་ཀྲན་ཧྲུའུ་ཡིས་ཕྱོགས་དྲུག་ནས་ཉིས་སྟོང་བཅུ་དགུ་ལོའི་ལས་འགན་གཙོ་བོ་ཞིབ་པར་བཤད། གཅིག རྒྱུན་འཁྱོངས་ལྷོད་མེད་སྒོས་རྩ་ཁྲིམས་ལག་བསྟར་དང་ལྟ་སྐུལ་བྱ་བར་སྐུལ་དགོས། གཉིས། ཧུར་ཐག་སྒོས་ཁྲིམས་འཛུགས་བྱ་བའི་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་གཏོང་དགོས། གསུམ། ལྟ་སྐུལ་བྱ་བའི་དམིགས་ཡུལ་རང་བཞིན་དང་ཕན་ནུས་རང་བཞིན་ཇེ་དྲག་ཏུ་གཏོང་དགོས། བཞི། འཐུས་མིས་འགན་འཁྲི་ལག་བསྟར་བྱེད་པའི་བྱ་བའི་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་དགོས། ལྔ། ཧུར་ཐག་སྒོས་དམངས་ཆེན་གྱི་ཕྱི་འབྲེལ་འགྲོ་འོང་བྱ་བ་བཟང་བོར་བསྒྲུབ་དགོས། དྲུག རྒྱུན་ལས་ཨུ་ཡོན་ལྷན་ཁང་རང་ཉིད་ཀྱི་འཛུགས་སྐྲུན་ཆུ་ཚད་ཇེ་མཐོར་གཏོང་དགོས་ཟེར།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངག་བཅོལ་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་ཁྲིན་གྱིས་ཕྱི་ཚོང་དངུལ་གཏོང་བཅའ་ཁྲིམས་འཆར་ཟིན་སྐོར་ནས་གསལ་བཤད་བྱས། ཝང་ཁྲིན་གྱིས་བཤད་རྒྱུར། ཕྱི་ཚོང་དངུལ་གཏོང་ཁྲིམས་འཛུགས་ཀྱིས་གཙོ་བོ་གཤམ་གསལ་གྱི་རྩ་དོན་འགའ་བརྩི་སྲུང་བྱེད་དགོས། གཅིག ཧུར་ཐག་སྒོས་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་པ་དང་ཕྱི་ཚོང་དངུལ་གཏོང་ལ་སྐུལ་འདེད་གཏོང་བའི་དགོངས་གཞི་གཙོ་བོ་འབུར་དུ་ཐོན་པར་བྱེད་དགོས། གཉིས། ཕྱི་ཕྱོགས་དངུལ་གཏོང་གི་རྨང་གཞི་རང་བཞིན་བཅའ་ཁྲིམས་ཀྱི་གཏན་གནས་རྒྱུན་འཁྱོངས་བྱེད་དགོས། གསུམ། ཀྲུང་གོའི་ཁྱད་ཆོས་དང་རྒྱལ་སྤྱིའི་སྒྲིག་སྲོལ་འབྲེལ་མཐུད་བྱེད་པ་རྒྱུན་འཁྱོངས་བྱེད་དགོས། བཞི། ཕྱི་ནང་དངུལ་གཏོང་གཅིག་གྱུར་ཡིན་པ་རྒྱུན་འཁྱོངས་བྱེད་དགོས་ཟེར།

ཚོགས་འདུར་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ཅི་པེན་ཞོན་གྱིས་འགོ་འཛིན་བྱས། གྲོས་ཚོགས་འགོ་རྩོམ་སྐབས་ཅི་པེན་ཞོན་གྱིས་བཤད་རྒྱུར། ཚེས་བརྒྱད་ཉིན་ནི་གསུམ་བརྒྱད་རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་ཡིན་པས། ང་ཚོས་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་མིང་ཐོག་ནས་བུད་མེད་འཐུས་མི་དང་བུད་མེད་ཨུ་ཡོན། བུད་མེད་བྱ་བ་སྒྲུབ་མཁན། དེ་མིན་རྒྱལ་ཡོངས་ཀྱི་རིགས་སོ་སོ་དང་ལས་རིགས་སོ་སོའི་བུད་མེད་དང་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་བུད་མེད་རྣམས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུ་བ་དང་སྨོན་འདུན་བཟང་བོ་ཞུས་པ་ཡིན་ཟེར།

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།